Skip to main content Skip to search
rtogs pa'i chos 'khor/
ID:
T77094
  • རྟོགས་པའི་ཆོས་འཁོར (Tibetan, Tibetan script, Original)
    • > rtogs pa'i chos 'khor/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tokpé chönkhor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

the dharma wheel of the realized, dharmachakra of what has been realized

language:
English

2. Ives Waldo Dictionary

the dharma wheel of the realized, dharma chakra of what has been realized

language:
English

3. dung dkar bod rig pa'i tshig mdzod chen mo

སྤྱིར་ཆོས་འཁོར་ཞེས་པ་ལེགས་སྦྱར་སྐད་དུ་དྷརྨ་ཙཀྲ་ཞེས་བྱ་བའི་དྷརྨ་ནི་ཆོས་དང་། ཙཀྲ་ནི་འཕོ་བ་དང་ཚོགས་པ་གཉིས་ཀ་ལ་འཇུག་པས་ན། གདུལ་བྱའི་རྒྱུད་ལ་རིམ་གྱིས་འཕོ་བ་ལྟར་སྣང་བའི་ཕྱིར་རྟོགས་པའི་ཆོས་འཁོར་དང་། ཆོས་ཀྱི་ཕུང་པོ་མང་པའི་བདག་ཉིད་ཚོགས་པས་ན་ལུང་གི་ཆོས་འཁོར་ཏེ། ལུང་རྟོགས་ཀྱི་ཆོས་འཁོར་གཉིས་སུ་དབྱེ་བ་ལས། རྟོགས་པའི་ཆོས་འཁོར་ནི་བྱེ་བྲག་སྨྲ་བས་མཐོང་ལམ་ཁོ་ནར་འདོད་དེ། སྟོན་པ་ཤྭཀྱའི་རྒྱལ་པོ་དེ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་ལྔ་སྡེ་བཟང་པོ་ལ་ཡུལ་ཝ་ར་ཎ་སིར་བདེན་པ་བཞིའི་ཆོས་གསུངས་པའི་ཚེ། ལྔ་སྡེའི་རྒྱུད་ལ་མཐོང་ལམ་དུ་འཕོ་བ་ལྟར་སྣང་བ་དེ་ནི་རྟོགས་པའི་ཆོས་འཁོར་ཡིན་པར་འདོད་དེ།མཛོདལས། ཆོས་ཀྱི་འཁོར་ལོ་མཐོང་ལམ། མྱུར་དུ་འགྲོ་སོགས་རྩིབས་སོགས་ཕྱིར། ཞེས་གསུང་པ་ལྟར་རྟོགས་པའི་ཆོས་འཁོར་ལ་མཐོང་ལམ་ཁོ་ནས་ཁྱབ་པར་འདོད་དོ། མདོ་སྡེ་པ་རྣམས་ཀྱིས་མཐོང་སྒོམ་མི་སློབ་ལམ་གསུམ་ཀ་ཆོས་འཁོར་དུ་འདོད་ཅིང་ཐེག་ཆེན་པ་ལྟར་ན་ཚོགས་ལམ་ནས་མི་སློབ་ལམ་བར་ལྔ་པོ་ཐམས་ཅད་ཆོས་ཀྱི་འཁོར་ལོར་འདོད་པ་སོགས་ཀྱི་ཁྱད་པར་ཡོད།

language:
Tibetan

4. Thupten Phuntsok Dictionary

སྤྱིར་ཆོས་འཁོར་ཞེས་པ་ལེགས་སྦྱར་སྐད་དུ་དྷརྨ་ཙཀྲ་ཞེས་བྱ་བའི་དྷརྨ་ནི་ཆོས་དང། ཙཀྲ་ནི་འཕོ་བ་དང་ཚོགས་པ་གཉིས་ཀ་ལ་འཇུག་པས་ན། གདུལ་བྱའི་རྒྱུད་ལ་རིམ་གྱིས་འཕོ་བ་ལྟར་སྣང་བའི་ཕྱིར་རྟོགས་པའི་ཆོས་འཁོར་དང་། ཆོས་ཀྱི་ཕུང་པོ་མང་པོའི་བདག་ཉིད་ཚོགས་པས་ན་ལུང་གི་ཆོས་འཁོར་ཏེ། ལུང་རྟོགས་ཀྱི་ཆོས་འཁོར་གཉིས་སུ་དབྱེ་བ་ལས། རྟོགས་པའི་ཆོས་འཁོར་ནི་གཉིས་སོ།

language:
Tibetan