- dkar yol/
- ID:
- T5141
- དཀར་ཡོལ (Tibetan, Tibetan script, Original)
- > dkar yol/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > karyöl (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Dan Martin Dictionary
dkar yol ni yol go zhes pa snod yin pas snod dkar po'i ming. Utpal 19.2. Long discussion in Dung-dkar 139.
- language:
- English
3. Rangjung Yeshe Dictionary
-
porcelain bowl
- language:
- English
-
porcelain cup, porcelain. 1) cup. 2) bowl. 3) porcelain. 4) chinaware
- language:
- English
5. Jim Valby Dictionary
bowl, rice bowl, teacup, crockery, porcelain, chinaware, china cup
- language:
- English
6. bod rgya tshig mdzod chen mo
[58] དཀར་པོའི་ཡོལ་གོ། ... དཀར་ཡོལ་ཆ་གཅིག་... དཀར་ཡོལ་རྙིང་མ། ...
- language:
- English
7. dag yig gsar bsgrigs
-
༡ རྫ་འདམ་དཀར་བོས་བཟོས་ནས་སོ་བཏང་བའི་ཕོར་བའི་མིང་།
- language:
- Tibetan
-
༢ དཀར་ཡོལ་དང་རྒྱུ་འདྲ་བའི་སྣོད་སྤྱད་ཀྱི་མིང་སྟེ། དཀར་ཡོལ་སྡེར་མ། དཀར་ཡོལ་རྫ་མ་ཞེས་པ་ལྟ་བུ། ཚིག་བསྡུས་ན་དཀར་ཞེས་འབྲི་ཆོག་སྟེ། དཀར་ཡོལ་སྡེར་མ་ལ་དཀར་སྡེར་ཟེར་བ་ལྟ་བུ།
- language:
- Tibetan
8. dung dkar bod rig pa'i tshig mdzod chen mo
ད་ཡོད《རྒྱ་བོད་ཡིག་ཚང》སོགས་དཔྱད་གཞིའི་ཡིག་ཆ་འགའ་ཞིག་གཞིར་བཟུང་ན། སྔར་དུས་རབས་བདུན་པའི་མཇུག་བོད་ཀྱི་བཙན་པོ་འདུས་སྲོང་མང་པོ་རྗེས་སྲིད་དབང་སྐྱོང་སྐབས་རྒྱལ་པོའི་བསྙུན་གཞིར་ཕན་པའི་ཇ་ཤིང་གི་ལོ་མ་འཚོལ་དུ་བཏང་སྐབས་མེས་རྒྱལ་གྱི་ལྷོ་ཕྱོགས་འཇང་གི་ཡུལ་ནས་ཇ་ཤིང་ལོ་མ་རྙེད་དེ་བོད་དུ་དབོར་འདྲེན་བྱས་ཤིང་། ཇ་ཤིང་གི་ལོ་མའི་ཁུ་བ་དེས་བཙན་པོ་འདུས་སྲོང་མང་པོ་རྗེའི་བསྙུན་གཞི་སེང་དྭངས་བྱུང་བར་བརྟེན་བཙན་པོས་རྒྱུན་དུ་ཇ་འཐུང་བའི་གོམས་གཤིས་ཆགས་ཤིང་། ཇ་འཐུང་བའི་སྣོད་སྤྱད་སྤྱིར་བཏང་མ་ཡིན་པ་ཞིག་དགོས་པར་དགོངས་ནས་ཐང་རྒྱལ་རབས་ཀྱི་གོང་མ་ཝུ་ཙེ་ཐེའན(武则天)ལ་ཕོ་ཉ་བཏང་ནས་དཀར་ཡོལ་ཇ་དཀར་ཆེ་ཆུང་སྣ་ཚོགས་དགོས་ཞེས་རེ་བ་འདོན་གནང་མཛད་ཀྱང་དཀར་ཡོལ་ངོ་མ་བསྐུར་རྒྱུར་ཁས་ལེན་མ་བྱས་པར་དཀར་ཡོལ་བཟོ་རྩལ་མཁས་པ་མི་གཉིས་བོད་དུ་བཏང་འབྱོར་བྱུང་ཞིང་། སྐབས་དེར་ལྷོ་ཁ་གྲ་ནང་སོགས་ས་གནས་འགའ་ཞིག་ནས་དཀར་ཡོལ་བཟོ་བའི་རྒྱུ་ཆའི་ཐོན་ཁུངས་འགའ་ཞིག་བེད་སྤྱད་ནས་དཀར་ཡོལ་བཟོས་པ་ལས། དཀར་ཡོལ་རྒྱུ་ཆ་ལེགས་ཤོས་རྡོའི་རིགས་ལས་བཟོས་པ་རྣམས་ལ་རི་མོ་བྱའི་ཁ་ལ་ཇ་ཤིང་གི་ལོ་མ་ཁྱེར་བ་ཞིག་ཡོད་པ་དང་། འབྲིང་གྲས་ཀྱི་རི་མོ་ལ་མཚོ་ཡི་ནང་དུ་ཉ་ཡོད་པ། དཀྱུས་མའི་གྲས་ཀྱི་རི་མོ་ལ་སྤང་རི་ཤིང་དང་བཅས་པ་གྱིས་ཤིག་ཅེས་བཙན་པོས་བཀའ་གནང་། དཀར་ཡོལ་ལེགས་གྲས་ཁག་གསུམ་གྱི་མིང་ལ་ཤབ་ཚེ། ལན་ཚེ། ཤང་ཚེ་ཞེས་བཏགས་ཤིང་། འབྲིང་དང་དཀྱུས་མའི་མིང་ལ་ཐེག་ཚེ། ངེས་ཚེ། རྡོ་ཚེ་བཅས་སུ་མིང་བཏགས་པར་བཤད། དཀར་ཡོལ་བཟོ་བའི་ལག་རྒྱུན་ནི་བོད་ཀྱི་རབ་བྱུང་དགུ་པའི་མགོར་མཁས་གྲུབ་གན་དཀར་ཞེས་ལྷོ་ཁ་གྲ་ནང་གི་མཁས་གྲུབ་ནོར་བཟང་རྒྱ་མཚོ་སྐུ་གཞོན་ནུའི་སྐབས་དཀར་ཡོལ་མི་ཉུང་བ་ཞིག་བཟོ་གནང་མཛད་པའི་ལོ་རྒྱུས་ཡིག་ཆའི་ནང་འཁོད་པ་དེ་ལ་ཡོངས་གྲགས་སུ་གྲ་དཀར་ཞེས་འབོད་པར་བཤད། དེ་ནས་རྒྱུ་ཆའི་ཐོན་ཁུངས་དཀོན་པའི་རྐྱེན་གྱིས་ཡིན་ནམ་བོད་དཀར་བཟོ་བའི་ལག་རྒྱུན་ཆད་འདུག་དཀར་ཡོལ་བཟོ་ཐབས་ཀྱི་རིག་པ་འགའ་ཞིག་སྡེ་དགེ་དིས་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི《བཟོ་ཡིག་པ་ཏྲའི》ནང་ཁག་གཉིས་བཀོད་ཡོད་ཅིང་། དཀར་ཡོལ་ལེགས་ཉེས་བརྟག་པའི་དཔེ་ཆ་ཁག་གཅིག་དུས་རབས་བཅོ་ལྔ་པའི་མགོར་སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོས་བརྩམས་པའི《རྒྱ་བོད་ཡིག་ཚང》གི་ནང་བཀོད་འདུག་དེའི་ནང་དོན་མདོར་བསྡུས་ན་དཀར་ཡོལ་གྱི་རྒྱུ་ཆ། ལེགས་ཉེས། མདོག་། བཟོ་དབྱིབས། རི་མོ། ཁ་ཞེང་ཆེ་ཆུང་། རྐང་པ་རིང་ཐུང་། འཇམ་ཤ་དོད་མིན། སྲབ་མཐུག་། ཐོན་ཁུངས། ནུས་པ་བཅས་དོན་ཚན་བཅུ་གཅིག་གི་སྒོ་ནས་ཞིབ་གསལ་བཤད་ཡོད།
- language:
- Tibetan
10. smon lam tshig mdzod chen mo
-
1.རྫ་འདམ་དཀར་པོས་བཟོས་ནས་སོ་བཏང་བའི་ཕོར་བའི་མིང།
- language:
- Tibetan
-
2.དཀར་ཡོལ་དང་རྒྱུ་འདྲ་བའི་སྣོད་སྤྱད་ཀྱི་མིང་སྟེ།
- Model Sentence
(དཔེར་ན།) དཀར་ཡོལ་སྡེར་མ། དཀར་ཡོལ་རྫ་མ་ཞེས་པ་ལྟ་བུ། ཚིག་བསྡུས་ན‘དཀར’ཞེས་འབྲི་ཆོག་དཀར་ཡོལ་སྡེར་མ་ལ་དཀར་སྡེར་ཟེར་བ་ལྟ་བུ།
- language:
- Tibetan
11. Lokesh Chandra Tibetan-Sanskrit dictionary
- Sanskrit:
-
- kāñjakhorī (?)
- śvetakuṇḍā