Skip to main content Skip to search
bcad shes/
ID:
T53761
  • བཅད་ཤེས (Tibetan, Tibetan script, Original)
    • > bcad shes/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > cheshé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jeffrey Hopkins Dictionary

Hopkins' Translations: subsequent cognizer; subsequent cognition; re-cognition
Sanskrit: {C}paricchinna-jñāna; *pariccinnajñāna

མཚན་ཉིད། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་རྟོགས་པའི་ཚད་མིན་གྱི་རིག་པ་
Definition: a knower which is not a direct perceiver and which realizes what has already been realized by the former direct perceiver inducing it
དབྱེ་བ། 1མངོན་སུམ་བཅད་ཤེས། 2རྟོག་པ་བཅད་ཤེས། 
Divisions: (1) directly perceiving subsequent cognizer; (2) conceptual subsequent cognizer

one of the types of knowledge and awareness (blo rig) according to the sevenfold division; for others see: blo rig

language:
English

2. Rangjung Yeshe Dictionary

  • subsequent cognition, subsequent perception [ggd]

    language:
    English
  • decisiveness, determinate cognition, subsequent cognition, subsequent cognizer; དཔྱད་ཤེས་ (paricinna-jnana)

    language:
    English

3. Ives Waldo Dictionary

subsequent cognition/ cognizer/ knowledge

language:
English

4. Jim Valby Dictionary

recognition, judgment of perception, inference, subsequent cognizer, subsequent cognition

language:
English

5. bod rgya tshig mdzod chen mo

[749] བློ་རིག་བདུན་གྱི་ནང་གསེས། རྟོགས་ཟིན་རྟོགས་པའི་རིག་པ་སྟེ། རང་འདྲེན་བྱེད་ཀྱི་ཚད་མས་རྟོགས་ཟིན་གྱི་དོན་སླར་ཡང་རྟོགས་པ། དཔེར་ན་བུམ་འཛིན་མངོན་སུམ་སྐད་ཅིག་གཉིས་པ་དང། སྒྲ་མི་རྟག་རྟོག་པའི་རྗེས་དཔག་སྐད་ཅིག་གཉིས་པ་ལྟ་བུ། ཚད་མའི་ཤེས་པས་སྒྲོ་འདོགས་བཅད་ཟིན་པ་དེ་སླར་ཡང་ཤེས་པའོ། ...

language:
English

6. dag yig gsar bsgrigs

is related to
bcad/

བློ་རིག་བདུན་གྱི་ནང་གསེས། རྟོགས་ཟིན་རྟོགས་པའི་རིག་པ། རང་འདྲེན་བྱེད་ཀྱི་ཚད་མས་རྟོགས་ཟིན་གྱི་དོན་སླར་ཡང་རྟོགས་པ།

language:
Tibetan

7. dung dkar bod rig pa'i tshig mdzod chen mo

བློ་རིག་བདུན་དུ་དབྱེ་བའི་ནང་གསེས་ཤིག་སྟེ་རྟོགས་ཟིན་རྟོགས་པའི་རིག་པ་བཅད་ཤེས་ཀྱི་མཚན་ཉིད། དེ་ཡང་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་པའི་བྱེད་པ་མ་ཉམས་པའི་དོན་དེ་ཉིད་སླར་ཡང་འཛིན་པའམ་རྟོགས་པ་ཞིག་ཡིན། མཚན་གཞི་ནི། བུམ་འཛིན་མངོན་སུམ་སྐད་ཅིག་གཉིས་པ་དང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐད་ཅིག་གཉིས་པ་ལྟ་བུའོ། །དེ་ལ་དབྱེ་ན། རྟོག་པ་བཅད་ཤེས་དང་རྟོག་མེད་བཅད་ཤེས་གཉིས་སོ། །རང་རྒྱུད་པ་མན་ཆད་ཀྱིས་ཚད་མར་གསར་རྟོགས་དགོས་པའི་རྒྱུ་མཚན་་གྱིས་བཅད་ཤེས་ཚད་མ་མིན་པ་འདོད་ཀྱང་ཐལ་འགྱུར་བའི་ལུགས་འདི་ནི། དཔྱད་་ཤེས་ཡིན་ན་མངོན་སུམ་ཚད་མ་ཡིན་པས་ཁྱབ་པར་བཞེད་དེ། ཚད་མའི་མཚན་ཉིད་ལ་མི་བསླུ་བ་ཙམ་ཞིག་ལས་གསར་རྟོགས་མི་དགོས་པའི་རྒྱུ་མཚན་གྱིས་སོ། །

language:
Tibetan

8. Thupten Phuntsok Dictionary

རང་ཉིད་ཚད་མ་མ་ཡིན་ལ་ཚད་མས་རྟོགས་ཟིན་པའི་དོན་དེ་དོན་དང་མཐུན་པར་མངོན་པར་ཞེན་པའི་ཤེས་པ་གཅིག

language:
Tibetan

9. smon lam tshig mdzod chen mo

བློ་རིག་བདུན་གྱི་ནང་གསེས། རྟོགས་ཟིན་རྟོགས་པའི་རིག་པ། རང་འདྲེན་བྱེད་ཀྱི་ཚད་མས་རྟོགས་ཟིན་གྱི་དོན་སླར་ཡང་རྟོགས་པ། དཔེར་ན་བུམ་འཛིན་མངོན་སུམ་སྐད་ཅིག་གཉིས་པ་དང༌། སྒྲ་མི་རྟག་རྟོག་པའི་རྗེས་དཔག་སྐད་ཅིག་གཉིས་པ་ལྟ་བུ། ཚད་མའི་ཤེས་པས་སྒྲོ་འདོགས་བཅད་ཟིན་པ་དེ་སླར་ཡང་ཤེས་པའོ། །

language:
Tibetan

10. Negi Tibetan-Sanskrit Dictionary

pā. chedajñā mi.ko.96ka

language:
Sanskrit

bcad shes/ has 1 other term directly related to it, which is presented here.