Skip to main content Skip to search
bka' bzhi/
ID:
T6391
  • བཀའ་བཞི (Tibetan, Tibetan script, Original)
    • > bka' bzhi/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kazhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

Foreign policy of Srong-btsan-sgam-po. Dung-dkar 180.

language:
English

2. dung dkar bod rig pa'i tshig mdzod chen mo

མཁས་པ་ལྡེའུའི་ཆོས་འབྱུངལས། བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་ཁྲིམས་ལུགས་ནང་ཕྱི་ཕྱོགས་སུ་འབྲེལ་བ་བྱ་རྒྱུའི་གནད་དོན་ཐོག་བཏོན་པའི་བཀའ་ཁྲིམས་བཞི་སྟེ། ༡ཤར་སེང་གེ་དཀར་མོ་ལ་ལྕགས་ཐག་མི་གདགས་ཞེས་པ་ཐང་བོད་དབར་གྱི་འགྲིམ་འགྲུལ་ཆེ་སའི་ཟམ་པ་རྣམས་སྲུང་སྐྱོབ་བྱེད་དགོས་པ། ༢ལྷོ་དོ་སྒྲོམ་ནག་པོ་ཁ་མི་དབྱེ་ཞེས་པ་ལྷོ་ཕྱོགས་ཀྱི་ཀློ་དང་མོན་གཉིས་བར་གཉེན་སྒྲིགས་ཀྱི་འབྲེལ་བ་མི་འཛུགས་པ། ༣ནུབ་བྱ་དམར་མོའི་སྐེ་མི་གཅོད་ཞེས་པ་རྒྱ་གར་ནས་བོད་དུ་ཕེབས་པའི་པཎྜི་ཏ་རྣམས་ཕར་ཚུར་ཕེབས་བཞུད་ཀྱི་འགྲུལ་མཚམས་མི་གཅོད་པ། ༤བྱང་ཤ་སྤགས་སྐྱ་མོ་ལ་ཐིག་མི་གདབ་ཞེས་པ་བྱང་ཕྱོགས་ཀྱི་ཧོར་དང་སོག་པོའི་བར་བོད་ནས་དམག་འཁྲུག་མི་བསླང་བ་བཅས་ཀྱི་གོ་དོན་ཡིན་པརལྡེའུ་ཇོ་སྲས་ཀྱི་ཆོས་འབྱུངལྕགས་དཔར་མའི་ཤོག་གྲངས༡༣༩ནས་གསལ་བས་དེར་གཟིགས།

language:
Tibetan

3. Thupten Phuntsok Dictionary

མཁས་པ་ལྡེའུ་ཆོས་འབྱུང་ལས། བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་ཁྲིམས་ལུགས་ནང་ཕྱི་ཕྱོགས་སུ་འབྲེལ་བ་བྱ་རྒྱུའི་གནད་དོན་ཐོག་བཏོན་པའི་བཀའ་ཁྲིམས་བཞི་སྟེ། ཤར་སེང་གེ་དཀར་མོ་ལ་ལྕགས་ཐག་མི་གདགས་ཞེས་པ་ཐང་བོད་དབར་གྱི་འགྲིམ་འགྲུལ་ཆེ་སའི་ཟམ་པ་རྣམས་སྲུང་སྐྱོབ་བྱེད་དགོས་པ། ལྷོ་དོ་སྒྲོམ་ནག་པོ་ཁ་མི་དབྱེ་ཞེས་པ་ལྷོ་ཕྱོགས་ཀྱི་ཀློ་དང་མོན་གཉིས་བར་གཉེན་སྒྲིགས་ཀྱི་འབྲེལ་བ་མི་འཛུགས་པ། ནུབ་བྱ་དམར་མོའི་སྐེ་མི་གཅོད་ཞེས་པ་རྒྱ་གར་ནས་བོད་དུ་ཕེབས་པའི་པཎྜི་ཏ་རྣམས་ཕར་ཚུར་ཕེབས་བཞུད་ཀྱི་འགྲུལ་མཚམས་མི་གཅོད་པ། བྱང་ཤ་སྤགས་སྐྱ་མོ་ལ་ཐིག་མི་གདབ་ཞེས་པ་བྱང་ཕྱོགས་ཀྱི་ཧོར་དང་སོག་པོའི་བར་བོད་ནས་དམག་འཁྲུག་མི་བསླང་བ་བཅས་ཀྱི་གོ་དོན་ཡིན་པར་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་ལྕགས་དཔར་མའི་ཤོག་གྲངས༡༣༩ནས་གསལ་བས་དེར་གཟིགས།

language:
Tibetan