- chugs/
- ID:
- T57874
- ཆུགས (Tibetan, Tibetan script, Original)
- > chugs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > chuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
4. dag yig gsar bsgrigs
- is related to
- 'jug
-
འཇུག་གི་སྐུལ་ཚིག
- language:
- Tibetan
-
ནི་སྐུལ་ཚིག་སྟེ། ཕྱུགས་ར་བར་ཆུགས་ཤིག་ལྟ་བུ།
- language:
- Tibetan
6. smon lam tshig mdzod chen mo
-
1.བཅུག་པའི་སྐུལ་ཚིག་སྟེ།
- Model Sentence
(དཔེར་ན།) ཕྱུགས་ར་བར་ཆུགས་ཤིག་ལྟ་བུ།
- language:
- Tibetan
-
2.སྣོད་ཀྱི་ནང་ལ་བཞག་པ་སྟེ།
- Model Sentence
(དཔེར་ན།) དངོས་པོ་རུམ་དུ་ཆུགས་ལྟ་བུ།
- language:
- Tibetan
-
3.ནང་དུ་ཚུད་པར་བྱས་པའི་དོན་ཏེ།
Model Sentences
-
(དཔེར་ན།) བྱིས་པ་སློབ་གྲྭ་ལ་ཆུགས་ཤིག་ལྟ་བུ།ལས་ཚིག་ད་ལྟ་བའི་མཐར་དེ་ཉིད་ཀྱི་རྣམ་དབྱེ་དང་བཅས་སྦྱར་ན་གཞན་ལ་བསྐུལ་བ་དང་ཁ་ལོ་བསྒྱུར་བ་འགན་བསྐུར་བ་སོགས་ཀྱི་དོན་སྟོན་པ་སྟེ། བྱེད་འབྲེལ་ལས་ཚིག་དང་སྦྱར་བ།
-
(དཔེར་ན།) དགེ་རྒན་གྱིས་སློབ་མ་རྣམས་ལ་རྩིས་རིག་སློབ་ཏུ་བཅུག སློབ་ཏུ་འཇུག་མཁན། སློབ་ཏུ་འཇུག་དགོས། སློབ་ཏུ་ཆུགས་ཤིག ལས་བྱེད་པས་ཞིང་པ་རྣམས་ལ་ལུད་གསོག་ཏུ་བཅུག འཐབ་མོ་བ་ཚོར་རྩལ་སྦྱང་བྱེད་དུ་འཇུག་མཁན། བྱིས་པ་ལ་ཆང་འཐུང་དུ་འཇུག་མི་རུང་། ཆང་འཐུང་དུ་མ་བཅུག རྟ་ལ་རྩྭ་ཟ་རུ་ཆུགས་ལྟ་བུ། དེ་བཞིན་དུ། བསྒྲུབ་ཏུ་བཅུག བརྐོ་རུ་འཇུག འཚོ་རུ་ཆུགས། ཞེས་པ་སོགས་བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ་ཀུན་ལ་ཕལ་ཆེར་སྦྱོར་ཆོག་པ་ཡིན། འདིར་སེམས་ལ་ངེས་དགོས་པ་ནི། ཡུལ་སྐད་ལ་ལར་བསྒྲུབ་ཏུ་བཅུག་ལ་བསྒྲུབ་བཅུག་གམ། བསྒྲུབ་གིན་བཅུག། གསོག་ཏུ་བཅུག་ལ་གསོག་གིན་བཅུག་སོགས་འབྲི་བ་ཡོད་ཀྱང་། དགེ་རྒན་གྱིས་སློབ་མ་རྣམས་ལ་རྩིས་རིག་སློབ་ཏུ་བཅུག་ཅེས་པའི་ཚིག་འདི་རིགས་ཀྱི་ལས་སུ་བྱ་བའི་རྣམ་དབྱེ་ལ་དོན་བསྡུས་ནས། སློབ་མ་རྣམས་ལ་རྩིས་རིག་སློབ་ཏུ་འཇུག ཞིང་པ་ཞིང་འདེབས་སུ་འཇུག དམག་མི་རྩལ་སྦྱང་བྱེད་དུ་ཆུགས་ཞེས་བྲིས་ན། བོད་སྐད་ཀྱི་བརྡ་སྤྲོད་དང་མི་མཐུན་པས་དོན་གོ་རྒྱུ་མེད་པ་དང་། ཡང་ན་ཕྱིན་ཅི་ལོག་ཏུའང་གོ་སྲིད་པ་ཡིན། བྱེད་མེད་ལས་ཚིག་དང་སྦྱར་བ།
-
(དཔེར་ན།) ཕ་མས་བྱིས་པ་ཚོ་སློབ་གྲྭར་འགྲོ་རུ་འཇུག་དགོས། དམག་དཔོན་གྱིས་དམག་མི་རྣམས་རྒྱུག་ཏུ་བཅུག འགོ་ཁྲིད་པས་ང་གནད་དོན་ཞིག་རྩད་གཅོད་བྱེད་དུ་འགྲོ་རུ་བཅུག བྱིས་པ་ཆུ་ལ་རྐྱལ་དུ་བཅུག སྒོ་ཕྱེ་ནས་ནང་ལ་བསེར་བུ་འོང་དུ་བཅུག སྒེའུ་ཁུང་ཕྱེ་ནས་ནང་གི་དུ་བ་ཕྱི་ལ་འགྲོ་རུ་འཇུག་དགོས། སྐྱེ་རུ་བཅུག འབར་དུ་འཇུག སྤྱང་ཀི་འཆི་རུ་ཆུགས། ཕྱུགས་འཕེལ་དུ་བཅུག་ལྟ་བུ། འདིར་ངེས་དགོས་པ་ནི། སྤྱང་ཀི་འཆི་རུ་ཆུགས། བསེར་བུ་འོང་དུ་བཅུག བུད་ཤིང་འབར་དུ་བཅུག་ཅེས་པ་ལྟ་བུའི་ཚིག་འདི་རིགས་ལ་རྣམ་དབྱེ་སྦྱར་ནས། སྤྱང་ཀི་ལ་འཆི་རུ་ཆུགས། བསེར་བུ་ལ་འོང་དུ་བཅུག་ཅེས་བྲིས་ན་བོད་སྐད་ཀྱི་བརྡ་སྤྲོད་དང་མི་མཐུན་པས། དོན་གོ་རྒྱུ་མེད་པའམ་ཡང་ན་ཕྱིན་ཅི་ལོག་ཏུ་འགྲོ་སྲིད་པ་རེད།
- language:
- Tibetan
-
chugs/ has 4 other terms directly related to it, which are presented here.