Skip to main content Skip to search
skad gsar bcad/
ID:
T8879
  • སྐད་གསར་བཅད (Tibetan, Tibetan script, Original)
    • > skad gsar bcad/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kesarché (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jeffrey Hopkins Dictionary

Hopkins' Translations: new language/vocabulary; new translation system

language:
English

2. Ives Waldo Dictionary

  • script revision, instituting a new language

    language:
    English
  • not easy to read and write old words gi zur dor te resolve into more modern readable words

    language:
    English

3. bod rgya tshig mdzod chen mo

[109] འབྲི་ཀློག་མི་བདེ་བའི་བརྡ་རྙིང་འགའ་ཞིག་གི་ཟུར་དོར་ཏེ་ཀློག་འདོན་བདེ་བའི་ཡིག་སྐད་གཏན་ལ་ཕབ་པ་དཔེར་ན་ད་དྲག་དོར་བ་དང་མྱེ་དང་འགྱོ་ཞེས་པ་མེ་དང་འགྲོ་ཞེས་པར་ཟོར་ཡང་དུ་བཏང་བ་ལྟ་བུ། ... ཡ་... ད་...

language:
English

4. dung dkar bod rig pa'i tshig mdzod chen mo

དེ་སྔོན་བཙན་པོ་གོང་མ་རིམ་བྱུང་གི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་ཟིན་པའི་བརྡ་རྙིང་པ་འགའ་ཞིག་གོ་བདེ་རུ་བཏང་བ་དང་ཡི་གེ་འགའ་ཞིག་ཟོར་ཡང་དུ་བཏང་བའི་བཀས་བཅད་གསར་པ་མཛད་པའི་དོན་ཡིན། དེ་ཡང་བོད་ཡིག་གི་ཡིག་སྲོལ་ཐོག་བཀས་བཅད་རིམ་པ་གསུམ་བྱུང་ཚུལ་ཞཱ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་དངོས་སློབ་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་དག་ཡིག་ལི་ཤིའི་གུར་ཁངལས་གསུངས་པ་ལྟར་ན། ཐོན་མི་སམ་ལྷོ་ཊ་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བར་ཐོག་མར་བསྒྱུར་བའི་གསུང་རབ་རྣམས་ཀྱི་འགྱུར་ནི་བཀས་བཅད་དང་པོའི་ལུགས་སུ་བསྒྱུར་བ། དཔེར་ནཕལ་ཆེནདང་།འདུལ་བ་ལུང་སྡེ་བཞི》《མདོ་སྡེཁག་གཅིགཤེར་ཕྱིན་གྱི་མདོའགའ་ཞིག་བཅས་ཡིན་པ་དང་། དེ་རྣམས་སུ་གསལ་བའི་བརྡ་རྙིང་པ་དང་བརྡ་གསར་པ་གཉིས་བསྡུར་ནས་གསལ་བཤད་མཛད་པ་ལྟ་བུ་ཡིན། བཀས་བཅད་གཉིས་པ་ནིསྒྲ་སྦྱོར་བམ་གཉིསསུ་གསལ་བའི་བརྡ་གསར་རྙིང་གི་བཀས་བཅད་མཛད་པ་དེ་ཡིན་ཅིང་། བོད་ཡིག་གི་ལོ་རྒྱུས་ཕལ་ཆེ་བའི་ནང་བཀས་བཅད་གཉིས་པ་འདི་བཙན་པོ་ཁྲི་རལ་པ་ཅན་གྱི་དུས་སུ་མཛད་པ་ཡིན་ཚུལ་གཅིག་གྱུར་ལྟ་བུར་གསལ་བ་དེ་ནི་མ་དག་རྒྱུན་འབྱམས་ཤིག་བྱུང་འདུག་ཀྱང་། ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའིབོད་ཀྱི་རྒྱལ་རབསསྡེ་དགེ་དཔར་མའི་ཤོག་གྲངས༡༩༩པར་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད། ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅེས་གསལ་བ་མ་ཟད།རྒྱ་བོད་ཡིག་ཚངལྕགས་དཔར་མའི་ཤོག་གྲངས༡༩༩ནས༢༠༠བར་ཁྲི་ལྡེ་སྲོང་བཙན་གྱི་མཛད་པའི་སྐབས་སུ་ཡང་གོང་དང་མཚུངས་པར་གསལ་བ་དེསྒྲ་སྦྱོར་བམ་གཉིསཀྱི་བརྗོད་དོན་དང་ཡོངས་སུ་མཐུན་ཞིང་། ཁྲི་ལྡེ་སྲོང་བཙན་དང་ཁྲི་རལ་པ་ཅན་གཉིས་ཡབ་སྲས་ཀྱི་འབྲེལ་བ་ཡིན་པརདབོན་ཞང་མཐུན་འབྲེལ་རྡོ་རིངགི་ཤར་ངོས་བོད་ཡིག་སྟར་ཕྲེང་སུམ་ཅུ་སོ་བཞི་པར། བཙན་པོ་ཡབ་འཕྲུལ་ཁྲི་ལྡེ་སྲོང་བཙན་གྱི་ཞལ་སྔ་ནས་ཞེས་གསལ་བར་འཁོད་ཡོད་པས།སྒྲ་སྦྱོར་བམ་གཉིསཀྱི་འགོར་གསལ་བོའི་བཙན་པོ་ཁྲི་ལྡེ་སྲོང་བཙན་ནི་ཁྲི་རལ་པ་ཅན་གྱི་ཡབ་ཡིན་པ་དང་། ཁོང་གི་དུས་སུ་བཀས་བཅད་གཉིས་པ་མཛད་པ་ཡིན་པར་གསལ་བཤད་བྱུང་ཡོད། བཀས་བཅད་འདི་མཛད་པའི་ལོ་དུས་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ས་སྟག(༧༩༨)ལོ་ནས་མེ་བྱ(༨༡༧)ལོའི་བར་དུ་སྲིད་དབང་བཟུང་བའི་བཞེད་པ་ལྟར་བྱས་ན་དེའི་རིང་ལ་རྟ་ལོ་སྔ་རྗེས་གཉིས་བྱུང་བའི་རྗེས་མ་ཤིང་རྟ(༨༡༤)ལོར་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་འོན་ཅང་རྡོ་ན་བཞུགས་པའི་དུས་སྐབས་དེར་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་སོགས་པཎྜི་ཏ་ལྔ་དང་། བོད་ཀྱི་རཏྣ་ར་ཀྴི་ཏ་དང་། དྷརྨ་ཏཱ་ཤི་ལ། ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་དང་། བྲང་ཏི་ཛ་ཡ་ར་ཀྴི་ཏ། དབས་མཉྫུ་ཤྲི་ཝརྨ། རཏནྡྲེ་ཤྰི་ལ་ལ་སོགས་པ་གདན་འཛོམས་པ་རྣམས་ལ་བཙན་པོས་བཀའ་ཕབ་པ་ལྟར་ཡིག་བསྒྱུར་གྱི་རྩ་དོན་ཆེན་པོ་གསུམ་དང་། ཡིག་སྒྱུར་གྱི་ཐབས་གཙོ་བོ་བཞི། ཡིག་སྒྱུར་སྐབས་དོ་སྣང་བྱ་དགོས་པ་བརྒྱད་བཅས་ཀྱི་རྩ་འཛིན་འདོན་པ་གནང་ཐོག། བཙན་པོ་དང་། བློན་ཆེན་བྲན་ཀ་དཔལ་གྱི་ཡོན་ཏན། བནྡེ་ཆེན་པོ་ཉང་ཏིང་འཛིན་བཟང་པོ་སོགས་བློན་པོ་གཙོ་ཆེ་བ་ཐམས་ཅད་འཚོགས་པའི་སར་སྙན་ཞུ་ཕུལ་བ་ལྟར་བཀས་བཅད་མཛད་པ་ཡིན་ཅིང་། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་ཡིག་སྒྱུར་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་རྣམས་ཕྱོགས་བསྡོམས་བྱས་ཏེ་གཏན་ལ་ཕབ་པའི་ལས་དོན་རླབས་ཆེན་ཞིག་ཡིན་ཅིང་། ཞིབ་པརསྡེ་དགེ་བསྟན་འགྱུརསྣ་ཚོགས་སྡེ་ཚན་གྱི་པོད[ཅོ]པར་བཞུགས་པའིསྒྲ་སྦྱོར་བམ་གཉིསདང་གཤམ་གསལ་ཡིག་སྒྱུར་སྐོར་གྱི་མིང་དང་ཚིག་གི་འགྲེལ་པ་ཁག་ལ་གཟིགས།

language:
Tibetan

5. Thupten Phuntsok Dictionary

འབྲི་ཀློག་མི་བདེ་བའི་བརྡ་རྙིང་འགའ་ཞིག་གི་ཟུར་དོར་ཏེ་ཀློག་འདོན་བདེ་བའི་ཡིག་སྐད་གཏན་ལ་ཕབ་པ་གསུམ་སྟེ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནས་མངའ་བདག་ཁྲི་རལ་པ་ཅན་ཡན་ཆད་དུ་སྐ་ཅོག་ཞང་གསུམ་ལ་སོགས་པས་བཀས་བཅད་ལན་གཉིས་བྱས་ཤིང་བཀས་བཅད་གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་བྱོན་པའི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ནས་དྷརྨ་པཱ་ལ་བྷ་དྲའི་བར་དུ་བྱོན་པ་རྣམས་ཀྱིས་བྱས་པ་ཡིན།

language:
Tibetan

6. smon lam tshig mdzod chen mo

འབྲི་ཀློག་མི་བདེ་བའི་བརྡ་རྙིང་འགའ་ཞིག་གི་ཟུར་དོར་ཏེ་ཀློག་འདོན་བདེ་བའི་ཡིག་སྐད་གཏན་ལ་ཕབ་པ་དཔེར་ན་ད་དྲག་དོར་བ་དང་མྱེ་དང་འགྱོ་ཞེས་པ་མེ་དང་འགྲོ་ཞེས་པར་ཟོར་ཡང་དུ་བཏང་བ་ལྟ་བུ།

language:
Tibetan