Skip to main content Skip to search
dkyil 'khor blos bslang /
ID:
T5473
  • དཀྱིལ་འཁོར་བློས་བསླང (Tibetan, Tibetan script, Original)
    • > dkyil 'khor blos bslang / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyinkhor lölang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

Dung-dkar 149-150.

language:
English

2. dung dkar bod rig pa'i tshig mdzod chen mo

བསྒོམ་བྱའི་གཞལ་ཡས་དང་ལྷ་ཚོགས་ཀྱི་དཀྱིལ་འཁོར་འབུར་ཐོན་ལངས་གཟུགས་སུ་བཞེངས་པ་སྟེ་དེང་སྐབས་འཛུགས་སྐྲུན་གྱི་བཀོད་པའི་ས་ཁྲ་ལངས་གཟུགས་ཅན་དང་མཚུངས་པ་ཡིན། དེ་སྔོན་བོད་དུ་གདན་ས་ཆེན་པོ་བཞི་དང་། ལྷ་ས་གཙུག་ལག་ཁང་། སྐུ་འབུམ། བཀྲ་ཤིས་འཁྱིལ། ས་སྐྱ། ངམ་རིང་སོགས་དགོན་སྡེ་ཆེ་བ་ཕལ་ཆེ་བའི་ནང་དཀྱིལ་འཁོར་བློས་བསླང་ཆེ་ཆུང་སྣ་ཚོགས་འཇིམ་པ་དང་ཤིང་ཙན་དན། གསེར་དངུལ་སོགས་ལས་བཞེངས་པ་མང་པོ་ཡོད་ཅིང་། དེང་སང་མཐོང་རྒྱུ་ཡོད་པ་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགོངས་རྫོགས་སུ་བཞེངས་པའི་དུས་འཁོར་བློས་བསླང་དེང་སང་པོ་ཏཱ་ལ་ཕོ་བྲང་དམར་པོའི་དུས་འཁོར་ལྷ་ཁང་དུ་ཡོད་པ་དེ་དང་། ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་དགུང་ལོ་ཞེ་གཉིས་སུ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ(༡༧༤༩)ལོར་དབེན་ས་སྙན་རྒྱུད་དང་། སྨད་རྒྱུད། སྲད་རྒྱུད་པ་རྣམས་ཀྱི་བློས་བསླང་ཕྱག་སྲོལ་རྣམས་གུང་བསྒྲིགས་ཐོག་དགའ་ལྡན་དུ་རྗེ་ཙོང་ཁ་པ་ཆེན་པོས་གསར་བཞེངས་གནང་བའི་གསང་བ་འདུས་པ་དང་། བདེ་མཆོག་། རྡོར་དབྱིངས་བཅས་ཀྱི་བློས་བསླང་། འབྲས་སྤུངས་སྔགས་ཁང་གི་བློས་བསླང་བཅས་ལ་ཞིབ་གཟིགས་མཛད་དེ་རྒྱུ་གསེར་ཟངས་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཁྲ་བཏབ་པའི་བདེ་མཆོག་དང་། གསང་བ་འདུས་པ། འཇིགས་བྱེད་བཅས་ཀྱི་བློས་བསླང་བཟོ་བཀོད་འགྲན་ཟླ་བྲལ་བ་རིམ་བཞིན་བཞེངས་གནང་མཛད་ཅིང་། དེའི་གནས་ཚུལ་སྐོར་གོང་མ་ཆེན་ལུང་གིས་མཁྱེན་རྗེས་ཆུ་སྤྲེལ(༡༧༥༢)ལོར་དཀྱིལ་འཁོར་གསུམ་སོ་སོའི་ཆ་ཚད་དང་མཐུན་པའི་རྟ་བབས་སྤུས་ལེགས་ངོ་གྲངས་བཅུ་གཉིས་ལ་གོང་མ་ཆེན་ལུང་རང་ཉིད་ཀྱི་མཚན་བྱང་འཁོད་པ་ཕྱག་རྟགས་སུ་འབུལ་གནང་མཛད་པ་དེ་བཞིན་དེང་སང་པོ་ཏཱ་ལ་ཕོ་བྲང་དམར་པོའི་བློས་བསླང་ལྷ་ཁང་དུ་མཇལ་རྒྱུ་ཡོད། སྐབས་འདིར་བཤད་པའི་བློས་བསླང་ནི་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་རྒྱུ་སྦྱོར་སྦྱིན་བདག་བྱས་ཏེ་རབ་བྱུང་བཅུ་གཉིས་པའི་ཆུ་བྱི(༡༧༣༢)ལོར་རྒྱུ་ཆ་རྣམས་ཙན་དན་དཀར་པོ་དང་། དྭ་བ་དྲ་ཕྱེད་རྣམས་མུ་ཏིག་ལས་བཟོས་པ་ཞིག་གསར་བཞེངས་བྱས། དེའི་ཐིག་ཚད་དང་བཟོ་བཀོད་རྣམས་ཞོགས་དོན་ཡོད་མཁས་གྲུབ་ཀྱི་སློབ་མ་དྭགས་པོ་དགེ་བཤེས་བློ་བཟང་སྦྱིན་པས་མཛད་པ་ཞིག་དེ་སྔོན་ལྷ་ས་གཙུག་ལག་ཁང་གི་དབུ་རྩེའི་བློས་བསླང་ཁང་དུ་བཞུགས་ཡོད་པ་དེར་ཟེར། དེའི་དཀར་ཆག་ནི། དྭགས་པོ་དགེ་བཤེས་སྐུ་ངོ་མས་མཛད་པགསང་བདེ་འཇིགས་གསུམ་གྱི་བློས་བསླང་དཀར་ཆག་ལེགས་བཤད་ནོར་བུའི་དོ་ཤལཞོལ་དཔར་ཁང་ཤར་གྱི་དཔར་མ་ལ་ཤོག་གྲངས༦༦ཡོད། དཀྱིལ་འཁོར་བློས་བསླང་བཞེངས་སྟངས་སྐོར་རོང་ཐ་བློ་བཟང་དམ་ཆོས་རྒྱ་མཚོས་མཛད་པའིཐིག་གི་ལག་ལེན་དུ་མ་གསལ་བར་བཤད་པ་བཟོ་རིག་མཛེས་པའི་ཁ་རྒྱནལྷ་ས་དཔར་མའི་ཤོག་གྲངས༣༡ནས༥༣བར་དང་། དེའི་དོགས་གཅོད་སྐོར་བཀྲ་ཤིས་འཁྱིལ་རྗེ་ཤེས་རབ་རྒྱ་མཚོའི་གསུང་འབུམ་ལྷ་ས་ཞོལ་དཔར་མའི་པོད[]པའི་ནངདཀྱིལ་འཁོར་སོ་སོའི་བློས་བསླང་གི་ཕྱག་ཁྲི་གསན་པའི་ཟིན་བྲིསགྲངས༢༢དང་། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའིབདེ་མཆོག་ལྷ་རེ་གཉིས་པའི་ནང་གི་ཐིག་རྩ་དང་དེའི་ཐོག་འབུབ་ཚུལ་ལ་དཔྱད་པ་གཟུར་གནས་མཁས་པའི་སྙན་སྒྲོནཤོག་གྲངས༨དེའི་གསུང་འབུམ་པོད[]པའི་ནང་ཡོད་པ་བཅས་ཕན་ཚུན་གོ་བསྡུར་གྱི་ཐོག་ནས་སློབ་དཔོན་མཁས་པའི་མཐོང་བ་བརྒྱུད་པའི་ཕྱག་ལེན་ལག་ཁྲིད་དང་དངོས་སྦྱོང་ཟུང་འབྲེལ་བྱས་ཏེ་སློབ་དགོས་པ་ཡིན་ལགས།

language:
Tibetan

3. Thupten Phuntsok Dictionary

བསྒོམ་བྱའི་གཞལ་ཡས་དང་ལྷ་ཚོགས་ཀྱི་དཀྱིལ་འཁོར་འབུར་ཐོན་ལངས་གཟུགས་སུ་བཞེང་པ་སྟེ་དེང་སྐབས་འཛུགས་སྐྲུན་གྱི་བཀོད་པའི་ས་ཁྲ་ལངས་གཟུགས་ཅན་དང་མཚུངས་པ་ཡིན།

language:
Tibetan