Skip to main content Skip to search
klu sgug sgar sgrig
ID:
T4225
  • ཀླུ་སྒུག་སྒར་སྒྲིག (Tibetan, Tibetan script, Original)
    • > klu sgug sgar sgrig (Tibetan, Latin script, Transliteration-THL Extended Wylie Transliteration)
    • > luguk gardrik (Tibetan, Latin script, Transcription-THL Simplified Tibetan Transcription)
    • >  ཀླུ་སྦུག་སྒར་སྒྲིག (Tibetan, Tibetan script, Alt Spelling-Variant Spelling)
      • > lubuk gardrik (Tibetan, Latin script, Transcription-THL Simplified Tibetan Transcription)
      • > klu sbug sgar sgrig (Tibetan, Latin script, Transliteration-THL Extended Wylie Transliteration)
      • > ཀླུ་སྦུག་སྒར་སྒྲིགས (Tibetan, Tibetan script, Alt Spelling-Variant Spelling)
        • > lubuk gardrik (Tibetan, Latin script, Transcription-THL Simplified Tibetan Transcription)
        • > klu sbug sgar sgrigs/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ཀླུ་སྒུག་སྒར་སྒྲིགས (Tibetan, Tibetan script, Alt Spelling-Variant Spelling)
      • > luguk gardrik (Tibetan, Latin script, Transcription-THL Simplified Tibetan Transcription)
      • > klu sgug sgar sgrigs/ (Tibetan, Latin script, Transliteration-THL Extended Wylie Transliteration)
Other Dictionaries

Other Dictionaries

1. Ives Waldo Dictionary

1st month 22nd day nyin lha sa'i brag ra klu sgug gi thang chen du gzim chung ba rnams sdeb tshogs kyis smon lam gtor rgyag pa'i rgyab snon du 'gro rgyu'i sgar sgrig byed pa]

language:
English

2. Jim Valby Dictionary

preparing the camp at Lubu (ceremony on the 22nd day of the 1st Tibetan month)

language:
English

3. bod rgya tshig mdzod chen mo

[43] སྔར་ཧོར་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་ལྷ་སའི་བྲག་ར་ཀླུ་སྒུག་གི་ཐང་ཆེན་དུ་གཟིམ་ཆུང་བ་རྣམས་སྡེབ་ཚོགས་ཀྱིས་སྨོན་ལམ་གཏོར་རྒྱག་པའི་རྒྱབ་སྣོན་དུ་འགྲོ་རྒྱུའི་སྒར་སྒྲིག་བྱེད་པ།

language:
Tibetan

4. dung dkar bod rig pa'i tshig mdzod chen mo

དེ་སྔོན་ལྷ་ས་སྨོན་ལམ་ཆེན་མོའི་སྐབས་ཀྱི་རྟ་དམག་རུ་སྒྲིག་གི་བྱེད་སྒོ་གཙོ་ཆེ་བའི་གྲས་ཤིག་སྟེ། བོད་ཟླ༡ཚེས༢༢ཉིན་ལྷ་ས་གཙུག་ལག་ཁང་གི་མདུན་ངོས་ཀླུ་སྦུག་གི་བདེ་ཐང་དུ་དཀྱིལ་སྒར་ལྡིང་གུར་ཡོལ་འཁོར་དང་བཅས་པའི་ནང་སྨོན་ལམ་རྟ་དམག་རུ་ཆེན་གྱི་སྤྱི་ཁྱབ་ཡཱ་སོར་གཉིས་ཀྱི་ཁྲི་དང་། མདུན་གྲལ་གཡས་གཡོན་གཉིས་ལ་ཡཱ་སོར་བྱིངས་དང་། བྱང་ངོས་སུ་འདམ་བརྒྱ་ཤོག་བརྒྱད་ཀྱི་སོག་པོ་ཡཱ་སོར་ངོ་ལས་བཅས་གྲལ་ལ་འཁོད། དཀྱིལ་སྒར་ལྷོ་བྱང་གཉིས་སོ་སོར་རྟ་དམག་གཡས་རུ་གཡོན་རུའི་སྒར་གྱི་གུར་ཕུབ་པའི་མཐའ་སྐོར་དུ་རུ་ཁག་སོ་སོའི་མི་རྟ་གོ་མཚོན་རང་འགྲིག་བཅས་གྲལ་སྒྲིགས། སྨོན་ལམ་རྟ་པའི་སྤྱི་ཁྱབ་ཡཱ་སོར་གཉིས་ལ་བྱེད་སྒོའི་རིང་དམིགས་བསལ་གྱི་ཐའི་ཇིའི(台吉)གོ་གནས་དང་གདན་ཐོབ། ཡཱ་སོར་བྱིངས་ལ་རིམ་བཞིའི་གདན་ཐོབ་ཡོད་པ་ལྟར་སྒར་སྒྲིགས་ཉིན་ཡཱ་སོར་ཁྲི་པ་གཉིས་ནས་གོས་རྒྱན་བཞི་འབྲུག་ཆེན་ལི་ཧང་གི་ཕྱུ་པ་དང་། གྲུའུ་ཙི་ཚོན་སྣ་ལྔའི་འོག་མཇུག། ཞྭ་མོ་ཝ་སྒིར། རྒྱ་གྲི་ཕོར་ཤུབས། གསེར་སྟོད། བྱེ་རུ་ཕྲེང་བ་གསེར་གྱི་བཅུ་ཤད་ཅན། རྡྰ་ལན། འགོ་སྣམ་མཚལ་ཁའི་ལྷམ་འཇའ་ཆེན། མདའ་གཞུ་སག་ཐག། གྲི་འཁྱོག་བཅས་དྲག་ཆས་ཆ་ཚང་དང་། ཡཱ་སོར་བྱིངས་རྣམས་ཀྱི་གོས་འཁོར་བརྒྱད་སེར་པོའི་ལཱ་ཤག། ཞྭ་མོ་ཝ་སྒིར་སོགས་དང་། སོག་པོ་ཡཱ་སོར་གྱིས་གོས་ཆེན་སྟག་ཞུན(ཏཱ་ཧུང)ལི་ཧང་སོགས་གཟབ་འཕྱོར་གང་རྒྱས་བཅས་སྤྲས་སྲོལ་དང་། དེ་ཉིན་ཐོག་མར་ཡཱ་སོར་ངོ་གཡོག་རྣམས་ཡཱ་སོར་བགྲེས་པའིགཟིམས་ཤག་ནང་ལྷན་འཛོམས་ཀྱིས་རྟེན་འབྲེལ་བྱེད་སྒོ་གཟབ་རྒྱས། དེ་ནས་སྨོན་ལམ་དགོངས་ཇ་འཚོགས་མཚམས་སུ་གཙུག་ལག་ཁང་གི་ཁྱམས་རའི་དབུ་གཡབ་ཐོག་བཀའ་བློན་རྣམ་པ་དང་ལྷན་དུ་ཚོགས་མཇལ་ཞུ་སྐབས་ཚོགས་ཆེན་ཞལ་ངོས་སྨོན་ལམ་རྟ་དམག་གི་བྱེད་སྒོའི་བཀའ་བསྒྱུར་ཚོགས་གཏམ་བཏང་བ་ཉན་རྗེས་བཀའ་བློན་རྣམས་ནས་བཀའ་ཤག་གི་བཀའ་བསྒྱུར་གཏོང་སྲོལ། དེ་ནས་ཇོ་བོ་དབུ་སྐྲའི་མདུན་ནས་རྟ་བཞོན་ཏེ་ཇུས་ཡག་དར་ཆེན་ལ་ཁ་བཏགས་གཡོགས་རྗེས་གཡས་བསྐོར་གྱིས་ཀླུ་སྦུག་སྒར་སར་ལོག་མཚམས་རྟེན་འབྲེལ་བྱེད་སྒོ་རྣམས་ཟིན་འཕྲལ་བུད་མེད་རྒྱན་བཟང་མ་གནའ་རབས་ཀྱི་རྒྱན་གོས་གཟབ་མཆོར་སྤྲས་པ་རྣམས་ནས་འཁྲུངས་ཕུད་བཏེག། དེ་ནས་ཡཱ་སོར་མགྲོན་གཉེར་ནས་བརྡ་བཏང་མཚམས་ཡཱ་གཡོག་དང་། བརྒྱ་ཤོག་གི་དཔོན་བཅས་ཡཱ་སོར་གྱི་གུར་ནང་དུ་བཅར་ནས་གུས་འདུད་ཕྱག་འབུལ་ཞུས་ཏེ་པུས་འཛུགས་ཀྱི་བསྡད་པར། ཡཱ་སོར་ཁྲི་པས་ཏཱ་ལའི་བླ་མའི་སྦུག་དམ་འཁོད་པའི་བཀའ་ཡིག་སྒྲོག་སྦྱང་བྱས་རྗེས། སྨོན་ལམ་རྟ་པའི་བྱེད་སྒོའི་སྐོར་ཞིབ་ཕྲའི་གསལ་བཤད་བཀའ་བསྒྱུར་བཏང་སྟེ་དེ་མཇུག་རྒྱན་བཟང་མ་གཉིས་ནས་འཁྲུངས་ཕུད་བཏེག་ནས་སྒར་སྒྲིག་གི་བྱེད་སྒོ་གྲུབ་པ་བཅས་ཡིན།

language:
Tibetan

5. Thupten Phuntsok Dictionary

  • དེ་སྔོན་ལྷ་ས་སྨོན་ལམ་ཆེན་མོའི་སྐབས་ཀྱི་རྟ་དམག་རུ་སྒྲིག་གི་གཙོ་ཆེ་བའི་གྲས་ཤིག་སྟེ། བོད་ཟླ་༡ཚེས་༢༢ཉིན་ལྷ་ས་གཙུག་ལག་ཁང་གི་མདུན་ངོས་ཀླུ་སྦུག་གི་བདེ་ཐང་དུ་དཀྱིལ་སྒར་ལྡིང་གུར་ཡོལ་འཁོར་དང་བཅས་པའི་ནང་སྨོན་ལམ་རྟ་དམག་རུ་ཆེན་གྱི་སྤྱི་ཁྱབ་ཡཱ་སོར་གཉིས་ཀྱི་ཁྲིད་དང་། མདུན་གྲལ་གཡས་གཉིས་ལ་ཡཱ་སོར་བྱིངས་དང་། བྱང་ངོས་སུ་འདམ་བརྒྱད་ཀྱི་སོག་པོ་ཡཱ་སོར་ངོ་ལས་བཅས་གྲལ་ལ་འཁོད། དཀྱིལ་སྒར་ལྷོ་བྱང་གཉིས་སོ་སོར་རྟ་དམག་གཡས་རུ་གཡོན་རུའི་སྒར་གྱི་གུར་ཕུབ་པའི་མཐའ་སྐོར་དུ་རུ་ཁག་སོ་སོའི་མི་རྟ་གོ་མཚོན་རང་འགྲིག་བཅས་གྲལ་སྒྲིགས།

    language:
    Tibetan
  • སྔར་ཧོར་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་ལྷ་སའི་བྲག་ར་ཀླུ་སྒུག་གི་ཐང་ཆེན་དུ་གཟིམ་ཆུང་བ་རྣམས་སྡེབ་ཚོགས་ཀྱིས་སྨོན་ལམ་གཏོར་རྒྱག་པའི་རྒྱབ་སྣོན་དུ་འགྲོ་རྒྱུའི་སྒར་སྒྲིག་བྱེད་པ།

    language:
    Tibetan

6. smon lam tshig mdzod chen mo

སྔར་ཧོར་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་ལྷ་སའི་བྲག་ར་ཀླུ་སྒུག་གི་ཐང་ཆེན་དུ་གཟིམ་ཆུང་བ་རྣམས་སྡེབ་ཚོགས་ཀྱིས་སྨོན་ལམ་གཏོར་རྒྱག་པའི་རྒྱབ་སྣོན་དུ་འགྲོ་རྒྱུའི་སྒར་སྒྲིག་བྱེད་པ།

language:
Tibetan