- skad gnyis smra ba/
- ID:
- T8747
- སྐད་གཉིས་སྨྲ་བ (Tibetan, Tibetan script, Original)
- > skad gnyis smra ba/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kenyi mawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
bilingual. Lotsawa, translators
- language:
- English
-
lotsawa. 'bilingual.' translator; one who has mastered two languages, interpreter
- language:
- English
3. bod rgya tshig mdzod chen mo
[107]Â སྐད་རིགས་མི་འདྲ་བ་གཉིས་ཤེས་པའི་ལོ་ཙཱ་བ་སྟེ།Â སྐད་སྒྱུར་མཁན།Â ...
- language:
- English
4. dung dkar bod rig pa'i tshig mdzod chen mo
ལོ་ཙཱ་བའི་མིང་གི་རྣམ་གྲངས་སྟེ། ལོ་ཙཱ་བ་ཞེས་པའི་རྒྱ་གར་སྐད་ཀྱི་གོ་དོན་བོད་སྐད་དུ་བསྒྱུར་ན་འཇིག་རྟེན་གྱི་མིག་ཅེས་ཟེར། དེ་ཡང་མི་རིགས་ཁག་གི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ནི་རང་གི་མི་རིགས་ཀྱི་སྐད་ཡིག་ཐོག་ནས་མི་རིགས་གཞན་དང་རྒྱལ་ཁབ་གཞན་དག་གི་རིག་གནས་ཤེས་ཡོན་རྣམས་སོ་སོའི་མི་རིགས་རྣམས་ལ་ཚིག་དོན་ཆ་ཚང་བར་བརྡ་སྤྲོད་མཛད་དེ་ཤེས་ཡོན་ཕུན་སུམ་ཚོགས་པའི་བློ་གྲོས་ཀྱི་མིག་སྦྱིན་པར་མཛད་པ་པོ་ཡིན་པའི་ཆ་ནས་འཇིག་རྟེན་གྱི་མིག་དང་། ལོ་ཙཱ་བ་ཞེས་ཆེ་འབོད་ཀྱི་བསྔགས་བརྗོད་ཞུས་པའི་མཚན་ཡིན། དེ་སྔོན་བོད་ཀྱི་ལོ་ཙཱ་བ་དང་པཎྜི་ཏའི་ཐོག་མ་ནི་ཐོན་མི་སམ་ལྷོ་ཌ་ཡིན་ཅིང་། དེ་ནས་དུས་རབས་བརྒྱད་པའི་འགོར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་རིང་བསམ་ཡས་གཙུག་ལག་ཁང་གསར་བཞེངས་གྲུབ་རྗེས་གླིང་བཅུ་གཉིས་ཀྱི་ནང་ཚན་སྒྲ་བསྒྱུར་རྒྱ་གར་གླིང་དུ་ཡིག་བསྒྱུར་ཁང་འཛུགས་གནང་ཐོག། ཤེས་རིག་གསལ་ཞིང་སྨྲ་བརྗོད་བདེ་བའི་བྱིས་པ་བརྒྱ་དང་བརྒྱད་བསྡུས་ནས་ལོ་ཙཱ་བ་གསོ་སྐྱོང་གནང་སྟེ། དེ་ནས་ཐོན་པ་རྣམས་ལ་མཁྱེན་ཡོན་གྱི་གནས་ཚད་རིམ་པ་གསུམ་དུ་ཕྱེ་ནས་བསྒྱུར་ཞུས་ཀྱི་ལས་བགོས་མཛད་ཡོད་པ་སྟེ། ༡ཞུས་ཆེན་གྱི་ལོ་ཙཱ་བ། ༢བར་ཞུས་ཀྱི་ལོ་ཙཱ་བ། ༣མཆན་བུའི་ལོ་ཙཱ་བ་བཅས་ཡིན། དང་པོ། ཞུས་ཆེན་གྱི་ལོ་ཙཱ་བ་ནི། ལོ་ཙཱ་བ་གཞན་དག་གིས་ཡིག་བསྒྱུར་བྱས་ཟིན་པའི་མ་ཡིག་ལ་ཚིག་དང་དོན་གཉིས་ཀའི་ཐད་ནས་ཞུས་དག་ཐ་མ་དེ་གནང་ནས་འགྲེམས་སྤེལ་བྱེད་ཆོག་པའི་གཏན་འབེབས་མཛད་མཁན་ཡིན། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ལོ་ཙཱ་བ་བརྒྱ་ལྷག་ཙམ་གསོ་སྐྱོང་གནང་བའི་ནང་ནས་ཞུས་ཆེན་ཕེར་བའི་ལོ༌ཙཱ་བ་བཅོ་ལྔ་ཡོད་པ་སྟེ། ༡ལྕེ་ཛྙ་ན་སི་དྷི། ༢བྲང་ཏི་ཛ་ཡ་རཀྴི་ཏ། ༣པ་གོར་བེེ་རོ་ཙ་ཎ། ༤གཉགས་ཛྙ་ན་ཀུ་མ་ར། ༥འཁོན་ཀླུའི་དབང་པོ། ༦རྨ་རིན་ཆེན་མཆོག༧ཁ་ཆེ་ཨ་ནནྟ། ༨སྐ་བ་དཔལ་བརྩེགས། ༩ཅོག་རོ་ཀླུའི་རྒྱལ་མཚན། ༡༠ཞང་ཡེ་ཤེས་སྡེ། ༡༡་དབས་འཇམ་དཔལ་གོ་ཆ། ༡༢རཏྣ་ཨིནྡྲ་ཤྰི་ལ་། ༡༣སྣ་ནམ་རྡོ་རྗེ་བདུད་འཇོམས། ༡༤ངན་ལམ་རྒྱལ་བ་མཆོག་དབྱངས། ༡༥ཉང་ཏིང་འཛིན་བཟང་པོ་བཅས་ཡིན། གཉིས་པ། བར་ཞུས་ཀྱི་ལོ་ཙཱ་བ་ནི། ལོ་ཙཱ་བ་གཞན་དག་གིས་ཐེངས་དང་པོར་བསྒྱུར་ཟིན་པའི་མ་ཡིག་ཁག་ལ་ཞུས་དག་ཐེངས་གཉིས་པ་གཏོང་མཁན་ཡིནགསུམ་པ། མཆན་བུ་ལོ་ཙཱ་བ་ནི། གོང་རིམ་ལོ་ཙཱ་བའི་འགོ་ཁྲིད་ནས་ལས་བགོས་གནང་བའི་མ་ཡིག་ནས་བོད་སྐད་ཐོག་ཐེངས་དང་པོར་སྒྱུར་མཁན་གྱི་ལོ་ཙཱ་བ་ཡིན་ཅིང་། མིང་གཞན་ལོ་ཆུང་ཡང་ཟེར། དེ་སྔོན་བོད་དུ་བསྟན་པ་སྔ་དར་གྱི་ལོ་ཉིས་བརྒྱ་བཅུ(རབ་བྱུང་མ་ཚུགས་གོང་གི་དྲུག་ཅུ་སྐོར་བདུན་པའི་ལྕགས་ཡོས་སྤྱི་ལོ༦༣༡ལོ་ནས་དྲུག་ཅུ་སྐོར་བཞི་པའི་ལྕགས་བྱ་སྤྱི་ལོ༨༤༡ལོ)བར་ཐོན་མི་སམ་བྷོ་ཊ་ནས་ནམ་མཁའ་སྐྱོང་གི་བར་ལོ་ཙཱ་བ་གྲངས༥༦《བུ་སྟོན་ཆོས་འབྱུང》ནང་མཚན་གསལ་ཞིང་། དེ་སྟེང《ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང》ནས་ཁ་བསྐང་བ། གཉས་ལོ་དྲི་མེད་ཤ་དྷ་ར་ནས་དྷརྨ་ཨ་ཙརྱ་བཅས་བཅུ་བདུན་བསྣན་པའི་ལོ་ཙཱ་བ་བདུན་ཅུ་དོན་གསུམ་བྱུང་། ལོ་ཙཱ་བ་དེ་རྣམས་བཙན་པོའི་སྲིད་གཞུང་གིས་ཆེད་གཉེར་གསོ་སྐྱོང་བྱས་པ་ཞིག་ཡིན་པ་མ་ཟད། ཁག་གཅིག་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་བཏང་བ་རྣམས་ཀྱང་སྲིད་གཞུང་གིས་གྲོན་དངུལ་བཏང་བ་ཤ་སྟག་ཡིན། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་སྲིད་དབང་བཟུང་རིང《ཐང་དེབ་གསར་རྙིང》ལྟར་ན། སྤྱི་ལོ༧༩༨ནས༨༡༥བར་ལ་རྟ་ལོ་སྔ་རྗེས་གཉིས་བྱུང་བའི་རྟ་ལོ་སྔ་མ་ནི། ཆུ་རྟ(༨༠༢)ལོ་དང་། རྟ་ལོ་རྗེས་མ་རི་ཤིང་རྟ(༨༡༤)ལོ་ཡིན་པས། རྟ་ལོ་རྗེས་མ་དེར་ཕོ་བྲང་འོན་ཅང་རྡོ་ན་བཞུགས་པའི་སྐབས་སུ། རྒྱ་གར་གྱི་པཎྜི་ཏ་ཛི་ན་མི་ཏྲ་སྲོགས་ལྔ་དང་། བོད་ཀྱི་ལོ་ཙཱ་བ་ཛྷ་ན་སེ་ན་སྟེ་ཞང་ཡེ་ཤེས་སྡེ་དང་། བྲང་ཏི་ཛ་ཡ་རཀྴི་ཏ། དབས་འཇམ་དཔལ་གོ་ཆ། རཏྣ་ཨིནྡྲ་ཤྰི་ལ་སོགས་ཀྱིས་ཆོས་སྐད་སོགས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་ཐབས་ཀྱི་ཉམས་མྱོང་དང་བསླབ་བྱ་གཞིར་བཞག་ནས་བཀས་བཅད་བར་པ་མཛད་ཐོགཡིག་བསྒྱུར་གྱི་རྩ་དོན་ཆེན་པོ་གསུམ་དང་། བསྒྱུར་ཐབས་བཞི། དོ་སྣང་བྱེད་དགོས་པའི་དོན་ཚན་བཞི་བཅས་གཏན་འབེབས་དང་། དེའི་ཚིག་མཛོ་ཐོག་མ《སྒྲ་སྦྱོར་བམ་པོ་གཉིས་པ》མཛད་པ་བཅས་ཡིག་བསྒྱུར་གྱི་ཚད་ལྡན་རིག་པའི་གཞུང་ལུགས་ཐོག་མར་བྱུང་། དེ་ནས་རྒྱལ་པོ་ཁྲི་རལ་པ་ཅན་གྱིས་སྲིད་དབང་བཟུང་(༨༡༥ནས༨༤༡ལོའི་བར)ནས་ལོ་ཉི་ཤུ་རྩ་བདུན་ལ་སླེབས་སྐབས་གཅུང་གླང་དར་མས་བཀྲོངས་ཤིང་། དེ་ནས་ལོ་ངོ་གཉིས་ཙམ་སོང་དུས་ནང་བསྟན་ཆོས་ལུགས་བསྣུབས་པ་ནས་ལོ་ངོ་བརྒྱ་དང་དགུ་སོང་བ་ས་བྱ(༩༤༩)ལོར་བསྟན་པ་ཕྱི་དར་གྱི་འགོ་ཚུགས། དེ་ནས་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས(༡༩༥༡)ལོར་མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་གཤེགས་པའི་བར་ལོ་གྲངས་ཆིག༌སྟོང་བརྒྱ་མེད་བཅུ་མེད་གསུམ་གྱི་རིང་ལོ་ཙཱ་བ་ཇི་ལྟར་བྱོན༌པའི་མཚན་ཐོ《བུ་སྟོན་ཆོས་འབྱུང》ལྕགས་དཔར་མའི་ཤོག༌གྲངས༢༠༨ནས་གསལ་བ་གྲངས༡༣༧བར་དང་། 《ཉང༌ཉི་མ་འོད་ཟེར་གྱི་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༣༩༢ནས་མཚན་གསར་དུ་ཐོན་པ༡༨དགའ་ལྡན༌ཁྲི་ཆེན་འོད་ཟེར་གྱིས་རབ་བྱུང་དགུ་པའི་མེ་བྱི(༡༥༡༦)ལོར་མཛད་པའི《བསྟན་རྩིས་གསལ་བའི་སྒྲོན་མེ》དབུ་མེད་བྲིས་མའི་ཤོག་ཤོག་གྲངས༡༤༣པར་མཚན་གསར་དུ་ཐོན༌པ་༡༦《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་དཔར་མ་སྟོད་ཆའི་གྲངས༥༢༦ནས་ཤོག་གྲངས༥༣༢བར༌མཚན་གསར་དུ་ཐོན་པ༧གོང་གསལ་དེ་དག་གི་ནང་མཚན་མ་འཁོད་པ། སྐྱོགས་ལོ་རིན་ཆེན་བཀྲ་ཤིས། སྨིན༌གྲོལ་གླིང་ལོ་ཆེན་དྨརྨ་ཤྲི། སི་ཏུ་ཆོས་ཀྱི་འབྱུང་གནས། འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ། མཁས་དབང་དགེ་འདུན་ཆོས་འཕེལ་བཅས་ལྔ་བསྣན་པས་ཁྱོན་བསྡོམས་བསྟན་པ་ཕྱི་དར་གྱི་སྐབས་བྱོན་པའི་རང་རིགས་ཀྱི་ལོ་ཙཱ་བ༌མི་གྲངས་བརྒྱ་དང་བརྒྱད་ཅུ་གྱ་ལྔ་བྱུང་ཡོད་ཅིང་། དེ་རྣམས་ཀྱི་ནང་ནས་ལོ་ཆེན་རིན་ཆེན་བཟང་པོ་ནས་ཤོང་ལོ༌རྡོ་རྗེ་རྒྱལ་མཚན་གྱི་བར་ལོ་ཙཱ་བ་བརྒྱ་དང་ལྔ་བཅུ་ང་དྲུག༌ཡོད་པའི་ཁོངས་ནས་རེ་གཉིས་མ་གཏོགས་ཚང་མ་རྒྱ་གར༌དང་། ཁ་ཆེའི་ཡུལ། བལ་ཡུལ་བཅས་སུ་ཕེབས་ནས་སློབ༌གཉེར་ཐོན་པ་ཤ་སྟག་ཡིན་ལ། དེའི་རྒྱུ་མཚན་ནི་རབ་བྱུང་། གསུམ་པའི་ལྕགས་བྱ(༡༢༠༡)ལོར་ཁ་ཆེའི་རྒྱལ་པོ་ཤི་ཧཱ་བུ་དིན་གྱི་དམག་གིས་རྒྱ་གར་ནུབ་ཕྱོགས་དང་དབུས་ཁུལ་དུ་དམག་དྲངས་ཏེ་ནང་བསྟན་ཆོས་ལུགས་ཀྱི་གནས་བཞི་གཙོ་བོ་ན་ལེནྡྲན་དང་། ཨོ་ཏན་པུ་རི་སོགས་བཅོམ། སྐུ་རྟེན་རིན་ཐང་ཅན་རྣམས་འཁྱེར། གསུང་རབ་གང་ཡོད་ཐམས་ཅད་ཀྱང་མེ་ལ་བསྲེགས་པ་བཅས་ནང་བསྟན་ཆོས་ལུགས་རྩ་མེད་དུ་བསྣུབས་ཐོག། རྒྱ་གར་དབང་འོག་ཏུ་བསྡུས་པ་དེ་ནས་བཟུང་བོད་ནས་རྒྱ་གར་ལ་ལོ་ཙཱ་བ་སློབ་སྦྱོང་དུ་ཕེབས་པའི་མཚམས་ཆོད་པ་ཡིན། གོང་གསལ་ལོ་ཙཱ་བ་དེ་དག་ཚང་མས་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཆེན་པོ་ལྔ་དང་། གསང་སྔགས། སྒྲ། སྙན་ངག། སྐར་རྩིས། གསོ་བ་རིག་པ་སོགས་ཀྱི་གཞུང་ཧ་ཅང་མང་པོ་ཞིག་རྒྱ་གར་སྐད་དང་། རྒྱ་ནགཁ་ཆེ། ལི་ཡུལ་བཅས་ཀྱི་སྐད་ནས་བོད་སྐད་དུ་བསྒྱུར་ཞིང་། མང་པོ་ཞིག་ནི་མི་རིགས་གཞན་དག་གི་སྐད་ནས་བོད་སྐད་དུ་བསྒྱུར་བའི་རྣམ་པ་མེད་པར་མི་རིགས་རང་ཉིད་ཀྱི་རྩོམ་པ་པོས་བརྩམས་པ་དང་ཁྱད་པར་འབྱེད་མི་ཐུབ་པ་ལྟ་བུའི་ཡིག་བསྒྱུར་གྱི་ཆུ་ཚད་ཧ་ཅང་མཐོན་པོ་ཡོད་པ། དཔེར་ན། རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་སུ་འགོས་ལོ་ཙཱ་བ་ཆོས་གྲུབ་ཀྱིས་རྒྱ་ནག་དང་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བའི《མདོ་མཛངས་བླུན》དང་། འགྲོ་མགོན་འཕགས་པས་བོད་ཀྱི་སྲིད་དབང་བཟུང་བ་གནང་སྐབས་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་དང་། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བསྒྱུར་བའི《སྐྱེས་རབས་སོ་བཞི་པ》ལྟ་བུ་མི་ཉུང་བ་ཞིག་ཡོད། ལོ་ཙཱ་བ་དེ་དག་གི་ནང་ནས་ཉུང་ཤས་ཤིག་བོད་ས་གནས་རང་དུ་སློབ་སྦྱོང་མཛད་ནས་ལོ་ཙཱ་བ་མཁས་པར་གྱུར་པ་ཕུད། མང་ཆེ་བ་ནི་རྒྱ་གར་དང་། བལ་ཡུལ། ཁ་ཆེ། ལི་ཡུལ། རྒྱ་ནག་བཅས་སུ་ཁུར་པོ་སྒལ་པར་བསྣམས་ནས་རྐང་ཐང་མར་ཕེབས་ཏེ་ལམ་བར་དུ་དུག་སྦྲུལ་དང་། གཅན་གཟན། ཆུ་བོ། གཡང་གཟར། ཆོམ་རྐུན། ཚ་བ། བཀྲེས་ལྟོགས་བཅས་སྲོག་ལ་ཐུག་པའི་དཀའ་ངལ་མང་པོ་རང་ཉིད་ཀྱི་ལུས་ཐོག་ཏུ་མྱོང་དགོས་པ་ལས། དེང་སང་ལྟ་བུའི་འགྲིམ་འགྲུལ་བདེ་པོ་དང་། འཚོ་བའི་འགྲོ་གྲོན་སྲིད་གཞུང་གི་རོགས་རམ་སོགས་གང་ཅིའི་ཐད་ཆ་རྐྱེན་གཏན་ནས་མེད་པའི་གནས་ཚུལ་འོག་ལོ་བཅུ་དང་ཉི་ཤུ་ལྷག་ཙམརིང་དཀའ་སྤྱད་འབད་བརྩོན་གྱིས་སློབ་གཉེར་མཐར་སོནཔ་གནང་ནས་བོད་དུ་ཕེབས་ཏེ་དེང་རབས་འཛམ་གླིང་ཐོག་སྙན་གྲགས་ལྡན་པའི་རིག་གནས་ཀྱི་ཤུལ་རྒྱུན་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཞིག་རང་ཅག་ཕྱི་རབས་ཀྱི་མི་རྣམས་ལ་འཇོག་གནང་མཛད་པའི་བཀའ་དྲིན་ནི་སུས་ཀྱང་གཞལ་བར་དཀའ་བ་ཡིན། རྒྱལ་ནང་དུ་ལོ་ཙཱ་བའི་བྱུང་རབས་ནི། གུང་མགོན་པོ་སྐྱབས་ཀྱིས་མཛད་པའི《རྒྱ་ནག་ཆོས་འབྱུང》ལས་གསལ་བ་ལྟར་ན། ཧན་ཤར་མའི་རྒྱལ་རབས་ཀྱི་གོང་མ་ཧན་མིང་དྷི(汉明帝)རྒྱལ་པོའི་ཡུང་ཕིང་ཁྲི་ལོ་བཅུ་པ་མེ་ཡོས(༦༧)ནས་ཐང་རྒྱལ་རབས་ཀྱི་གོང་མ་ཞོན་ཛུང(玄宗)གི་ཁའི་ཡོན་ཁྲི་ལོ་བཅོ་བརྒྱད་པ་ལྕགས་རྟ(༧༣༠)ལོའི་བར་ལོ་དྲུག་བརྒྱ་རེ་གསུམ་གྱི་རིང་ལ་རྒྱ་ཡི་ལོ་ཙཱ་བ་མཁས་པ་བརྒྱ་དང་བདུན་ཅུ་དོན་དྲུག་བྱུང་། དེ་ནས་ཐང་ཏེ་ཙུང(唐德宗)གི་ཀྲེན་ཡོན་ཁྲི་ལོ་ལྔ་པ་ས་འབྲུག(༧༨༨)ལོའི་བར་ལོ་དྲུག་ཅུའི་རིང་ལ་ལོ་ཙཱ་བ་བརྒྱད། དེ་ནས་ལོ་བརྒྱ་དང་དགུ་བཅུ་གོ་གསུམ་རིང་ལོ་ཙཱ་བ་གསར་པ་མེད་ཅིང་། དེ་རྗེས་སུང་རྒྱལ་རབས་ཀྱི་ཐའི་ཙུང(太宗)རྒྱལ་པོའི་ཐའེ་ཕིན་ཤིན་གོ(太平兴国)ཁྲི་ལོ་བདུན་པ་ཆུ་རྟ(༩༨༢)ལོ་ནས་སུང་ཀྲེན་ཙུང་གི་ཏཱ་ཀྲུང་ཤིང་ཧྥུ(大中祥符)ཁྲི་ལོ་བཞི་པ་ལྕགས་ཕག་(༡༠༡༡)བར་ལོ་ཉི་ཤུ་རྩ་དགུའི་རིང་ལོ་ཙཱ་བ་དྲུགདེ་ནས་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན(忽必烈)གྱི་ཀྲི་ཡུའན་ཁྲི་ལོ་ཉི་ཤུ་རྩ་གཉིས་པ་ཤིང་བྱ་(༡༢༨༥)ལོའི་བར་ལོ་ཉིས་བརྒྱ་ལྔ་བཅུ་ང་གསུམ་གྱི་རིང་ལ་ལོ་ཙཱ་བ་བཞི་བཅས་ཁྱོན་བསྡོམས་ལོ་ཆིག་སྟོང་བརྒྱ་དང་དགུ་བཅུ་གོ་བདུན་རིང་ལ་ལོ་ཙཱ་བ་བརྒྱ་དང་དགུ་བཅུ་གོ་བཞི་བྱུང་བའི་ངོ་གྲངས་ཙམ་མ་གཏོགས་དེ་དག་སུ་དང་སུཡིན་བཀོད་མེད་པ་དང་། མིང་རྒྱལ་རབས་དང་། མན་ཆིང་རྒྱལ་རབས་ཀྱི་སྐབས་ལོ་ཙཱ་བ་ཇི་ཙམ་བྱུང་ཡོད་མེད་རྐང་གྲངས་ཙམ་ཡང་མི་སྣང་ལ། བོད་ཀྱི་ལོ་ཙཱ་བ་མི་ཉུང་བ་ཞིག་གི་ལོ་རྒྱུས་དང་། ཁོང་རྣམ་པས་བསྒྱུར་བ་གང་དང་གང་ཡོད་སྐོར《ཆོས་འབྱུང་མཁས་པའི་དགའ་སྟོན)ལྕགས་དཔར་མའི་སྟོད་ཆའི་ལེའུ་བཞི་པ། 《ལོ་པཎ་ཆོས་འབྱུང》ཤོག་གྲངས༥༠༩ནས༥༣༣བར་དང་། 《སྡེ་དགེ་བཀའ་འགྱུར་དཀར་ཆག》ལྕགས་དཔར་མའི་ཤོག་གྲངས་༣༡༩ནས༤༤༦བར་དང་། 《སྡེ་དགེ་བསྟན་འགྱུར་དཀར་ཆག》ལྕགས་དཔར་མའི་གྲངས༦༠༥ནས༨༤༧བར་གསལ་བས་དེ་དག་ཏུ་གཟིགས་པར་ཞུ།
- language:
- Tibetan
5. Thupten Phuntsok Dictionary
སྐད་རིགས་མི་འདྲ་བ་གཉིས་ཤེས་པའི་ལོ་ཙཱ་བ་སྟེ། སྐད་སྒྱུར་མཁན།
- language:
- Tibetan
6. smon lam tshig mdzod chen mo
སྐད་རིགས་མི་འདྲ་བ་གཉིས་ཤེས་པའི་ལོ་ཙཱ་བ་སྟེ། སྐད་སྒྱུར་མཁན།
- language:
- Tibetan