Skip to main content Skip to search
bka' gtsigs gnyis pa/
ID:
T6342
  • བཀའ་གཙིགས་གཉིས་པ (Tibetan, Tibetan script, Original)
    • > bka' gtsigs gnyis pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > katsik nyipa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

in the case of king Trisong Deutsen skabs rje blon tsang 'dzoms sar skyabs gsum witness du bzhag ste sngar yab mes gong rim gyi dus su belief in karma and its fruition byas pa'i srol rgyun bskyang zhing, offering to the three jewels, chos spyod kyi rgyun mi nyams pa la 'bad par bya'o zhes dam bcas pa'i mna' tshig gnyis pa ???

language:
English

2. bod rgya tshig mdzod chen mo

[76] སྔར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་རྗེ་བློན་ཚང་འཛོམས་སར་སྐྱབས་གསུམ་བདེན་དཔང་དུ་བཞག་སྟེ་སྔར་ཡབ་མེས་གོང་རིམ་གྱི་དུས་སུ་ལས་འབྲས་ལ་ཡིད་ཆེས་བྱས་པའི་སྲོལ་རྒྱུན་བསྐྱང་ཞིང། དཀོན་མཆོག་མཆོད་པ་དང། ཆོས་སྤྱོད་ཀྱི་རྒྱུན་མི་ཉམས་པ་ལ་འབད་པར་བྱའོ་ཞེས་དམ་བཅས་པའི་མནའ་ཚིག་གཉིས་པ། ...

language:
English

3. dung dkar bod rig pa'i tshig mdzod chen mo

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་ཅིང་། སད་མི་རྣམས་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བཙུགས་ཟིན་པའི་རྗེས་སུ་བཀའ་གཙིགས་དང་པོ་བྲིས་ཏེ། དེའི་ནང་དོན་མདོར་བསྡུས་རྡོ་རིང་གི་ངོས་སུ་བཀོད་ཟིན་པ་དང་། དེའི་རྒྱབ་སྣོན་ལྟ་བུར་བཀའ་གཙིགས་གཉིས་པ་འདི་བྲིས་པ་ཡིན་ནམ་སྙམ་སྟེ། འདིའི་ནང་གི་དུམ་བུ་བདུན་པའི་ནང་འཁོད་དོན་དུ་ཆོས་འདི་བཏང་ངམ་མཛད་དམ་ཅི་རིགས་ཞེས། འབངས་སུ་མངའ་བ་རྒྱལ་ཕྲན་འ་ཞ་རྗེ་ལ་སོགས་པ་དང་ཕྱི་ནང་གི་བློན་པོ་རྣམས་ལ་བཀའས་རྨས་བཀའ་གྲོས་སུ་མཛད་ནས་ཞེས་སོགས་གསལ་བས་བཀའ་གཙིགས་དང་པོ་དེ་བཙན་པོས་དབང་ཤེད་ཀྱིས་བཅས་པ་མིན་པར། བཙན་པོ་དང་། རྒྱལ་ཕྲན་གྱི་རྗེ་བོ། བློན་པོ་བཅས་ནང་གྲོས་ནན་ཏན་བྱས་ཏེ་གྲོས་མཐུན་བྱུང་བའི་ཆོད་ཡིག་ཡིན་ཚུལ་གསལ་བཤད་བྱས་ཡོད། བཀའ་གཙིགས་འདིའི་ནང་དོན་གནད་བསྡུས་ནི། ༡ཁ་བྱང་། ༢གླེང་གཞི་དུམ་བུ་བཞི། ༣ནང་བསྟན་ཆོས་ལུགས་ཀྱི་ལྟ་ཚུལ་ངོ་སྤྲོད། ༤བཀའ་གཙིགས་བཅས་དགོས་པའི་རྒྱུ་མཚན་དང་། དགོས་པ། མཇུག་བསྡོམས་བཅས་ཡིན། འདིའི་མིང་ཚིག་གོ་དཀའ་བ་རྣམས་ཀྱི་འགྲེལ་བཤད་ནི་གོང་འོག་གི་སྐབས་སོ་སོར་གསལ་བས་དེར་གཟིགས།

language:
Tibetan

4. Thupten Phuntsok Dictionary

སྔར་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་རྗེ་བློན་ཚང་མ་འཛོམས་སར་སྐྱབས་གསུམ་བདེན་དཔང་དུ་བཞག་སྟེ་སྔར་ཡབ་མེས་གོང་རིམ་གྱི་དུས་སུ་ལས་འབྲས་ལ་ཡིད་ཆེས་བྱས་པའི་སྲོལ་རྒྱུན་བསྐྱང་ཞིང་། དཀོན་མཆོག་མཆོད་པ་དང་། ཆོས་སྤྱོད་ཀྱི་རྒྱུན་མི་ཉམས་པ་ལ་འབད་པར་བྱའོ་ཞེས་དམ་བཅས་པའི་གནའ་ཚིག་གཉིས་པ།

language:
Tibetan

5. smon lam tshig mdzod chen mo

སྔར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་རྗེ་བློན་ཚང་འཛོམས་སར་སྐྱབས་གསུམ་བདེན་དཔང་དུ་བཞག་སྟེ་སྔར་ཡབ་མེས་གོང་རིམ་གྱི་དུས་སུ་ལས་འབྲས་ལ་ཡིད་ཆེས་བྱས་པའི་སྲོལ་རྒྱུན་བསྐྱང་ཞིང༌། དཀོན་མཆོག་མཆོད་པ་དང༌། ཆོས་སྤྱོད་ཀྱི་རྒྱུན་མི་ཉམས་པ་ལ་འབད་པར་བྱའོ་ཞེས་དམ་བཅས་པའི་མནའ་ཚིག་གཉིས་པ།

language:
Tibetan