- nya khri/
- ID:
- T66498
- ཉ་ཁྲི (Tibetan, Tibetan script, Original)
- > nya khri/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyatri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
4. dung dkar bod rig pa'i tshig mdzod chen mo
སོག་སྐད་དུ་པོར་ཏ་ཞུ། ཡབ་གྲི་གུམ་བཙན་པོ་དང་ཡུམ་གླུ་སྲིང་མེར་ལྕམ་གཉིས་ལ་སྲས་གསུམ་བྱུང་བ་ལས་ཆུང་ཤོས། ཡབ་ལོ་ངམ་གྱིས་བཀྲོངས་རྗེས་འདི་ཉིད་ཀོང་ཡུལ་དུ་ཕེབས། དེ་ནས་བཙུན་མོ་གོ་མ་རལ་ཁབ་ཏུ་བཞེས་ཏེ་བུ་ཁན་ཁལ་དུ་ན་པོར་ཧན་གལ་ཏྭོན་ཟེར་བའི་རི་བོ། སྦེ་ཀལ་མཚོའི་ཉེ་འགྲམ(སོག་པོ)སྦེ་ཏའི་མི་རིགས་གནས་པའི་ཡུལ་དུ་གྱར་ནས་དེར་གནས་པའི་མི་རྣམས་ཀྱིས་རྗེ་བོར་བཀུར་ཏེ་སོག་པོའི་རྒྱལ་རྒྱུད་ཀྱི་ཐོག་མ་འདི་ཡིན་ཞེས་པའང་སྣང་།
- language:
- Tibetan