- stag lung pa/
- ID:
- T78376
- སྟག་ལུང་པ (Tibetan, Tibetan script, Original)
- > stag lung pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > taklungpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
སྟག་ལུང་ཐང་པ་ཆེན་པོ་བཀྲ་ཤིས་དཔལ་བས་རབ་བྱུང་གསུམ་པའི་ལྕགས་བྱི(༡༡༨༠)ལོ་ལ་སྟག་ལུང་གི་དགོན་པ་བཏབ་སྟ་གནས་གཞི་བཟུང་ཞིང་དར་སྤྲས་རོང་གསུམ་དབང་དུ་བསྡུས་པས་སྡེ་གཙུག་ལག་ཁང་གཉིས་ཀྱི་བདག་པོར་གྱུར། ཏཱ་མིང་ཡུང་ལོ་རྒྱལ་པོས་སྟག་ལུང་ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས་ལ་དབང་གི་འཇའ་ས་སྤྲད་ཅིང་། འདི་པ་རྗེ་ཙོང་ཁ་པ་དང་དུས་མཚུངས། དབོན་པོ་ཆོས་རྗེ་བཀྲ་ཤིས་དཔལ་འོད་པས་ཙོང་ཁ་པ་ལས་ཆོས་ཞུས་ཏེ་སློབ་མར་གྱུར་ཐོག དགེ་ལུགས་པ་དང་འབྲེལ་བ་བཟང་། དེའི་དབོན་ཆོས་རྗེ་ངག་དབང་གྲགས་པ་དང་། ཧོར་ཁང་པ་ཚེ་དབང་གྲགས་པ་སྤུན་མཆེད་ཀྱི་དུས་སྟག་ལུང་པའི་ཆོས་བརྒྱུད་དར་རྒྱས་བྱུང་བ་མ་ཟད། སྲིད་ཀྱི་ཕྱོགས་ནས་སྟོབས་འབྱོར་ཆེ་བ་དང་རྟེན་བཞེངས་རྒྱ་ཆེ། དེ་ལ་དབོན་པོ་བཀྲ་ཤིས་དཔལ་བ་དང་། གཅུང་བསོད་ནམས་གྲགས་པ་གཉིས་བྱུང་བའི་ཐོག་མར་གཅེན་པོ་ལ་གདན་ས་གཏད་རྐྱེན་མེད་པར་གཅུང་ལ་གདན་ས་གཏད་ཅིང་། རྗེས་སུ་སླར་ཡང་གཅུང་གདན་སར་ཡོད་པ་ལ་རྩོད་པ་ཆེན་པོ་བསླངས(འདི་སྔར་སྟག་ལུང་པ་རྣམས་སྔ་གོང་སངས་རྒྱས་ཡར་བྱོན་གྱི་དབོན་པོ་བཀྲ་ཤིས་བླ་མ་དང་སངས་རྒྱས་དཔལ་བ་གཉིས་གདན་ས་སུ་ཐོབ་ལ་རྩོད་པའི་ལེ་ལན་ཡིན་ཟེར)གཅུང་བསོད་ནམས་གྲགས་པ་གཤེགས་ནས་གཅེན་པོ་ཀུན་སྤངས་བཀྲ་ཤིས་དཔལ་བ་ཉིད་སྟག་ལུང་གི་གདན་སར་ཡུན་རིང་བཞུགས་ཤིང་། ལྷ་ཆེན་བཞེངས་པ་དང་། རི་བོ་ཆེའི་དགོན་པ་བཏབ་པ་སོགས་ཆོས་སྲིད་གཉིས་ཀའི་ཐད་ནས་སྟོབས་ཆེ་བ་གྱུར། སྟག་ལུང་པ་ལ་ཡང་ཐམ་ག་སྟག་མགོ་མ་ཡོད་ཅིང་། འབྲི་གུང་པ་དང་སྟག་ལུང་པ་སྟོབས་ཤུགས་ཆེ་མཉམ་དུ་ཡོད་པ་ལ་སྟག་ལུང་པའི་ཞལ་ངོ་ཅིག་གིས་ཆུ་རྟ་ལོ་ལ་ཐོག་ཁ་ནང་སའི་དམག་དཔུང་འཕན་ཡུལ་དུ་དྲངས་པའི་སྣ་འཁྲིད་མཁན་བྱས་པའི་རྐྱེན་གྱིས་སྣེ་གདོང་སྡེ་སྲིད་དང་ཅུང་ཟད་མ་མཐུན་པར་གྱུར། འདིའི་ཁོག་ལོན་པ་ལྟ་བུར་ཏཱ་ལའི་བླ་མར་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་དུས་ཕག་མོ་བ་ནས་དཔུང་བཏེག་ཏེ་སྙོང་རྒྱུད་གི་སྡེ་རྣམས་བླངས། དེའི་ལན་དུ་ཐོག་ཁ་བ་དང་མཉམ་འབྲེལ་བྱས་ཏེ་ཕག་མོ་བར་དམག་དྲངས་ཏེ་སྙོང་རྒྱུགགི་སྡེ་ཚུར་ཐོབ་ནའང་ཐོག་ཁ་ནང་སོའི་གཞན་དབང་དུ་སོང་ནས་སེར་དམག་སྔ་རྗེས་ཀྱི་དུས་སུ་ཐོག་ཁའི་རྗེས་སུ་འབྲང་དགོས་པ་དང་། འབྲི་གུང་པ་དང་གདན་ས་མཐིལ་འཁྲུག་པའི་སྐབས་ལ་གནས་བཟོད་མི་བདེ་བ་མང་ད་བྱུང་ཞེས་གྲགས《དེབ་ཐེར་དམར་པོ་གསར་མ》ཤོག་གྲངས༦༧ལས་གསལ།
- language:
- Tibetan
3. Thupten Phuntsok Dictionary
སྟག་ལུང་ཐང་པ་ཆེན་པོ་བཀྲ་ཤིས་དཔལ་བས་རབ་བྱུང་གསུམ་པའི་ལྕགས་བྱི (༡༡༨༠) ལོ་ལ་སྟག་ལུང་གི་དགོན་པ་བཏབ་སྟེ་གནས་གཞི་བཟུང་ཞིང་། དར་སྤྲས་རོང་གསུམ་དབང་དུ་བསྡུས་པས་སྡེ་གཙུག་ལག་ཁང་གཉིས་ཀྱི་བདག་པོར་གྱུར། ཏཱ་མིང་ཡུང་ལོ་རྒྱལ་པོས་སྟག་ལུང་ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས་ལ་དབང་གི་འཇའ་ས་སྤྲད་ཅིང་། འདི་པ་རྗེ་ཙོང་ཁ་པ་དང་དུས་མཚུངས། དབོན་པོ་ཆོས་རྗེ་བཀྲ་ཤིས་དཔལ་འོད་པས་ཙོང་ཁ་པ་ལས་ཆོས་ཞུས་ཏེ་སློབ་མར་གྱུར་ཐོག དགེ་ལུགས་པ་དང་འབྲེལ་བ་བཟང་། དེའི་དབོན་ཆོས་རྗེ་ངག་དབང་གྲགས་པ་སྤུན་མཆེད་ཀྱི་དུས་སྟག་ལུང་པའི་ཆོས་བརྒྱུད་དར་རྒྱས་བྱུང་བ་མ་ཟད། སྲིད་ཀྱི་ཕྱོགས་ནས་སྟོབས་འབྱོར་ཆེ་བ་དང་རྟེན་བཞེངས་རྒྱ་ཆེ།
- language:
- Tibetan