- rten 'brel/
- ID:
- T76622
- རྟེན་འབྲེལ (Tibetan, Tibetan script, Original)
- > rten 'brel/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > temdrel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Jeffrey Hopkins Dictionary
རྟེན་ཅིང་འབྲེལ་བར་འབྱུང་བ་
Hopkins' Translations: [depend-connect]; dependent-arising; interdependence
Sanskrit: pratītya-samutpāda
Synonyms: རྟེན་ཅིང་འབྲེལ་བར་འབྱུང་བ་
- language:
- Tibetan
2. Dan Martin Dictionary
= rten cing 'brel ba[r 'byung ba]. Emerging through containment-connection. Usually tr. as interdependent origination, etc. Arising through a situation of connectedness and dependence. Each 'thing' so produced is connected with the 'others' to the point of containing them. Therefore, concepts of linear causation do not apply. Each is a necessary (but atemporal) result (pratītya) of all the others as a totality... not one following from the other. The totality is, though, void. 'Supporting links' in Germano in JIABS 17 no. 2 (1994) 259. Gyatso, Apparitions 179. Colloquial usages approach the meaning of 'coincidence,' 'circumstances,' also, 'omen,' a 'connection' with a particular teaching or teacher. It may also be used in the sense of 'provisions' (see under gal te).
- language:
- English
3. Rangjung Yeshe Dictionary
-
dependent origination, link of dependency [thd]
- language:
- English
-
རྟེན་ཅིང་འབྲེལ་བར་འབྱུང་བ་; Skt pratitya samutpada. Syn རྟེན་འབྱུང་, 1) dependent origination, dependent connection, dependent causation, causation, interdependent arising, interdependent origination, Buddhist theory of causality, interdependent, interdependence, interdependent connection, interdependent links, Def. by Jamgön Kongtrül: མང་པོ་འཚོགས་ཤིང་འདུས་པའམ་འཕྲད་པའི་དོན་ཡིན་ལ། ས་མུཏ་པཱ་ད་ནི་བསྐྱེད་པའམ་འབྱུང་བའི་དོན་ཡིན་པས། དངོས་པོ་གང་རྒྱུ་གཅིག་ལས་འབྲས་བུ་སྣ་ཚོགས་དང། རྒྱུ་སྣ་ཚོགས་ལས་འབྲས་བུ་གཅིག་ཁོ་ན་སྐྱེ་བ་ནི་མི་སྲིད་པས་རྒྱུ་རྐྱེན་སྣ་ཚོགས་འཕྲད་ཅིང་ཚོགས་པ་ལ་ལྟོས་ནས་འབྲས་བུ་སྣ་ཚོགས་སུ་འབྱུང་བའམ། ཡན་ལག་སྔ་མ་ལ་རྟེན་ཅིང་ཕྱི་མ་རྣམས་འབྲེལ་པར་འབྱུང་བ་. 2) auspicious coincidence, auspicious circumstance, favorable circumstances, auspiciousness, auspicious portent, good sign, auspicious sign, auspicious omen, auspicious occurrence, omen. 3) ceremony, celebration, greeting, congratulations, auspicious connection, connection. 4) diagnosis, divination, 5) coincidence, incident, link, occasion
- language:
- Tibetan
4. Ives Waldo Dictionary
-
interdependence, dependent connection, connection, link, incident, coincidence, causation; celebration, congratulations, greeting; [auspicious] coincidence/ sign/circumstance/ occurrence, auspiciousness, interdependent [connection], occasion, omen, portent, sign, favorable circumstances; 2) way of doing [Rten 'brel zhu tshig ...Rten 'brel zhu ba,...Lo gsar gyi rten 'brel]; 4) 12
- language:
- English
-
interdependence, dependent connection, connection, link, incident, coincidence, causation; celebration, ceremony, occasion, congratulations, greeting; [auspicious] coincidence/ sign/circumstance/ occurrence, auspiciousness, interdependent [connection], occasion, omen, portent, sign, favorable circumstances; 2) way of doing; 4) 12 ([IW]
- language:
- English
5. Jim Valby Dictionary
pratityasamutpada, interdependent (causation, origination, causes), functional (correlation, dependence), mutual relationship, interrelation, relativity, dependent arising, relational existence, causal nexus, interconnection, auspicious conjunction of events, 12 links of conditioned co-production (ma rig pa, 'du byed, rnam par shes pa, ming dang gzugs, skye mched drug, reg pa, tshor ba, sred pa, nye bar len pa, srid pa, skye ba, rga zhi), mutually, contributory, omen, diagnosis, circumstances combining to found a judgment, coincidence, sign, auspicious, ceremony, favorable circumstances, auspicious circumstances, ceremony, celebration, omen, interdependence, interdependent conditions
- language:
- English
6. Richard Barron Dictionary
-
རྟེན་ཅིང་འབྲེལ་བར་འབྱུང་བ་ occurring in/ coming into being through interdependent connection
- language:
- Tibetan
-
རྟེན་འབྲེལ་ངན་པ། རྟེན་འབྲེལ་བཟང་པོ་ - interdependent connection/ connectedness; (in)(auspicious) circumstances; interplay of circumstances
- language:
- Tibetan
7. bod rgya tshig mdzod chen mo
[1075] 1༽ སྔ་ལྟས་སམ་འབྱུང་འགྱུར་གྱི་རྟགས་མཚན། ... རྟེན་འབྲེལ་ལོག་པ། ... རྟེན་འབྲེལ་འཕྱུགས་པ། ... 2༽ མཛད་སྒོ། ... རྟེན་འབྲེལ་ཞུ་ཚིག་... རྟེན་འབྲེལ་ཞུ་བ། ... ལོ་གསར་གྱི་རྟེན་འབྲེལ། ... 3༽ རྟེན་ཅིང་འབྲེལ་བར་འབྱུང་བའི་བསྡུས་ཚིག་4༽ རྟེན་འབྲེལ་ལ་ཡན་ལག་བཅུ་གཉིས་ཡོད་པས་གྲངས་བཅུ་གཉིས་མཚོན། ...
- language:
- English
8. dag yig gsar bsgrigs
- is related to
- rten/
རྒྱུ་རྐྱེན་ངེས་ཅན་ཞིག་ལས་འབྲས་བུ་ངེས་ཅན་ཞིག་འབྱུང་བའི་འབྲེལ་བའི་མིང་སྟེ། ས་བོན་གྲོ་བཏབ་ན་འབྲས་བུ་གྲོ་སྐྱེས་བ་ནི་རྒྱུ་འབྲས་ཀྱི་རྟེན་འབྲེལ་ཡིན་ལྟ་བུ།
- language:
- Tibetan
9. dung dkar bod rig pa'i tshig mdzod chen mo
དབུ་མའི་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་གཏན་ཚིགས་ཆེན་པོ་ལྔ་སྟེ། གཅིག་དུ་བྲལ་གྱི་གཏན་ཚིགས། རྡོ་རྗེ་གཟེགས་མའི་གཏན་ཚིགས། ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། མུ་བཞི་སྐྱེ་འགོག་གི་གཏན་ཚིགས། རྟེན་འབྲེལ་གྱི་གཏན་ཚིགས་བཅས་ལྔའོ། དེ་དག་གི་ནང་ནས་མཐའ་གཉིས་བསལ་ནས་དཔུ་མའི་ལྟ་བ་རྒྱུད་ལ་བསྐྱེད་པར་བྱེད་པར་རྟེན་འབྲེལ་གྱི་གཏན་ཚིགས་འདི་ལས་ལྷག་པ་མེད་པའི་ཕྱིར་རིགས་པའི་རྒྱལ་པོ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ཞེས་བསྔགས་པ་མཛད། རྟེན་འབྲེལ་སྟོན་བྱེད་ཀྱི་མདོའི་དོན་ནི། མདོ་ལས། འདི་ཡོད་པ་ན་འདི་འབྱུང། འདི་སྐྱེས་པས་ནི་འདི་སྐྱེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་སོགས་གསུངས་པ་དང། 《དབུ་མ་རིན་ཆེན་ཕྲེང་བ》ལས་ཀྱང། འདི་ཡོད་པས་ན་འདི་འབྱུང་དཔེར། རིང་པོ་ཡོད་ན་ཐུང་ངུ་བཞིན། འདི་སྐྱེས་པས་ན་འདི་སྐྱེ་སྟེ། མི་འབྱུང་བས་འོད་བཞིན་ནོ། ཞེས་གསུངས་པ་ལྟར། གང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་རང་རང་གི་རྒྱུ་རྐྱེན་དང་ཆ་ཤས་ཚོགས་དགོས་པ་ལས་གང་ཡང་རུང་བ་མ་ཚང་ན་མི་སྐྱེ་ལ་ཚང་ན་ངེས་པར་སྐྱེ་བ་རྟེན་ཅིང། འབྲེལ་བར་འབྱུང་བའི་ངང་ཚུལལ་ཡིན་པས་ན། གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་པ་ཡིན་ཏེ། 《རྩ་ཤེས》 ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། ཆོས་འགའ་ཡོད་པ་མ་ཡིན་ལ། ཞེས་གསུངས་སོ། རྟེན་འབྲེལ་གྱི་གཏན་ཚིགས་འགོད་ཚུལ་ནི་མྱུ་གུ་ཆོས་ཅན། བདེན་པར་མ་གྲུབ་སྟེ་རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་སོ། འདི་ལའང་རྟག་ཆད་ཀྱི་མཐའ་སེལ་ཚུལ་གཉིས་ལས། དང་པོ་ནི། ཕྱི་ནང་གི་དངོས་པོ་འདི་དག་ཆོས་ཅན། དོན་དམ་པར་ཡོད་པ་ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། གཉིས་པ་ནི། ཡང་དེ་ཆོས་ཅན། ཐ་སྙད་དུ་མེད་པ་མ་ཡིན་ཏེ། རྟེནའབྲེལ་ཡིན་པའི་ཕྱིར་ཞེས་པའོ། དེས་ན་མྱུ་གུ་ལ་སོགས་པ་ཕྱི་དང། འདུ་བྱེད་ལ་སོགས་པ་ནང་གི་དངོས་པོ་རྣམས་རིམ་པ་བཞིན་དུ་ས་བོན་ལ་སོགས་པ་དང། མི་རིག་པ་ལ་སོགས་པ་ལ་བརྟེན་ནས་འབྱུང་བས་ས་བོན་མ་སྤངས་བར་དུ་མྱུ་གུ་བྱུང་བ་བཞིན། རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ནི་མ་རིག་པ་མ་སྤངས་ཀྱི་བར་དུ་འཇུག་པས་ཁམས་གསུམ་འཁོར་བར་ཡང་ནས་ཡང་དུ་འཁོར་ཞིང་སྡུག་བསྔལ་མྱོང་བར་འགྱུར་རོ། དེས་ན་བརྟེན་ནས་བཏགས་པའི་གཏན་ཚིགས་འདི་བརྟེན་ནས་ཆོས་རྣམས་རང་བཞིན་གྱིས་གྲུབ་པར་འཛིན་པའི་སྒྲོ་འདོགས་ཀྱི་ལྟ་བ་སེལ་ཞིང་རང་བཞིན་མེད་པར་ངེས་པ་རྙེད་ནས། ལྟ་ངན་གྱི་དྲ་བ་མཐའ་དག་གཅོད་པ་ལ་ནུས་སྟོབས་ཤིན་ཏུ་ཆེ་སྟེ《འཇུག་པ》ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། ཅེས་དང།《བཞི་བརྒྱ་པ》ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ནི། མཐོང་ན་གཏི་མུག་འབྱུང་མི་འགྱུར། ཞེས་སོ། རྟེན་ཅིང་འབྲེལ་བར་འབྱུང་བའི་གཏམ་འདི་ནི་སངས་རྒྱས་ཀྱི་གསུང་དམ་པའི་ཆོས་ཀྱི་བང་མཛོད་ཆེན་པོའི་གཅེས་པའི་སྙིང་པོ་དང། དོན་འདི་ཤེས་ན་དབུ་མའི་ལྟ་བ་ཤེས་ལ་དེ་ལ་བརྟེན་ནས་སངས་རྒྱས་འཐོབ་པར་འགྱུར་ཏེ། 《བཤེས་སྤྲེངས་》ལས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། གང་གིས་འདི་ནི་ཡང་དག་མཐོང་བ་དེས། སངས་རྒྱས་དེ་ཉིད་རིག་པས་རྣམ་མཆོག་མཐོང། ཞེས་གསུངས་པ་ལྟར་རོ།
- language:
- Tibetan
10. Thupten Phuntsok Dictionary
(1) སྔ་ལྟས་སམ་འབྱུང་འགྱུར་གྱི་རྟགས་མཚན། རྟེན་འབྲེལ་ལོག་པ། རྟེན་འབྲེལ་འཁྱུགས་པ། (2) མཛད་སྒོ། རྟེན་འབྲེལ་ཞུ་ཚིག རྟེན་འབྲེལ་ཞུ་བ། ལོ་གསར་གྱི་རྟེན་འབྲེལ། (3) རྟེན་ཅིང་འབྲེལ་བར་འབྱུང་བའི་བསྡུས་ཚིག (4) རྟེན་འབྲེལ་ལ་ཡན་ལག་བཅུ་གཉིས་ཡོད་པས་གྲངས་བཅུ་གཉིས་མཚོན།
- language:
- Tibetan
11. smon lam tshig mdzod chen mo
1 སྔ་ལྟས་སམ་འབྱུང་འགྱུར་གྱི་རྟགས་མཚན། རྟེན་འབྲེལ་ལོག་པ། རྟེན་འབྲེལ་འཕྱུགས་པ། 2 མཛད་སྒོ། རྟེན་འབྲེལ་ཞུ་ཚིག རྟེན་འབྲེལ་ཞུ་བ། ལོ་གསར་གྱི་རྟེན་འབྲེལ། 3 རྟེན་ཅིང་འབྲེལ་བར་འབྱུང་བའི་བསྡུས་ཚིག 4 རྟེན་འབྲེལ་ལ་ཡན་ལག་བཅུ་གཉིས་ཡོད་པས་གྲངས་བཅུ་གཉིས་མཚོན།
- language:
- Tibetan
rten 'brel/ has 1 other term directly related to it, which is presented here.