Skip to main content Skip to search
ngor chen kun dga' bzang po/
ID:
T51632
  • ངོར་ཆེན་ཀུན་དགའ་བཟང་པོ (Tibetan, Tibetan script, Original)
    • > ngor chen kun dga' bzang po/ (Tibetan, Latin script, Transliteration-THL Extended Wylie Transliteration)

Ngorchen Kunga Zangpo. A Sakya lama (1382–1456), who founded ngor ewaM chos ldan monastery in 1429.

language:
English
Author:
Chris Hatchell
Other Dictionaries

Other Dictionaries

1. Rangjung Yeshe Dictionary

1382-1444 - Ngorchen Kunga Zangpo, founder of Ngor Ewam Chöden Monastery in Tsang

language:
English

2. dung dkar bod rig pa'i tshig mdzod chen mo

ས་སྐྱའི་བླ་མ་ཀུན་དགའ་བཟང་པོ་མཆོག་ནི་རབ་བྱུང་དྲུག་པའི་ཆུ་ཁྱི་༡༣༨༢ ) ལོར་ཡབ་དཔོན་ཚང་གྲུབ་པ་ཡོན་ཏན་དང་ཡུམ་བསོད་ནམས་དཔལ་ལྡན་ཞེས་པ་གཉིས་ཀྱི་སྲས་སུ་དཔལ་ས་སྐྱར་སྐུ་འཁྲུངས། དགུང་ལོ་དྲུག་པར་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་སྦྱོང་བར་མཛད། དགུང་ལོ་དགུ་པར་ཡེ་ཤེས་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་རིམ་བཞིན་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ནས་དགེ་སློང་དང་། བྱང་སེམས། གསང་བ་སྔགས་ཀྱི་སྡོམ་པ་ཡང་དག་པར་བཞེས། མདོ་སྔགས་ཀྱི་ཆོས་མ་ལུས་པ་ཐུགས་ལ་བཏགས། ཁྱད་པར་དཔལ་ལྡན་ས་སྐྱའི་ལུགས་ཀྱི་དཀྱིལ་ཆོག་དང་སྒྲུབ་ཐབས་རྣམས་ལེགས་པར་གསན་ཏེ་མཁས་པའི་སྙན་གྲགས་ཐོབ་ཅིང་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་གྱི་སྲས་ཀྱི་ཐུ་བོར་གྱུར། དགུང་ལོ་ཉེར་ལྔ་ པར་རྗེ་ཡེ་ཤེས་རྒྱལ་མཚན་སྐུ་གཤེགས་པས་ཤངས་ཆོས་འཁོར་སྒང་དང་ཞེ་དགོན་དུ་ཕེབས་ནས་ལོ་ཙཱ་བ་སྐྱབས་མཆོག་དང་གྲུབ་ཆེན་བུངྷ་ཤྲཱིའི་དྲུང་དུ་གསུང་ངག་གི་བདུད་རྩི་སོགས་སྙིང་བཅུད་ཚིམ་པར་རོལ།
དེ་ནས་ས་སྐྱ་དགོན་པར་བྱོན་ཏེ་བླ་མ་གཞོན་ནུ་བློ་གྲོས་བསྟེན་ནས་དམ་ཆོས་ཡུན་རིང་གསན།
གྲུབ་ཆེན་བུངྷ་ལས་གསུང་ངག་གི་བདུད་རྩི་སོགས་ཚིམ་པར་རོལ།
དགུང་ལོ་ཉེར་དགུ་པ་རབ་བྱུང་བདུན་པའི་ལྕགས་སྟག༡༤༡༠ ) ལོར་ས་བཟང་དགོན་པའི་བདག་པོ་མཛད་དེ་དགུང་ལོ་ཞེ་དགུ་བར་གདན་སར་བཞུགས།
བཤད་ཁྲིད་དང་། དབང་ལུང་། སྡོམ་པ་འབོགས་པ་སོགས་ཆོས་སྦྱིན་རྒྱ་ཆེར་མཛད།
དགུང་ལོ་ཞེ་བརྒྱད་པ་ས་བྱ༡༤༢༩)ལོར་ངོར་ཆོས་སྡེ་བཏབ།
དགུང་ལོ་ཞེ་དགུ་པ་ལྕགས་ཁྱི༡༤༣༠)ལོར་ན་བཟའ་ཕུག་གི་རི་ཁྲོད་དང་།
བསམ་གླིང་རི་ཁྲོད།
ཨེ་ཝཾ་བཅས་ལ་ཕེབས་ནས་འཆད་ཉན་མཛད། དཔལ་ལྡན་ས་སྐྱ་བའི་རྒྱུད་མན་ངག་དང་།
རྒྱུད་སྡེ་བཞིའི་བསྟན་པ་སྤྱི་ཁྱབ། ཁྱད་པར་བྱ་སྤྱོད་ཀྱི་བསྟན་པ་ལེགས་པར་དར་སྤེལ་མཛད།
སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས། བཤད་གྲྭ་བཙུགས་པ་སོགས་མཛད་པས།
ཨེ་ཝཾ་ཆོས་ལྡན་གྱི་གདན་ས་ཆེན་པོ་ཆགས།
སྐལ་ལྡན་གྱི་སློབ་མ་ལ་མཚོན་ན་ས་སྐྱའི་གདུང་རྒྱུད་གཞི་ཐོགས་པ་ཀུན་དགའ་དབང་ཕྱུག
བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག
ངོར་མཁན་པོ་དཀོན་མཆོག་རྒྱལ་མཚན།
ཀུན་མཁྱེན་གོ་རབ་འབྱམས་པ་བསོད་ནམས་སེང་གེ
པཎ་ཆེན་འབུམ་ཕྲག་གསུམ་པ། ཀུན་མཁྱེན་དགའ་སྡོང་པ། སྨར་ཁམས་པ་གྲགས་པ་བཟང་པོ་སོགས་ཀྱིས་གཙོ་བོར་གྱུར་པའི་བསྟན་འཛིན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱོན།
རྩོམ་པ་ལ། གསུང་ཆོས་སྒྲུབ་ཐབས་ཀྱི་སྐོར་དང་།
ཐོབ་ཡིག
ཆོ་ག
རྣམ་ཐར། སྤྲིངས་ཡིག་སོགས་ཨེ་ཝཾ་བཀའ་འབུམ་དུ་གྲགས་པ་པོད་བཞིར་བསྡུས།
མཐར་དགུང་ལོ་བདུན་ཅུ་དོན་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་མེ་བྱི༡༤༥༦ )ལོར་ཨེ་ཝཾ་དགོན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan

3. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དང་པོ་ཡིན། ས་སྐྱའི་བླ་མ་ཀུན་དགའ་བཟང་པོ་མཆོག་ནི་རབ་བྱུང་དྲུག་པའི་ཆུ་ཁྱི་ (༡༣༨༢) ལོར་ཡབ་དཀོན་ཚང་གྲུབ་པ་ཡོན་ཏན་དང་ཡུམ་བསོད་ནམས་དཔལ་འདྲེན་ཞེས་པ་གཉིས་ཀྱི་སྲས་སུ་དཔལ་ས་སྐྱར་སྐུ་འཁྲུངས། དགུང་ལོ་དགུ་པར་ཡེ་ཤེས་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་རིམ་བཞིན་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ནས་དགེ་སློང་དང་། བྱང་སེམས། གསང་བ་སྔགས་ཀྱི་སྡོམ་པ་ཡང་དག་པར་བཞེས། མདོ་སྔགས་ཀྱི་ཆོས་མ་ལུས་པ་ཐུགས་ལ་བཏགས། དགུང་ལོ་ཉེར་དགུ་པ་རབ་བྱུང་བདུན་པའི་ལྕགས་སྟག (༡༤༡༠) ལོར་ས་བཟང་དགོན་པའི་བདག་པོ་མཛད་དེ་དག་ཝང་ལོ་ཞེ་དགུ་བར་གདན་སར་བཞུགས། བཤད་ཁྲིད་དང་། དབང་ལུང་། སྡོམ་པ་འབོགས་པ་སོགས་ཆོས་སྦྱིན་རྒྱ་ཆེར་མཛད། དགུང་ལོ་ཞེ་བརྒྱད་པ་ས་བྱ (༡༤༢༩) ལོར་ངོར་ཆོས་སྡེ་བཏབ། དཔལ་ལྡན་ས་སྐྱ་པའི་རྒྱུད་མན་ངག་དང་། རྒྱུད་སྡེ་བཞིའི་བསྟན་པ་སྤྱི་ཁྱབ། ཁྱད་པར་བྱ་སྤྱོད་ཀྱི་བསྟན་པ་ལེགས་པར་དར་སྤེལ་མཛད། སྐུ་གསུང་ཐུགས་ཀྱི་བརྟེན་མང་དུ་བཞེངས། བཤད་གྲྭ་བཙུགས་པ་སོགས་མཛད་པས། ཨེ་ཝཾ་ཆོས་ལྡན་གྱི་གདན་ས་ཆེན་པོ་ཆགས། སྐལ་ལྡན་གྱི་སློབ་མ་ལ་མཚོན་ན་ས་སྐྱའི་གདུང་རྒྱུད་བཞི་ཐོགས་པ་ཀུན་དགའ་དབང་ཕྱུག བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག ངོར་མཁན་པོ་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་གོ་བོ་རབ་འབྱམས་བསོད་ནམས་སེང་གེ་སོགས་ཀྱིས་གཙོ་བོ་གྱུར་པའི་བསྟན་འཛིན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱོན། གསུང་ཆོས་སྒྲུབ་ཐབས་ཀྱི་སྐྱོར་སོགས་ཨེ་ཝཾ་བཀའ་འབུམ་དུ་གྲགས་པ་པོད་བཞིར་བསྡུས། མཐར་དགུང་ལོ་བདུན་ཅུ་དོན་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་མེ་བྱི (༡༤༥༦) ལོར་ཨེ་ཝཾ་དགོན་དུ་སྐུ་གཤེགས།

language:
Tibetan

4. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1382 ལོར་དཔལ་ས་སྐྱར་ཡབ་གྲུབ་པ་ཡོན་ཏན་དང་། ཡུམ་བསོད་ནམས་དཔལ་ལྡན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ 1456 ལོར་སྐུ་གཤེགས། དགུང་ལོ་དྲུག་པར་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ལས་ཡི་གེའི་འབྲི་ཀློག་སྦྱོང་བར་མཛད། དགུང་ལོ་དགུ་པར་ཡེ་ཤེས་རྒྱལ་མཚན་ལས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བླངས། དེ་ནས་རིམ་གྱིས་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ལས་དགེ་སློང་དང་། བྱང་སེམས། གསང་སྔགས་ཀྱི་སྡོམ་པ་བླངས། མདོ་སྔགས་ཀྱི་གཞུང་ལ་མཁས་པར་གྱུར་པ་དང་། ཁྱད་པར་དུ་ས་སྐྱའི་ལུགས་ཀྱི་ཆོ་ག་དང་ཕྱག་ལེན་ཐམས་ཅད་ཐུགས་སུ་ཆུད། དགུང་ལོ་ཉེར་ལྔ་པར་ཤངས་ཆོས་འཁོར་སྒང་དུ་བྱོན་ནས་ལོ་ཙཱ་བ་སྐྱབས་མཆོག་དང་། ཞེ་དགོན་དུ་བྱོན་ནས་བུ་དྷཱ་ཤྲཱི་ལས་ཆོས་མང་དུ་གསན། དེ་ནས་ས་བཟང་དགོན་དུ་བྱོན་ནས་ས་བཟང་བླ་མ་གཞོན་ནུ་བློ་གྲོས་ལས་ཆོས་ཡུན་རིང་དུ་གསན། དགུང་ལོ་ཉེར་དགུ་པར་ས་བཟང་བླ་མའི་[450]བཀའ་ལྟར་ས་བཟང་དགོན་པའི་གདན་ས་ལོ་བཅུ་དགུ་བར་དུ་བསྐྱངས་མཛད། དགུང་ལོ་ཞེ་དགུ་པར་ན་བཟའ་ཕུག་རི་ཁྲོད་དང་། བསམ་གླིང་རི་ཁྲོད། ཨེ་རི་ཁྲོད་སོགས་སུ་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད། དེ་ནས་ཡེ་ཝཾ་རི་ཁྲོད་དུ་གཙུག་ལག་ཁང་དང་། ཐུབ་སྐུ་གསེར་ཞུན་མ། བཀའ་འགྱུར་གསེར་བྲིས་གསར་བཞེངས་མཛད་ཅིང་། བཤད་གྲྭ་བཙུགས་པ་སོགས་མཛད་ནས་ངོར་ཡེ་ཝམ་ཆོས་ལྡན་གྱི་གདན་ས་ཆེན་པོ་གསར་དུ་བཏབ། སྐུ་ཚེ་གང་བོར་གཞན་དོན་འབའ་ཞིག་མཛད་ནས་དུས་འདའ་བར་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ས་སྐྱའི་གདུང་རྒྱུད་བཞི་ཐོག་པ་ཀུན་དགའ་དབང་ཕྱུག་དང་། བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག ངོར་མཁན་པོ་དཀོན་མཆོག་རྒྱལ་མཚན། གཞོན་ནུ་རྒྱལ་མཚན། དབང་ཕྱུག་གྲགས་བཟང་སོགས་ཡིན། ཁོང་གི་གསུང་རྩོས་ནིརྡོ་རྗེ་རྣལ་འབྱོར་མའི་བསྟོད་པདང་།ཐོབ་ཡིག་རྒྱ་མཚོསྤྲིང་ཡིག་སློབ་མ་ལ་ཕན་པབཅས་ཨེ་ཝཾ་བཀའ་འབུམ་ཞེས་པོད་བཞི་བཞུགས་སོ།

language:
Tibetan
Grammars:
Language: