Skip to main content Skip to search
gcad/
ID:
T52812
  • གཅད (Tibetan, Tibetan script, Original)
    • > gcad/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ché (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Nathan Hill Verbinator

is the future tense of
gcod/

2. Jeffrey Hopkins Dictionary

གཅད། གཅོད། བཅད། ཆོད། 
Hopkins' Translations: to cut; decided; eliminate; judge; condemn

language:
Tibetan

3. Rangjung Yeshe Dictionary

f. of གཅོད་; fut. of གཅོད་

language:
English

4. Ives Waldo Dictionary

will cut [f གཅོད་

language:
English

5. Jim Valby Dictionary

dissolve, cut, chop off, exclusion (logical term, what is not a pot), SA gzhan sel, gcod pa, cutting

language:
English

6. dag yig gsar bsgrigs

is related to
gcod/, bcad/, chod/

( བྱེད་འབྲེལ་ལས་ཚིག མ་འོངས་པ )

language:
Tibetan
  • དངོས་རྫས་རིང་ བོ ་དུམ་བུར་གཏུབ་པའི་དོན་ཏེ། གཅད་བྱའི་ཤིང་ཞེས་པ་ལྟ་བུ།

    language:
    Tibetan
  • གཏན་ཁེལ་བྱེད་པ་སྟེ། ཐག་གཅད་བྱ། ཐག་བཅད་པའི་དོན། ཚིག་ཐག་མ་བཅད། ཐག་ཆོད། ཐག་མ་ཆོད། ཁོ་ཐག་བཅད། བློ་ཐག་བཅད། འགོ་ཁྲིད་པས་ང་སློབ་སྦྱོང་བྱེད་དུ་མངག་རྒྱུ་ཐག་བཅད། བྱ་བ་འདི་ཇི་ལྟར་བྱེད་རྒྱུ་ཚང་མས་གྲོས་བྱས་ནས་ཐག་བཅད་ལྟ་བུ།

    language:
    Tibetan
  • སྔོན་དུ་སོང་བའི་རྗེས་ལ་སྙེགས་པའི་དོན་ཏེ། རྗེས་མ་ཚོས་སྔོན་མའི་རྗེས་བཅད། རྗེས་གཅོད། རྗེས་ཆོད་ཅིག་ལྟ་བུ།

    language:
    Tibetan
  • གནས་ཚུལ་བརྟག་དཔྱད་དང་རྒྱུས་ལོན་བྱེད་པའི་དོན་ཏེ། རྩད་བཅད། རྟ་ ཞིག་བོར་བ་རྩད་གཅོད་དུ་སོང་། རྩད་བཅད་ནས་རྩད་ཆོད་ཡོད། རྩད་མ་ཆོད་ཅེས་པ་ལྟ་བུ།

    language:
    Tibetan
  • མཚམས་བཀག་ནས་སྔ་ཕྱི་འབྲེལ་དུ་མི་འཇུག་པའི་དོན་ཏེ། ནད་ཡམས་རྒྱུན་བཅད། ཆུ་རྒྱུན་མ་གཅོད། གོར་ནད་རྒྱུན་བཅད། ཕྱུགས་ཀྱི་ཁ་ཚ་ཨོལ་ཚ་ཧ་ཅང་ཇེ་ཉུང་དུ་བཏང་ཡང་ད་དུང་རྒྱུན་གཅོད་མ་ཐུབ། རྒྱུན་ཆོད་ཅིག་ལྟ་བུ།

    language:
    Tibetan
  • གོམས་འདྲིས་མི་ལེགས་པ་སོགས་ཕྱིན་ཆད་བྱེད་པ་སྤང་བའི་དོན་ཏེ། ཆང་བཅད། དུ་བ་བཅད། དུ་ནག་བཅད་ལྟ་བུ།

    language:
    Tibetan
  • བཀག་པའི་དོན་ཏེ། སྟག་ཁེར་ཉལ་གྱིས་ལུང་མདོ་བཅད་ཐུབ། ཝ་བུ་མང་གིས་ཁུང་སྒོ་མི་ཆོད། སྣ་ཁྲག་བཅད། ཁྲག་གཅོད། སྐྱེ་རྒྱུན་བཅད། འཁྲུ་བ་གཅོད། སྐྱུགས་པ་གཅོད་པའི་སྨན་ཞེས་པ་ལྟ་བུ།

    language:
    Tibetan
  • བསད་པའི་དོན་ཏེ། སྲོག་བཅད། སྲོག་གཅོད། མཁྲིས་པའི་ནད་ལ་ཆང་མཐུངས་ན། རང་སྲོག་རང་གིས་བཅད་དང་མཚུངས་ཞེས་པ་ལྟ་བུ།

    language:
    Tibetan
  • སྔར་ཕན་ཚུན་འབྲེལ་བ་ཡོད་པ་མཚམས་གཅོད་པའི་དོན་ཏེ། འབྲེལ་བ་བཅད། ཕྱི་འབྲེལ་གཅོད། བཟའ་ཟླའི་འབྲེལ་བ་མ་གཅོད་ལྟ་བུ།

    language:
    Tibetan
  • ༡༠ མེད་པར་གཏོང་བའི་དོན་ཏེ། དགྲ་བོ་ཚར་བཅད། ཚར་གཅོད་དགོས། ཚར་ཆོད་ཅིག་ལྟ་བུ།

    language:
    Tibetan
  • ༡༡ སོང་ནས་དམིགས་ཡུལ་ལ་སླེབས་པའི་དོན་ཏེ། ལོ་ལམ་ཟླ་བས་བཅད། ཟླ་ལམ་ཞག་གིས་བཅད། ཞག་ལམ་ཟ་མས་ ( དུས་ཐུང་ངུ་ཞིག ) བཅད། བྱ་རྒོད་ཀྱིས་གནམ་འཕང་བཅད། ཁྱིམ་བྱས་གནམ་འཕང་མི་ཆོད་ལྟ་བུ།

    language:
    Tibetan
  • ༡༢ དཔྱད་པ་གཏོང་བའམ་རྩོད་པ་བྱས་ནས་དོན་གཏིང་ཟབ་མོ་རྟོགས་པའི་དོན་ཏེ། དཔྱད་པ་མཐའ་ཆོད་པར་གཏོང་བ། དཔྱད་ཀྱད་མཐའ་མ་ཆོད། གཞུང་དོན་མཐའ་བཅད་ནས་བཤད་ལྟ་བུ།

    language:
    Tibetan
  • ༡༣ བུ་ག་སོགས་ཀྱི་འཇུག་སྒོར་དངོས་རྫས་བརྫངས་ནས་བཀག་པའི་དོན་ཏེ། བྱི་ཁུང་རྡོ་ཡིས་བཅད། དགྲ་ཁ་ཐལ་གྱིས་བཅད་ལྟ་བུ།

    language:
    Tibetan

7. smon lam tshig mdzod chen mo

(བྱེད་འབྲེལ་ལས་ཚིག) གཅོད་ཀྱི་མ་འོངས་པ། དངོས་རྫས་རིང་བོ་དུམ་བུར་གཏུབ་པའི་དོན་ཏེ།

Model Sentence

(དཔེར་ན།) གཅད་བྱའི་ཤིང་ཞེས་པ་ལྟ་བུ།

language:
Tibetan

8. Negi Tibetan-Sanskrit Dictionary

= གཅད་པ།

language:
Sanskrit

gcad/ has 4 other terms directly related to it, which are presented here.