- klu mes/
- ID:
- T4310
- ཀླུ་མེས (Tibetan, Tibetan script, Original)
- > klu mes/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > lumé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
Lumey. Disciple of བླ་ཆེན་ who brought the Vinaya lineage back to central Tibet in tenth century after period of disruption
- language:
- English
3. dung dkar bod rig pa'i tshig mdzod chen mo
བོད་ཀྱི་བསྟན་པ་ཕྱི་དར་སྐབས་མཛད་རྗེས་ཆེ་བའི་འདུལ་བ་འཛིན་པ་ཆེན་པོ་ཞིག་ཡིན། མཚན་དངོས་ཚུལ་ཁྲིམས་ཤེས་རབ་ཟེར། འཁྲུངས་ཡུལ་ནི་གླག་བ་ལམ། (དེང་སང་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས་བདེ་ཆེན)ཁོང་བྱོན་པའི་དུས་ཚོད་ནི《དེབ་སྔོན》ཤོག་གྲངས༡༠༢ལས། ཇོ་བོ་རྗེ་ལྷ་གཅིག་བོད་དུ་བྱོན་པའི་སྔ་རོལ་ལོ་དྲུག་ཅུ་རྩ་བཞི་པོ་དེའི་ཁོངས་སུ་ཀླུ་མེས་དཔོན་སློབ་ཀྱིས་གཙུག་ལག་ཁང་མང་དུ་མཛད་དེ། ས་མོ་བྱ་ཡི(༡༠༠༩)ལོར་ལ་མོར་འགྱེལ་གྱི་གཙུག་ལག་ཁང་བརྩིགས་ཞེས་གསལ་བ་ལྟར་དུས་སྐབས་དེ་རང་ལ་བྱོན་པར་ངེས། འདུལ་འཛིན་ཆེན་པོ་དེས་འབྲིང་ཡེ་ཤེས་ཡོན་ཏན་དང་། ཚོང་བཙུན་ཤེས་རབ་སེང་གེ་། ལོ་སྟོན་རྡོ་རྗེ་དབང་ཕྱུག། སུམ་པ་ཡེ་ཤེས་བློ་གྲོས། རྒྱ་བློ་གྲོས་ཤེས་རབ། གཞོན་བན་ཆོས་མཆོག་བཅས་བདུན་དང་མཉམ་དུ་མདོ་སྨད་དུ་ཕེབས་ནས་བླ་ཆེན་དགོངས་པ་རབ་གསལ་གྱི་དངོས་སློབ་གྲུམ་ཡེ་ཤེས་རྒྱལ་མཚན་གྱི་དྲུང་ནས་ལྔས་དགེ་སློང་དང་། རྒྱ་གཞོན་གཉིས་ཀྱིས་དགེ་བསྙེན་ཞུས། དབུས་སུ་ཡར་ཕེབས་ནས་ཀླུ་མེས་དང་འབྲིང་གཉིས་ཀྱིས་དབུས་ཁུལ་དུ་གནས་གཞི་བཟུང་ནས་སྡོམ་རྒྱུན་སྤེལ་བར་མཛད་པས་ཁོང་རྣམ་གཉིས་ལས་སློབ་བརྒྱུད་མང་དུ་འཕེལ་ཞིང་། དེའི་ནང་ནས་ཀླུ་མེས་ལ་སློབ་མ་ཀ་བ་བཞིའམ་བུ་བཞི(༡རྔོག་བྱང་ཆུབ་འབྱུང་གནས། ༢་སྣ་ནམ་རྡོ་རྗེ་དབང་ཕྱུག། ༣་གྲུ་མེར་ཚུལ་ཁྲིམས་འབྱུང་གནས། ༤གླན་ཡེ་ཤེས་ཤེས་རབ)བྱུང་། རབ་བྱུང་དང་པོའི་གོང་གི་ས་བྱ(༡༠༠༩)ལོར་དབུས་སྟོད་ལ་མོར་འགྱེལ་གྱི་གཙུག་ལག་ཁང་ཕྱག་བཏབ། དེ་རྗེས་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་ཞབས་འབྲིང་མཛད་དེ་བྲག་ཡེར་པར་བྱོན་སྐབས་ཡེར་པའི་དགེ་བཤེས་ཀླུ་མེས་འབྲོམ་ཆུང་གིས་སྦྱིན་བདག་མཛད་དོ། ཡེར་པའི་ཤུག་གསེབ་ཏུ་ཤུག་པའི་ཡལ་ག་བཅད་དེ་སྤྱིལ་པོ་ཆུང་ངུ༌ཞིག་ཕུབ་ནས་ཐུགས་དགྱེས་བཞིན་དུ་བཞུགས་པར་བརྟེན༌ཉེ་གནས་ཞང་སྣ་ནམ་པས་དགེ་བཤེས་འབྲོམ་ཆུང་ལ་ས་གནས་འདིར་གནས་གཞི་ཆུང་ངུ་ཞིག་གི་ས་ཆ་གནང་བར་ཞུས་པ་ལྟར་ཤུག་གསེབ་ཏུ་བ་མོ་གཅིག་ཉལ་ས་ཤོང་ཙམ་གྱི་ས་ཡོད་པ་དེར་གནས་གཞི་ཐོག་མར་རྩིག་པའི་མིང་ལ་ཡེར་པ་བ་རང་དུ་ཐོགས། དེ་ནི་ཀླུ་མེས་ཚོ་པའི་གནས་གཞི་སྔ་ཤོས་དེ་ཡིན་ཅིང་། དེ་ནས་སྡོམ་རྒྱུན་དང་བཤད་རྒྱུན་སྤེལ་བར་མཛད་པས་སློབ་བརྒྱུད་ཀ་བ་བཞི་དང་། གདུང་བཞི། གྲལ་བུ་བཞི་ལ་སོགས་པ་མང་དུ་བྱུང་། དེ་ནས་འཁྲུངས་ཡུལ་བ་ལམ་དུ་ཤ་ཚ་ལྷ་ཁང་བཞེངས། དེ་ནས་ཆུ་གླང(༡༠༡༣)ལོར་བྲུམ་འབར་བ་བྱང་ཆུབ་ཀྱིས་མོང་མཁརའབྲས་མོར(ལྷོ་ཁ་ཁུལ་དུ་ཡོད)གདན་དྲངས་ཤིང་། གདན་འདྲེན་དུ་ཡོང་མི་གཞོན་ནུ་རིན་ཆེན། གཉགས་ཡོན་ཏན་སྙིང་པོ། མཆིམས་ལྷུན་གྲུབ་རྒྱལ་མཚན། བཙུན་པ་མཆོག་བུ་བཞིས་ཀླུ་མེས་ཀྱི་དྲུང་ནས་སྡོམ་པ་ཞུས། ཀ་ཆུའི་ལྷ་ཁང་ཉམས་གསོ་བྱས་ཏེ་ཀ་ཆུར་གནས་གཞི་བཟུང་། ཀླུ་མེས་ཀྱིས་བསམ་ཡས་དབུ་རྩེའི་གཙུག་ལག་ཁང་ལ་ཉམས་གསོ་ལེགས་པར་མཛད། སྐུ་ཚེའི་སྨད་དུ་གྲ་ཐང་དུ་ཡོད་པའི་སྔགས་སྡེ་དང་ཀླུ་མེས་ཀྱི་སྡེ་བར་ལ་འཁྲུགས་རྩོད་བྱུང་བའི་ནང་ཀླུ་མེས་ཀྱི་སྡེ་ལ་རྒྱལ་ཁ་ཐོབ་པར་བརྟེན། སྔགས་པ་རྣམས་ཞེ་ནད་མ་ཁྱོག་པར་མཐུ་གཏད་བྱས་པའི་རྐྱེན་གྱིས་ཀླུ་མེས་ཆེན་པོ་དང་ཁོང་གི་སློབ་མ་གྲུ་མེར་ཚུལ་ཁྲིམས་འབྱུང་གནས་གཉིས་ཀར་མཛེ་ནད་བྱུང་སྟེ་སྐུ་གཤེགས། སྐུ་གདུང་སྤུར་བཞུ་མ་བྱས་པར་དམར་གདུང་ཉམས་མེད་དུ་ཐང་པོ་ཆེའི་མཆོད་རྟེན་འོད་འབར་གྱི་ནང་དུ་བཞུགས་ཚུལ《དེབ་སྔོན》ལས་གསུངས། གོང་གསལ་ལོ་རྒྱུས་རྣམས《ལྡེའུ་ཆོས་འབྱུང》རྒྱས་བསྡུས་གཉིས་དང་། 《ནེལ་པ་ཆོས་འབྱུང》《དེབ་སྔོན》བཅས་ནས་ཕྱོགས་བསྡུས་བྱས་པ་ཡིན།
- language:
- Tibetan
4. Thupten Phuntsok Dictionary
བོད་ཀྱི་བསྟན་པ་ཕྱི་དར་སྐབས་མཛད་རྗེས་ཆེ་བའི་འདུལ་བ་འཛིན་པ་ཆེན་པོ་ཞིག་ཡིན། མཚན་དངོས་ཚུལ་ཁྲིམས་ཤེས་རབ་ཟེར། འཁྲུངས་ཡུལ་ནི་གླག་བ་ལམ། ཇོ་བོ་རྗེ་ལྷ་གཅིག་བོད་དུ་བྱོན་པའི་སྔ་རོལ་ལོ་དྲུག་ཅུ་རྩ་བཞི་པོ་དེའི་ཁོངས་སུ་ཀླུ་མེས་དཔོན་སློབ་ཀྱིས་གཙུག་ལག་ཁང་མང་དུ་མཛད་དེ། ས་མོ་བྱ་ཡི་ (༡༠༠༩) ལོར་ལ་མོར་འགྱེལ་གྱི་གཙུག་ལག་ཁང་བརྩིགས་ཞེས་གསལ་བ་ལྟར་དུས་སྐབས་དེ་རང་ལ་བྱོན་པར་ངེས།
- language:
- Tibetan