- bka' pod lnga/
- ID:
- T6258
- བཀའ་པོད་ལྔ (Tibetan, Tibetan script, Original)
- > bka' pod lnga/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kapönga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
the five volumes of teachings: 1) logic. ཚད་མ་. degree curriculum. 2) Madhyamika. དབུ་མ་. middle wa view. 3) Prajnaparamita. ཕར་ཕྱིན་. valid cognition. 4) Abhidharma-Kosha. མངོན་པ་མཛོད་. phenomenology. 5) Vinaya. འདུལ་བ་. Syn monastic discipline. གཞུང་པོ་ཏི་ལྔ་
- language:
- English
2. Ives Waldo Dictionary
-
the five volumes/kinds of teachings: 1) (logic ཚད་མ་, 2) madhyamika དབུ་མ་, 3) Prajnaparamita ཕར་ཕྱིན་ 4) abhidharma-kosha, མངོན་པ་མཛོད་ = abhidharma [philosophy of elements of existence], vinaya འདུལ་བ་ sm = monastic discipline
- language:
- English
-
the five volumes/ kinds of teachings:
- language:
- English
5. dung dkar bod rig pa'i tshig mdzod chen mo
དེ་སྔོན་བོད་དུ་བསྟན་པ་ཕྱི་དར་གྱི་འགོ་ཚུགས་པ་ནས་དགོན་སྡེ་ཆེ་ཆུང་སྣ་ཚོགས་ཇེ་རྒྱས་ཇེ་འཕེལ་དུ་སོང་སྟེ་ཁག་གཅིག་གིས་གཞུང་ཆེན་པོ་ལྔའི་སློབ་གཉེར་གཙོ་བོར་གནང་གི་ཡོད་པས་མཚན་ཉིད་ཀྱི་གྲྭ་ས་ཞེས་ཟེར་བ་དཔེར་ན་དབུས་གཙང་གདན་ས་ཆེན་པོ་དྲུག་སྟེ། ༡གསང་ཕུ། ༢བདེ་བ་ཅན་རྭ་སྟོད་གྲྭ་ཚང་། ༣་ཚལ་གུང་ཐང་། ༤པ་སྣམ་དགའ་གདོང་། ༥་སྐྱོར་མོ་ལུང་། ༦་ཟུལ་ཕུ་སོགས་ལྟ་བུ་མང་དུ་ཡོད། དགོན་སྡེ་ཁག་གཅིག་གིས་སྔགས་ཕྱོགས་གསར་རྙིང་གི་ཆོ་ག་ཕྱག་བཞེས་སོགས་གཙོར་འདོན་གནང་བས་སྔགས་སྡེའམ་སྔགས་གྲྭ་ཟེར་ཡང་དགོན་སྡེ་ཆེ་བ་ཁག་གཅིག་གིས་བཀའ་པོད་ལྔའི་སློབ་གཉེར་དང་། གསང་སྔགས་གསར་རྙིང་གི་ཆོ་ག་ཕྱག་བཞེས་ཟུང་འབྲེལ་གནང་བ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ལྟ་བུ་ཡང་མི་ཉུང་བ་ཡོད། བསྟན་པ་ཕྱི་དར་གྱི་དུས་དཀྱིལ་དུ་མཚན་ཉིད་ཀྱི་གྲྭ་ས་མང་དུ་ཡོད་པ་དེ་ཚོས་བཀའ་པོད་ལྔ་ལ་སློབ་གཉེར་གནང་རྒྱུ་གཙོ་བོར་ཤུགས་སྣོན་མཛད་ཀྱི་ཡོད་པ་དེར་རྒྱུ་མཚན་མང་པོ་ཡོད། ༡བཀའ་པོད་ལྔ་ནི་སྡེ་སྣོད་གསུམ་གྱི་སྡོམ་ཡིན་པ་སྟེ། ཚད་མ་དང་། དབུ་མ། མཛོད་གསུམ་ནི་མངོན་པའི་སྡེ་སྣོད་ཀྱི་སྡོམ། ཕར་ཕྱིན་ནི་མདོ་སྡེའི་སྡེ་སྣོད་ཀྱི་སྡོམ། འདུལ་བ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་ཀྱི་སྡོམ་ཡིན་པ་བཅས་རེད། ༢ལྟ་བ་སྒོམ་པ་སྤྱོད་པ་གསུམ་གྱི་དབང་དུ་བྱས་པའི་རྒྱུ་མཚན་ནི་ཐེག་པ་ཆེན་པོའི་ལྟ་བ་དབུ་མ་དང་ཚད་མ་གཉིས་ཀྱིས་བཤད་པ་དང་ཐེག་པ་ཆེན་པོའི་སྤྱོད་པ་ནི་ཕར་ཕྱིན་གྱིས་འཆད། ཐེག་པ་ཆུང་ངུའི་ལྟ་བ་དང་སྤྱོད་པ་གཉིས་མཛོད་ཀྱིས་འཆད། ཐེག་པ་ཆེ་ཆུང་གཉིས་ཐུན་མོང་གི་ཚུལ་ཁྲིམས་ནི་འདུལ་བས་འཆད། ཐེག་པ་ཆེ་ཆུང་གཉིས་ཀྱི་སྒོམ་པ་ནི་ལྟ་སྤྱོད་གཉིས་བཤད་པའི་ཞར་ལ་སྒོམ་གྱི་རྣམ་གཞག་ཀྱང་འཆད་པས་བཀའ་པོད་ལྔ་ལ་སློབ་སྦྱོང་བྱས་ན་ཐེག་པ་ཆེ་ཆུང་གཉིས་ཀའི་ལྟ་སྤྱོད་སྒོམ་གསུམ་གྱི་རྣམ་གཞག་མ་འདྲེས་པར་ཤེས་ཐུབ་པ་ཡིན། ༣ནང་པ་སངས་རྒྱས་པའི་གྲུབ་མཐའི་དབང་དུ་བྱས་པའི་རྒྱུ་མཚན་ནི། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ལ་བཞི་ཡོད་པ(བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ)སོ་སོའི་ལྟ་ཚུལ་རྣམས་ཐེམ་སྐས་ཀྱི་རིམ་པ་དང་འདྲ་བར་གོམ་པ་རིམ་བགྲོད་ཀྱིས་དབུ་མའི་ལྟ་བར་འཛེགས་ཐུབ་པའི་ཁྱད་ཆོས་ཡོད་པ་དེ་བཀའ་པོད་ལྔ་ལ་སློབ་སྦྱོང་ལེགས་པར་བྱེད་པའི་རྗེས་སུ་ཤེས་ཐུབ་པ་དེ་ཡིན། ༤ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པར་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ་འགྲན་ཟླ་མེད་པའི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས(ཀླུ་སྒྲུབ། ཐོགས་མེད། ཨརྱ་དེ་བ། དབྱིག་གཉེན། ཕྱོགས་གླང་། ཆོས་གྲགས། ཡོན་ཏན་འོད། ཤཱཀྱ་འོད)ཡིན་ཅིང་། ཀླུ་སྒྲུབ་ཡབ་སྲས་གཉིས་ཀྱི་གཞུང་ནི་དབུ་མ་དང་ཐོགས་མེད་སྐུ་མཆེད་གཉིས་ཀྱི་གཞུང་མངོན་པ་གོང་འོག་དང་། ཕྱོགས་གླང་དང་ཆོས་གྲགས་གཉིས་ཀྱི་གཞུང་ནི་ཚད་མ། ཡོན་ཤག་གཉིས་ཀྱི་གཞུང་ནི་འདུལ་བ་བཅས་ཡིན་པས། བཀའ་པོད་ལྔ་ལ་སློབ་སྦྱོང་བྱས་ན་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ་སློབ་གཉེར་བྱས་པ་ཡིན་ཐོགདེ་དག་གི་དགོངས་པ་མཐར་གཏུགས་ན་དབུ་མའི་ལྟ་བ་ལ་འབབ་ཀྱི་ཡོད་པའི་གནད་འགག་ལེགས་པར་ཤེས་ཐུབ་པ་བཅས་ཡིན། བཀའ་པོད་ལྔའི་འཆད་ཉན་བོད་དུ་ཇི་ལྟར་བྱུང་ཚུལ་སྐོར《དེབ་ཐེར་སྔོན་པོ》ལྕགས་དཔར་མའི་སྟོད་ཆ་ཤོག་གྲངས༣༩༩ནས༤༢༥བར་དང་། དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི《བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》ལྕགས་དཔར་མའི་ཤོག་གྲངས༡༦༥ནས༡༨༨བར་གཟིགས།
- language:
- Tibetan
bka' pod lnga/ has 1 other term directly related to it, which is presented here.