- ka ma la shI la/
- ID:
- T428
- ཀ་མ་ལ་ཤཱི་ལ (Tibetan, Tibetan script, Original)
- > ka ma la shI la/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kama lashila (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Jeffrey Hopkins Dictionary
Hopkins' Translations: Kamalaśīla
Sanskrit: kamalaśīla
Comment: The Tibetan translation of Kamalaśīla is padma'i ngang tshul (One Having the Nature of a Lotus).
- language:
- English
2. bod rgya tshig mdzod chen mo
[5] པདྨ་ངང་ཚུལ་ཏེ་དུས་རབས་བརྒྱད་པར་རྒྱ་གར་ཤར་ཕྱོགས་སུ་བྱུང་བའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཞིག་འདི་ཁྲི་སྲོང་ལྡེའུ་བཙན་སྐབས་བོད་དུ་གདན་དྲངས་ནས་ཧྭ་ཤང་མ་ཧ་ཡ་ནའི་ལྟ་བ་སྟོན་མུན་ཏེ་ཅིག་ཅར་བའི་ལྟ་བ་དང། བོ་དྷི་ས་ཏྭ་སོགས་ཀྱི་ལྟ་བ་ཙེན་མིན་ཏེ་རིམ་གྱིས་པའི་ལྟ་བ་གཉིས་མ་མཐུན་པར་རྩོད་པ་བྱས་མཐར་ཀ་མ་ལ་ཤཱི་ལ་རྒྱལ་ཞིང་སྒོམ་རིམ་རྣམ་གསུམ་ཡང་མཛད། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
ཀ་མ་ལ་སྟེ་པདྨ་དང་ཤཱི་ལ་ནི་ངང་ཚུལ་ཏེ་པདྨའི་ངང་ཚུལ་ལམ་རྒྱལ་བའི་ངང་ཚུལ་ཞེས་བྱ་ཞིང་། རྒྱ་གར་གྱི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བཞེད་སྲོལ་འཛིན་པའི་པཎྜི་ཏ་ཆེན་པོ་ཞིག་ཡིན་པ་ཡོངས་གྲགས་ཀྱི་ལོ་རྒྱུས་ཕལ་ཆེ་བའི་ནང་གསལ་ཡང་། མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི《ཆོས་འབྱུངམེ་ཏོག་སྙིང་པོ》ལྕགས་དཔར་མའི་ཤོག་གྲངས༣༣༢དང་ཡང་དེ་ཉིད་ཀྱིས་མཛད་པའི《བཀའ་ཐང་ཟངས་གླིང་མ》ལྕགས་དཔར་གྱི་ཤོག་གྲངས༥༢པ་བཅས་གཉིས་ཀར་རྒྱནག་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲངས་ཞེསའཁོད་འདུག་པ་དེ་ཁོ་བོའི་བསམ་ཚུལ་ལྟར་ན་མ་ཡིག་བྲིས་མ་གཅིག་ལ་གཅིག་བརྒྱུད་ཀྱིས་དཔེ་བཤུ་བྱས་སྟབས། ཡིག་ཕྲེང་གོང་མ་ནས་འོག་མར་མཆོངས་ཏེ་བྲིས་ནོར་བྱུང་བ་མིན་ནམ་སྙམ་ཏེ་ཡིག་ཕྲེང་གོང་མར་རྒྱ་ནག་ནས་ཧཱཤང་མ་ཧཱ་ཡ་ན་བོད་དུ་ཕེབས་པ་དང་། རྒྱ་གར་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་གདན་དྲངས་ཞེས་གསུངས་རྒྱུཡིན་ངེས་སྙམ་པས་མཁས་དབང་རྣམས་ཀྱིས་དཔྱད་པར་ཞུ་ཞིང་། སློབ་དཔོན་འདི་མཁན་ཆེན་ཞི་བ་འཚོའི་དངོས་སློབ་ཡིན། མཁན་ཆེན་ཞི་བ་འཚོ་སྐུ་འདས་རྗེསརྒྱ་ནག་ནས་ཕེབས་པའི་ཧཱ་ཤང་མ་ཧཱ་ཡ་ནས་ཅིག་ཅརའཇུག་པའི་ཆོས་ཞེས་ཕྱག་མཆོད་སོགས་ལུས་ངག་གི་ཆོས་སྤྱོད་མི་དགོས་པར་དང་པོ་ནས་སེམས་རྣམ་པར་མི་རྟོགཔ་སྒོམ་དགོས་པའི་སྲོལ་གསར་པ་དར་སྤེལ་བཏང་བར་བརྟེན་སྔར་གྱི་སློབ་དཔོན་ཞི་བ་འཚོའི་སྐབས་བཙུགས་པ་གནང་བའི་ཆོས་སྲོལ་དང་མི་མཐུན་པའི་ཕྱོགས་ཁག་གསར་པ་ཞིག་ཆགས་ཏེ་བོད་ཀྱི་ནང་བསྟན་ཆོས་ལུགས་པ་ནང་ཁུལ་ལྟ་བ་མི་མཐུན་པའི་ཕྱོགས་ཁག་གཉིས་བྱུང་། ཧཱ་ཤང་གི་ཕྱོགས་ཁག་རྣམས་ཀྱིས་སློབ་དཔོན་ཞི་བ་འཚོའི་ཕྱོགས་ཁག་རྣམས་དམར་གསོད་གཏོང་རྩིས་བྱས་ཤིང་། འགའ་ཞིག་རང་སྲོག་བཅད་པ་བཅས་འགལ་ཟླ་ཚབསཆེན་བྱུང་བ་ལ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཧཱ་ཤང་ཕྱོགས་ཁག་རྣམས་ལ་ཕན་ཚུན་དྲག་འཐབ་མ་དགོས་པར་ཕྱོགས་གཉིས་ཀྱི་སློབ་དཔོན་མཁས་པ་རྣམས་ཆོས་རྩོདའགྲན་གླེང་ཐོག་རྒྱལ་ཕམ་ཐག་གཅོད་གནང་རྒྱུར་གོ་བསྐོན་སློབ་གསོ་གནང་རྗེས་མཁན་པོ་ཞི་བ་འཚོ་སྐུ་གཤེགས་ཁའི་ཞལ་ཆེམས་ལྟར་ཁོང་གི་སློབ་མ་ཀཱ་མ་ལ་ཤཱི་ལ་བལ་ཡུལ་ནས་གདན་དྲངས་པ་ལྟར་བསམ་ཡས་སུ་ཕེབས་ཐོགཧཱ་ཤང་མ་ཧཱ་ཡ་ན་དང་རྩོད་གླེང་གནང་སྟེ་ཧཱ་ཤང་ཚར་བཅད་པ་སོགས《རྦ་བཞེད》དང《མངའབདག་ཉང་རལ་པ་ཅན་གྱི་ཆོས་འབྱུང》སོགས་བོད་ཡིགགི་ཆོས་འབྱུང་ལོ་རྒྱུས་ཚང་མ་གསུང་ཚུལ་གཅིག་མཐུན་དུ་ཡོད། འོན་ཀྱང་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་མཁསཔ་མང་པོས་གསུངས་དོན་དུ་བོད་ཡིག་གི་ལོ་རྒྱུས་ཐོག་ཧཱ་ཤང་གི་ཕྱོགས་རྩོད་པ་ཕམ་པར་གསལ་བ་དེ་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་སློབ་དཔོན་ཀ་མ་ལ་ཤཱི་ལའི་ཕྱོགས་གཏོགས་ཀྱིས་བྲིས་པ་ཞིག་ཡིན་པ་དང་། རྒྱ་ཡིག་གི་ཐོག་བྲིས་པའི《རིགས་པ་ཡང་དག་པར་ངེས་པ》ཞེས་པའི་ནང་རྩོད་པ་བསམ་གཏན་མཁན་པོའི་ཕྱོགས་ལ་རྒྱལ་ཁ་ཐོབ་པར་བཤད་ཡོད་པས་བོད་ཡིག་ཐོག་བྲིས་པའི་ལོ་རྒྱུས་དེཁུངས་དག་མིན་ཞེས་ཧཱ་ཤང་མ་ཧཱ་ཡ་ནའི་དོན་དུ་དགསེལ་གནང་མཁན་བྱུང་ཡོད་པས་དོན་གནད་དེ་སྐོར་ལ་གཟུ་བོར་གནས་པའི་མཁས་དབང་རྣམ་པ་ཚོས་ཞིབ་དཔྱད་གནང་རོགས་ཞུ་རྒྱུ། སློབ་དཔོན་ཀ་མ་ལ་ཤི་ལབསམ་ཡས་ཆོས་རྩོད་ཀྱི་རྗེས་སུ་ལོ་ཁ་ཤས་བོད་དུ་བཞུགས་རིང་བཙན་པོ་ཁྲི་སྲོངལྡེ་བཙན་གྱིས་ལྟ་བ་དང་། སྒོམ་པ། འབྲས་བུ་གསུམ་གྱི་སྐོར་ལ་དྲི་བ་ཞུས་པའི་ལན་དུ《སྒོམ་རིམ་དང་པོ། བར་པ། ཐ་མ》བཅས་ཆེད་རྩོམ་མཛད་དེ་འབྲས་བུ་གསུངས་པའི་ཞོར་ལ་ཧཱ་ཤང་མ་ཧཱ་ཡ་ནའི་ལྟ་ཚུལ་ལ་དགག་པ་མཛད། (གསུང་རྩོམ་དེ་ལོ་ཙཱབ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་བ་བསྟན་འགྱུརསྡེ་དགེ་དཔར་མའི་པོད[ཀི]པར་ཡོད)སླར་ཡང་སྒོམ་རིམ་གསུམ་གྱི་དོན་འགྲེལ་དུ་ལུང་རིགས་གཉིས་ཀྱི་སྒོ་ནས་གཏན་ལ་ཕབ་པའི《དབུ་མ་སྣང་བ》བརྩམས་པར་མཛད་པ་དེ་ལོ་ཙཱ་བ་དཔལ་བརྩེགས་རཀྴི་ཏས་བོད་སྐད་དུབསྒྱུར་བ་བསྟན་འགྱུར་སྡེ་དགེ་དཔར་མའི་མདོ་ཕྱོགསཔོད[ས]པར་ཡོད། གཞན་ཡང་གསུང་རྩོམ་གཞན་དག་སྐོར《ཤེར་ཕྱིན་བདུན་བརྒྱ་པའི་རྒྱ་ཆེར་བཤད་པ》ལོ་ཙཱ་བ་ནམ་མཁའ་བསྟན་པས་བསྒྱུར་བ་བསྟན་འགྱུར་སྡེ་དགེདཔར་མའི་མདོ་ཕྱོགས་པོད[མ]བར་ཡོད། 《ཤེར་ཕྱིན་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་འགྲེལ་བ》ལོ་ཙཱ་བ་ཞངཡེ་ཤེས་སྡེས་བསྒྱུར་བ་དང《དབུ་མ་རྒྱན་གྱི་དཀའ་འགྲེལ》ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་བ་བསྟན་འགྱུར་སྡེ་དགེདཔར་མའི་མདོ་ཕྱོགས་པོད[ས]པར་ཡོད། གཞན་ཡང་གསུང་ཁག་ཁ་ཤས་ཡོད་པ་འདིར་མ་བཀོད། སློབ་དཔོན་སྐུ་གཤེགས་རྐྱེན་ནི་བོད་ཡིག་གི་ལོ་རྒྱུས་ཐོག་གསལ་བ་ལྟར་ན་ཧཱ་ཤང་མ་ཧཱ་ཡ་ནའི་ཕྱོགས་ཆོས་རྩོད་ཕམ་ཉེསབྱུང་བ་དེས་ནད་མ་ཐེག་པར་གཤེད་མ་ལག་དམར་བ་གཉིས་མངགས་ནས་མཚན་མོ་སྒྲ་བསྒྱུར་ཁང་པར་གཟིམས་ནས་བཞུགས་པའི་དུས་སུ་མཁལ་མ་བཙིར་ནས་སྐུད་ཀྲོངས་པར་བཤད་པ་དཔྱད་གཞི་ཆེ་སྙམ།
- language:
- Tibetan
4. Thupten Phuntsok Dictionary
པདྨའི་ངང་ཚུལ་ཏེ་དུས་རབས་བརྒྱད་པར་རྒྱ་གར་ཤར་ཕྱོགས་སུ་བྱུང་བའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཞིག འདི་ཁྲི་སྲོང་ལྡེའུ་བཙན་སྐབས་བོད་དུ་གདན་དྲངས་ནས་ཧྭ་ཤང་མ་ཧ་ཡ་ནའི་ལྟ་བ་སྟོན་མུན་ཏེ་ཅིག་ཅར་བའི་ལྟ་བ་དང་། བོ་དྷི་ས་ཏྭ་སོགས་ཀྱི་ལྟ་བ་ཙེན་མིན་ཏེ་རིམ་གྱིས་པའི་ལྟ་བ་གཉིས་མ་མཐུན་པར་རྩོད་པ་བྱས་མཐར་ཀ་མ་ལ་ཤཱི་ལ་རྒྱལ་ཞིང་སྒོམ་རིམ་རྣམ་གསུམ་ཡང་མཛད།
- language:
- Tibetan
5. smon lam tshig mdzod chen mo
པདྨའི་ངང་ཚུལ་ཏེ་དུས་རབས་བརྒྱད་པར་རྒྱ་གར་ཤར་ཕྱོགས་སུ་བྱུང་བའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཞིག་ཡིན། འདི་ཁྲི་སྲོང་ལྡེའུ་བཙན་སྐབས་བོད་དུ་གདན་དྲངས་ནས་ཧྭ་ཤང་མ་ཧ་ཡ་ནའི་ལྟ་བ་སྟོན་མུན་ཏེ་ཅིག་ཅར་བའི་ལྟ་བ་དང༌། བོ་དྷི་ས་ཏྭ་སོགས་ཀྱི་ལྟ་བ་ཙེན་མིན་ཏེ་རིམ་གྱིས་པའི་ལྟ་བ་གཉིས་མ་མཐུན་པར་རྩོད་པ་བྱས་མཐར་ཀ་མ་ལ་ཤཱི་ལ་རྒྱལ་ཞིང་སྒོམ་རིམ་རྣམ་གསུམ་ཡང་མཛད།
- language:
- Tibetan
6. Lokesh Chandra Tibetan-Sanskrit dictionary
- Sanskrit:
- kamalaśīla
7. Negi Tibetan-Sanskrit Dictionary
nā. kamalaśīlaḥ, ācāryaḥ — དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ༎ kamalaśīlaviracitā (tattvasaṃgraha)pañjikā samāptā ta.pa.331ka/1130; sa tu svātantrikayogācāramādhyamikaḥ bo.ko.5; = པད་མའི་ངང་ཚུལ།
- language:
- Sanskrit
ka ma la shI la/ has 1 other term directly related to it, which is presented here.