- ja/
- ID:
- T62499
- ཇ (Tibetan, Tibetan script, Original)
- > ja/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > ja (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Dan Martin Dictionary
'tea,' deriving from Chinese, acc. to Beyer, CT Lang. 141. On tea taxation by Dalai Lama's government, see Tsarong in TJ 23 no. 3 (1998) 29. For comments on the history of tea consumption in Tibet, see Das, JTL&CT 159. LW 505.
- language:
- English
6. bod rgya tshig mdzod chen mo
[869] བོད་ཡིག་གསལ་བྱེད་བདུན་པ་འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་རྐན་དང། བྱེད་པ་ལྕེ་དབུས། ནང་གི་རྩོལ་བ་རྐན་ལྕེ་གཉིས་ཕྲད་དང། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། ... 1. མིང་གཞིའི་མོ་ཡིག་ཅིག་... 2. འཐུང་རྒྱུར་རུང་བའི་ཤིང་ལོ་ཞིག་དང། དེ་ཉིད་ཆུས་སྦངས་པའམ་ཆུ་ལ་བསྐོལ་ནས་བྱུང་བའི་ཁུ་བ། ... རྒྱ་ཇ། ... མར་ཇ། ... འཐུང་ཇ། ... རྒྱུན་ཇ། ... ཇ་གར་པོ། ... ཇ་དཀྲུག་པ། ... ཇ་འཐོག་པ། ... ཇ་བླུག་པ། ...
- language:
- English
7. dag yig gsar bsgrigs
-
༡ བོད་ཡིག་གི་གསལ་བྱེད་བདུན་པ།
- language:
- Tibetan
-
༢ ཇ་སྡོང་སྟེ། རྒྱུན་དུ་སྔོ་བའི་ཤིང་ཕྲན་མེ་ཏོག་དཀར་བོ་ཅན་ཞིག་ཡིན་ཞིང་། དེའི་ལོ་མ་གཞོན་ནུ་བཏུས་ནས་བསྐམས་པ་ལ་ཇ་ཟེར།
- language:
- Tibetan
8. dung dkar bod rig pa'i tshig mdzod chen mo
བོད་དུ་ཇ་ཐོག་མར་བྱུང་བའི་ལོ་རྒྱུས་རྒྱས་པ་ཞིག་ཡོད་པར《རྒྱ་བོད་ཡིག་ཚང》ལས་གསལ་ཞིང་། གནད་བསྡུས་ཤིག་གོ་བདེ་བར་བཤད་ན། བཙན་པོ་འདུས་སྲོང་མང་པོ་རྗེ་བསྙུན་གཞི་དྲག་པོ་ཞིག་གིས་ཐེབས་པའི་དུས་སུ་སྐབས་དེར་ཡོད་པའི་སྨན་པ་ཚོས་སྨན་སྟབས་བདེ་ཙམ་ལས་གཞན་དག་མ་ཤེས་པའི་རྐྱེན་གྱིས་དྲག་སྐྱེད་མ་བྱུང་། ཉིན་ཞིག་ཕོ་བྲང་གི་པུ་ཤུའི་ཟུར་དུ་སྔར་མཐོང་མ་མྱོང་བའི་བྱ་ཡིད་དུ་འོང་བ་ཞིག་གི་ཁ་ན་ཤིང་བུ་ལོ་འདབ་དང་བཅས་པ་ཞིག་ཁྱེར་ནས་སྐད་སྙན་པར་སྒྲོགས་པ་བཙན་པོས་གཟིགས་ཀྱང་དེ་ལ་དོ་སྣང་མ་མཛད། ད་དུང་ཉི་མ་ཁ་ཤས་ཀྱི་རིང་ཞོགས་པ་ཉི་མ་ཤར་མཚམས་སུ་བྱ་དེ་འོངས་ནས་སྔོན་མ་ལྟར་བྱེད་པ་བཙན་པོས་གཟིགས་པ་དང་ཐེ་ཚོམ་སྐྱེས་ཏེ་བརྟག་ཞིབ་བྱས་པ་ན། ཤིང་དེ་ནི་བོད་དུ་མེད་པའི་ཤིང་ཞིག་ཡིན་པ་དང་དེ་ཡི་ལོ་མའི་རྩེ་ནས་ཕྲན་བུ་ཞིག་ཞལ་དུ་བཅུག་པས་ཞལ་སྐོམ་པ་སོས། བཏུང་བའི་མཆོག་ཅིག་ཡིན་པ་མཁྱེན་ནས་བློན་པོ་རྣམས་ལ་ཤིང་དེ་ཡི་རིགས་ས་གནས་གང་དུ་ཡོད་མེད་འཚོལ་དགོས་པ་དང་། རྙེད་ན་བྱ་དགའ་གསོལ་རས་ཆེན་པོ་གནང་རྒྱུ་ཡིན་གསུངས། བློན་འབངས་མང་ཆེ་བས་ས་གནས་མང་པོར་འཚོལ་དུ་ཕྱིན་ཀྱང་མ་རྙེད། རྒྱལ་པོ་ལས་གཞན་བསམ་རྒྱུ་མེད་པའི་བློན་པོ་གཅིག་བོད་ཀྱི་ས་གནས་ཐམས་ཅད་དུ་བཙལ་བར་སོང་ཡང་མ་རྙེད། མཐར་རྒྱ་ནག་གི་མཐའ་མཚམས་ནགས་གསེབ་སྟུག་པོ་སྨུག་ཐིང་ངེར་བསྡད་པ་ཞིག་ཏུ་སླེབས་ཏེ་བསམས་པར། ནགས་གསེབ་རྒྱ་ཆེན་པོ་འདི་འདྲའི་གསེབ་ན་ཤིང་དེ་རིགས་ཡོད་པར་ཐག་ཆོད་བསམས་ནས་ཕྱིན་པས་ཆུ་ཆེན་པོ་ཞིག་ལ་ཐུག་སྟེ་འགྲོ་མ་ནུས། སྐབས་དེར་ཉ་ཆེན་པོ་ཞིག་ཁོའི་འཁྲིས་དེ་ནས་ཆུ་ནང་དུ་ཞུགས་ཏེ་སོང་བ་མཐོང་སྟེ་བསམ་པར། ཆུ་འདི་ཁ་ཞེང་ཆེ་བ་མ་གཏོགས་གཏིང་རིང་པོ་རང་མེད་འདྲ་སྙམ་སྟེ་ཆུ་དེ་བརྒལ་ནས་ཕྱིན་པས་ཕ་རོལ་གྱི་ནགས་གསེབ་དེར་སླེབས། ནགས་གསེབ་དེའི་ཤིང་ཕལ་ཆེ་བ་ནི་བྱས་ཁྱེར་ཡོང་བའི་ཤིང་དེ་རང་ཡིན་པར་མཐོང་ནས་དགའ་ཐག་ཆོད་དེ་ཤིང་དེ་ནས་རྒྱབ་ཁུར་གཅིག་བརྔས། ཡང་བསམ་མནོ་ཞིག་འཁོར་བར་རྒྱལ་པོ་བསྙུན་གཞི་དྭངས་པ་ལ་ནི་འདི་ཙམ་གྱིས་ཆོག་པར་འདུག ས་ཐག་རིང་པོ་འདི་འདྲར་སླེབས་ནས་ཤིང་རྒྱབ་ཁུར་གཅིག་ལས་ཁྱེར་རྒྱུ་མེད་ན་ཉུང་དྲགས་ཐག་ཆོད་པས། ང་ལ་ཁལ་མ་གཅིག་དེད་རྒྱུ་ཡོད་ན་ཡག་པོ་ག་འདྲ་མ་རེད་དམ་བསམ་པའི་མུ་ལ་གློ་བུར་དུ་ཤ་བ་ཡུ་མོ་གཅིག་མི་ལ་འཇིགས་སྣང་མེད་པར་ཁོའི་འགྲམ་དེར་སླེབས་བྱུང་བས། ཤ་བ་ཡུ་མོ་འདི་ལ་ཁལ་བཀལ་ཆོག་པ་ཡང་སྲིད་སྙམ་ནས་བཀལ་བའི་གྲབས་བྱས་པས། ཤིང་དེ་ནས་ཤ་བའི་ཁལ་རྒྱབ་གཅིག་ལོངས་པ་ཤ་བ་ལ་བཀལ། རང་ཉིད་ཀྱིས་རྒྱབ་གཅིག་ཁྱེར་ནས་འོངས་ཏེ་རྒྱལ་པོའི་ཕོ་བྲང་མཐོང་སར་མ་སླེབས་བར་དུ་ཤ་བ་དེས་ཁྱེར་གྲོགས་བྱས། ཇ་ཤིང་དེ་རྣམས་རྒྱལ་པོ་ལ་ཕུལ་བས་རྒྱལ་པོའི་བསྙུན་གཞི་ཡོངས་སུ་དྭངས་ནས་བློན་པོ་དེ་ལ་བྱ་དགའ་འདོད་པ་ཚིམ་པ་གནང་ཞིང་། དེས་རྐྱེན་བྱས་ནས་བོད་ལ་ཇ་དཀར་བཟོ་རྒྱུའི་ཐུགས་བསམ་འཁོར་བ་དང་། ཐང་རྒྱལ་པོར་རེ་འདུན་ཞུས་པ་ལྟར་དཀར་ཡོལ་བཟོ་མཁན་ལག་རྩལ་མཁས་པ་བོད་དུ་འབྱོར་ཏེ་ལྷོ་ཁ་གྲ་ནང་ཁུལ་ནས་རྡོ་དཀར་གོང་གི་གཏེར་ཁ་བཏོན་ནས་དེས་རྒྱུ་ཆ་བྱས་ཏེ་དཀར་ཡོལ་བཟོས་པ་མ་ཟད། ལག་རྩལ་མི་སྣ་ཡང་ཁག་གཅིག་གསོ་སྐྱོང་བྱས་པར་བརྟེན་བོད་ས་གནས་རང་ནས་ཐོན་པའི་དཀར་ཡོལ་རབ་འབྲིང་ཐ་གསུམ་ཡོན་རྒྱལ་རབས་དང་མིང་རྒྱལ་རབས་ཀྱི་དུས་དཀྱིལ་བར་ཡོད་པའི་ལོ་རྒྱུས་ཡིག་ཆ་ཁག་གི་ནང་གསལ། རྒྱལ་པོ་ཁྲི་རལ་པ་ཅན་གྱིས་སྲིད་དབང་བཟུང་སྐབས་ཐང་རྒྱལ་རབས་ཀྱིས་མངགས་པའི་བློན་པོ་ཀྲང་ལུན་ཟེར་བ་བོད་དུ་འབྱོར་ནས་མཚམས་འདྲི་ཞུས་རྗེས། ཉིན་གཅིག་བློན་པོ་དེའི་ཁྱིམ་དུ་རྒྱལ་པོ་རལ་པ་ཅན་སྐུ་མགྲོན་དུ་གདན་དྲངས་ནས་ཇའི་སྣེ་ལེན་ཞུས་སྐབས་རྒྱལ་པོས་བློན་པོ་དེ་ལ་ཚོད་ལྟའི་ཆེད་དུ་འདི་གང་ཡིན་ཞེས་དྲིས་པ་དང་བློན་པོས་འདི་ནི་རྒྱ་ནག་ནས་ཐོན་པའི་ཇ་ཟེར་བ་དེ་ཡིན་པ་དང་། དེ་ལ་ཁྱད་ཆོས་མང་པོ་ཡོད་ཚུལ་སོགས་ཁེངས་ཉམས་དང་བཅས་ཏེ་ངོ་སྤྲོད་བྱས་པར་དེ་ཉིན་རྒྱལ་པོས་ཡ་མཚན་པའི་ཚུལ་གནང་བ་ལས་ལན་གཞན་གང་ཡང་མ་གསུང་། སང་ཉིན་དེར་རྒྱལ་པོས་བློན་པོ་དེ་སྐུ་མགྲོན་ལ་གདན་དྲངས་ཏེ་ཇ་སྟོན་སྣེ་ལེན་གནང་བ་མ་ཟད། ཕྱག་སྒམ་ནང་ནས་ཇ་རིགས་མི་འདྲ་བ་མང་པོ་བཏོན་ནས་རེ་རེའི་ཐོན་ཁུངས་དང་། ཁྱད་ཆོས་བཅས་ཞིབ་གསལ་གསུངས་པར་བརྟེན་བློན་པོ་ངོ་ཚ་ཁ་སྐྱེངས་དགོས་པ་བྱུང་ཚུལ་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་རྒྱ་ཡིག་ཏུ་འཁོད་པའི་ནང་གསལ། དུས་རབས་བཅུ་གཅིག་པའི་ནང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་བྱོན་ནས་མངའ་རིས་སུ་ཕེབས་པའི་ཉིན་ཐོག་མའི་རྟེན་འབྲེལ་དུ་བོད་རང་ནས་བཟོས་པའི་དཀར་ཡོལ་འབྲུག་རྒྱབ་མ་གསེར་སྲང་ལྔའི་རིན་ཐང་ཅན་ཞིག་གི་ནང་གསོལ་ཇ་སྲུབས་མ་དྲངས་ཏེ་ཕུལ་བར། ཇོ་བོ་རྗེ་ཤིན་ཏུ་མཉེས་ནས། ཡུལ་འདིའི་གཞི་བདག་གཉན་པོ་འཁོར་བཅས་རྣམས། །རྒྱ་ཇ་ལེགས་པའི་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་བསམ་དོན་འགྲུབ་པ་དང་། །སངས་རྒྱས་བསྟན་པ་དར་བའི་འཕྲིན་ལས་མཛོད། །ཅེས་པའི་ཇ་མཆོད་འདི་ཡང་སྐབས་དེར་གསུངས་ནས་གསོལ་ཇ་བཞེས་རྗེས་ཁྱེད་བོད་ཀྱི་རབ་ཏུ་བྱུང་བ་ཀུན་ལ་རྒྱ་གར་ན་མེད་པའི་བཏུང་བ་ཞིམ་པོ་ཕྱི་དྲོའི་དུས་སུ་ཡང་འཐུང་ཆོག་པ་འདི་འདྲ་ཡོད་པ་ནི་བསོད་ནམས་ཆེན་པོ་རེད། ཇ་འདི་འཐུང་ན་སྐོམ་སེལ་བ་ཙམ་མ་ཟད། རིགས་པ་དྭངས་པ་དང་། ལུས་སྟོབས་རྒྱས་པ། གཉིད་དང་རྨུགས་པ་སེལ་བ། དགེ་སྦྱོར་ལ་སྤྲོ་སྣང་སྐྱེ་བ་བཅས་ཀྱི་ཁྱད་ཆོས་ཆེན་པོ་འདུག་པས་རྒྱ་གར་ལ་འདི་འདྲ་ཡོད་ན་ངས་གསེར་སྤྲད་ནས་ཉོས་ཆོག་པ་ཞིག་འདུག་ཅེས་གསུངས། བོད་དུ་གནམ་གཤིས་གྲང་བའི་སྟབས་ཀྱིས་ཇ་ཤིང་འདེབས་གསོ་བྱེད་ཐུབ་པའི་ཆ་རྐྱེན་མེད་པར་བརྟེན། མདོ་སྨད་ནས་ཐོན་པའི་རྟ་དང་རྒྱ་ནག་ནས་ཐོན་པའི་ཇ་གཉིས་ཕན་ཚུན་བརྗེ་འཚོང་བྱས་པའི་དུས་ཡུན་ཧ་ཅང་རིང་པོ་བྱུང་སྟེ། རྒྱ་བོད་མི་རིགས་བར་ཇ་རྟའི་ཚོང་འབྲེལ་ཡོད་ཚུལ་རྒྱ་ཡིག་གི་ལོ་རྒྱུས་ནང་གསལ། སྐབས་དེར་ཇ་དང་རྟའི་བར་གྱི་རིན་ཐང་གི་ཚད་གཞི་གསལ་བར་བཤད་པའི་ཡིག་ཆ་ད་ཕན་མ་མཐོང་ཡང་། སྡེ་དགེ་བཀའ་འགྱུར་དང་བསྟན་འགྱུར་དཔར་སྐྲུན་བྱེད་སྐབས། ཇ་དང་འབྲུའི་བརྗེ་འཚོང་གི་རིན་ཐང་ནི་ཇ་སྦག་ཆུང་གཅིག་ལ་འབྲུ་ཁལ་གཅིག་དང་ཞོ་གསུམ(བྲེ་བཅོ་ལྔ) ཙམ་སྤྲོད་དགོས་ཚུལ《དཀར་ཆག》གི་ནང་གསལ་ཞིང་། བོད་ཀྱི་ཚོང་འགྲུལ་རྣམས་ས་ཐག་རིང་པོར་ཚོང་ལ་འགྲོ་སྐབས་ཉི་མ་ཁ་ཤས་རེ་སོང་མཚམས་བཞོན་རྟ་ཁལ་དྲེལ་རྣམས་ལ་ཇ་ཁུ་སྟེར་ན་ལམ་ཐག་རིང་པོར་སོང་ཡང་ལུས་སྟོབས་དང་ཤ་ཤེད་ཞན་དུ་མི་འགྲོ་བར་ཕན་ནུས་མངོན་གསལ་དོད་པོ་ཐོན་པའི་ཉམས་མྱོང་ཡོད། ཇ་དེ་ལ་རྣམས་གྲངས་ཀྱི་སྒོ་ནས་སྣ་ཁ་བཅུ་དྲུག་ཡོད་པ་སྟེ། ༡.ཕུ་མ། ༢.མདའ་མ། ༣.ཆར་མ། ༤.ཆུ་མ། ༥.ཞིང་གསར། ༦.ཞིང་རྙིང། ༧.གཤང་མ། ༨.ལྕི་མ། ༩.ལུད་ཅན། ༡༠.ལུད་མེད། ༡༡.རྩེ་ཇ། ༡༢.བར་ཇ། ༡༣.ཚ་འདུལ། ༡༤.གྲང་འདུལ། ༡༥.སྨིན་པ། ༡༦.མ་སྨིན་པ་བཅས་ཡོད་པ་དང་། དེ་དག་སོ་སོའི་ལོ་འདབ་སྡོང་པོ་བཅས་ཀྱི་སྦོམ་ཕྲ་དང་། མདོག དྲི་མ། བྲོ་བ། ནད་རིགས་གང་ལ་ཕན་པ་བཅས་ཀྱི་ཁྱད་ཆོས་ལྔ་རེ་ཡོད་པའི་སྐོར་ཞིབ་པར《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པ་དེར་གསལ།
- language:
- Tibetan
9. Thupten Phuntsok Dictionary
བོད་ཡིག་གསལ་བྱེད་བདུན་པ་འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་རྐན་དང་། བྱེད་པ་ལྕེ་དབུས། ནང་གི་རྩོལ་བ་རྐན་ལྕེ་གཉིས་ཕྲད་དང་། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། (1)མིང་གཞིའི་མོ་ཡིག་ཅིག (2)འཐུང་རྒྱུར་རུང་བའི་ཤིང་ལོ་ཞིག་དང་། དེ་ཉིད་ཆུས་སྦངས་པའམ་ཆུ་ལ་བསྐོལ་ནས་བྱུང་བའི་ཁུ་བ། རྒྱ་ཇ། མར་ཇ། འཐུང་ཇ། རྒྱུན་ཇ། ཇ་གར་པོ། ཇ་དཀྲུག་པ། ཇ་འཐོག་པ། ཇ་བླུག་པ།
- language:
- Tibetan
10. smon lam tshig mdzod chen mo
-
1.བོད་ཡིག་གསལ་བྱེད་བདུན་པ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་རྐན་དང༌། བྱེད་པ་ལྕེ་དབུས། ནང་གི་རྩོལ་བ་རྐན་ལྕེ་གཉིས་ཕྲད་དང༌། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན།
- language:
- Tibetan
-
2.མིང་གཞིའི་མོ་ཡིག་ཅིག
- language:
- Tibetan
-
3.འཐུང་རྒྱུར་རུང་བའི་ཤིང་ལོ་ཞིག་དང༌། དེ་ཉིད་ཆུས་སྦངས་པའམ་ཆུ་ལ་བསྐོལ་ནས་བྱུང་བའི་ཁུ་བ་སྟེ།
- Model Sentence
(དཔེར་ན།) རྒྱ་ཇ། མར་ཇ། འཐུང་ཇ། རྒྱུན་ཇ། ཇ་གར་པོ། ཇ་དཀྲུག་པ། ཇ་འཐོག་པ། ཇ་བླུག་པ་ལྟ་བུ།
- language:
- Tibetan
11. Lokesh Chandra Tibetan-Sanskrit dictionary
- Sanskrit:
- merī
12. Negi Tibetan-Sanskrit Dictionary
-
vyañjanasaptamavarṇaḥ
- language:
- Sanskrit
-
asyoccāraṇasthānaṃ tālu
- language:
- Sanskrit
-
འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་རྐན་དང་། བྱེད་པ་ལྕེ་དབུས། ནང་གི་རྩོལ་བ་རྐན་ལྕེ་གཉིས་ཕྲད་དང་། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན bo.ko.869.
- language:
- Sanskrit
ja/ has 6 other terms directly related to it, which are presented here.