Skip to main content Skip to search
ka cog zhang gsum/
ID:
T90
  • ཀ་ཅོག་ཞང་གསུམ (Tibetan, Tibetan script, Original)
    • > ka cog zhang gsum/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kachok zhangsum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Syn སྐ་ཅོག་ཞང་གསུམ་ Kawa Paltsek, Chok-ro Lui Gyaltsen, and Ma Rinchen Chok. སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། རྨ་རིན་ཆེན་མཆོག་

language:
English

2. Ives Waldo Dictionary

kawa paltseg, chok-ro lui gyaltsen, and ma rinchen chok

language:
English

3. bod rgya tshig mdzod chen mo

[2] སྐ་ཅོག་ཞང་གསུམ་དང་འདྲ།

language:
Tibetan

4. dung dkar bod rig pa'i tshig mdzod chen mo

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱོན་པའི་ལོ་ཙཱ་བ་གཞོན་གསུམ་སྟེ། འབྲོ་ཀ་བ་དཔལབརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་ཞང་ཡེ་ཤེས་སྡེ་བཅས་གསུམ་ཡིན། ཡོངས་གྲགས་ཀྱི་ལོ་རྒྱུས་ཡིག་ཆ་ཚང་མར་ཀ་ཅོག་ཞང་གསུམ་ཞེས་བརྗོད་བདེ་བའིདབང་དུ་བྱས་ནས་གོ་རིམ་དེ་ལྟར་མཛད་ཀྱང་། ཀ་བ་དཔལ་བརྩེགས་ཀྱིས་ཕྱོགས་བསྒྲིགས་མཛད་པའིདཀརཆག་ལྡན་དཀར་མལས། ཅོག་རོ་ལོ་ཙཱ་བའི་མཚན་སྨྲོས་པའི་ཚེ་སློབ་དཔོན་ཀླུའི་རྒྱལ་མཚན་ཞེས་དང་། ཞང་ལོ་ཙཱ་བ་ལ་མཁན་པོ་ཡེ་ཤེས་སྡེ་ཞེས་ཞེ་སའི་ཆེ་བརྗོད་ཡོད་པ་དང་། ཀ་བ་དཔལ་བརྩེགས་རང་ཉིད་ཀྱི་མཚན་སྨྲོས་པའི་ཚེ། སྒྲ་བསྒྱུར་གྱི་བན་དེ་དཔལ་བརྩེགས་ཞེས་སྤྱིར་བཏང་གི་མིང་ཐོག་ནས་བཀོད་གནང་མ། ཛད་ཡོད་པས་དེའི་གོ་རིམ་ལྟར་བྱས་ཚེ། ཞང་ཅོག་ཀ་གསུམ་ཞེས་བརྗོད་དགོས་པ་ལྟར་སྣང་ཞིང་། གསང་སྔགས་སྔ་འགྱུར་གྱི་ལོ་རྒྱུས་ཚང་མའི་ནང་ཀ་ཅོག་ཞང་གསུམ་མཁན་ཆེན་བོ་དྷི་སྭ་ཏྭ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། བཙན་པོ་ཁྲི་སྲོང་ལྡེ་བཙན་བཅས་སྐུ་འཚོ་བཞུགས་སྐབས་མཁན་སློབ་གཉིས་ཀའི་ལོ་ཙཱ་བ་མཛད་པ་མ་ཟད། མཁན་ཆེན་སྐུ་གཤེགས་རྗེས་རྒྱ་ནག་གི་སློབ་དཔོན་ཧ་ཤང་མ་ཧཱ་ཡ་ན་དང་། སློབ་དཔོན་ཀ་མ་ལ་ཤྰི་ལ་གཉིས་ཆོས་རྩོད་མཛད་ནས་ཧ་ཤང་ཕམ་པར་མཛད་པའི་རྗེས། ཆོས་རྩོད་ཀྱི་མཇུག་བསྡོམས་སུསྒོམ་རིམ་རྣམ་གསུམབརྩམས། དེའི་རིགས་པའིགཞུང་ལུགས་གསལ་བཤད་ཆེདདབུ་མ་སྣང་བབཅས་བརྩམས་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་གནང་བ་དེནསསྒོམ་རིམ་རྣམ་གསུམཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་ཞིངདབུ་མ་སྣང་བཀ་བ་དཔལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར་གནང་མཛད་པ་བཅས་ལ་གཞིར་བཟུང་ན། ཀ་ཅོག་ཞང་གསུམ་ཀ་མཁན་སློབ་ཆོས་གསུམ་ཞལབཞུགས་དུས་ཀྱི་ལོ་ཙཱ་བ་ཡིན་པར་ར་འཕྲོད་གསལ་པོ་བྱེད་ཐུབ་པ་ཡོད། འོན་ཀྱང་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་ཀ་ཅོག་ཞང་གསུམ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་མིན་པའི་རྒྱུ་མཚན་བཀོད་པའི་དཔྱད་གཏམ་སྣ་ཚོགས་འདུག་པ་འདིར་ཡིག་ཚོགས་ཆེ་བར་བསམ་ནས་བཀོད་མེད། ཉང་ཉི་མ་འོད་ཟེར་གྱིསམཛད་པའིཆོས་འབྱུང་མེ་ཏོག་སྙིང་པོཤོག་གྲངས་༤༢༠ལས། ཀ་ཅོག་ཞང་གསུམ་ནི་རྒྱལ་པོ་ཁྲི་སྲོང་ལྡེབཙན་གྱི་སྐུ་ཚེའི་སྨད་དུ་བྱོན་པའི་ལོ་ཙཱ་བ་ཡིན་པར་གསུངས་ཤིང་།མཁས་པའི་དགའ་སྟོནཤོག་གྲངས་༤༡༩པར། ཀ་ཅོག་ཞང་གསུམ་ཡང་རྒྱལ་པོ་ཁྲི་རལ་པཅན་གྱིས་འུ་ཤང་རྡོའི་ལྷ་ཁང་བཞེངས་ཟིན་པའི་སྐབས་དེ་ཤེད་དུ་མྱ་ངན་ལས་འདས་ནས་མཆོད་རྟེན་ཧས་པོ་རིའིསྐོར་དུ་བརྩིགས་ཞེས་གསལ་བ་ལྟར་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དགུང་ལོ་ཉི་ཤུ་རྩ་གཅིག་པར་མཁན་པོ་དང་སློབ་དཔོན་བོད་དུ་གདན་དྲངས་ཏེ་ཆོས་གསུངས་པའི་སྐབས་ནས་ཁྲི་རལ་པ་ཅན་གྱིས་འུ་ཤང་རྡོའི་ལྷ་ཁང་བཞེངས་གྲུབ་པའི་བར་ལོ་བརྒྱ་ཐམ་པ་ཡོད་པས་ཀ་ཅོག་ཞང་གསུམ་ཡང་དེ་ཙམ་གྱི་བར་བཞུགས་དགོས་པར་སྣང་ཞིང་། ཁྲི་སྲོང་ལྡེ་བཙན་སྐུ་ཚེའི་སྨད་ཀྱི་ལོ་ཙཱ་བ་ཡིན་ན་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་དུས་ཀ་ཅོག་ཞང་གསུམ་དགུང་ལོ་སུམ་ཅུ་ཡས་མས་ཞིག་ལས་ཕེབས་མེད་ཚོད་བཅས་བོད་ཀྱི་ལོ་རྒྱུས་ཐོག་ཀ་ཅོག་ཞང་གསུམ་ལ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་གཞོན་གསུམ་ཞེས་གསུང་སྲོལ་ཡོད་པ་ཡང་རྒྱུ་མཚན་ཡང་དག་པ་ཡོད་ངེས་ཡིན་སྙམ་པ་འདུག་ལགས་པས་དཔྱད་པར་ཞུའོ།

language:
Tibetan

5. Thupten Phuntsok Dictionary

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱོན་པའི་ལོ་ཙཱ་བ་གཞོན་ནུ་གསུམ་སྟེ། འབྲོ་ཀ་བ་དཔལ་བརྩེགས་དང་། ཅོག་རོང་ཀླུའི་རྒྱལ་མཚན། སྣ་ནམ་ཞང་ཡེ་ཤེས་སྡེ་བཅས་གསུམ་ཡིན་ནོ། ཞང་ཡེ་ཤེས་སྡེ་དང་བེ་རོ་ཙཱ་ན་མི་གཅིག་ཡིན།

language:
Tibetan

6. smon lam tshig mdzod chen mo

སྐ་ཅོག་ཞང་གསུམ་དང་འདྲ།

language:
Tibetan

ka cog zhang gsum/ has 1 other term directly related to it, which is presented here.