- ka ba shing lo can/
- ID:
- T382
- ཀ་བ་ཤིང་ལོ་ཅན (Tibetan, Tibetan script, Original)
- > ka ba shing lo can/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kawa shinglochen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
a pillar which has a design of leaves of trees round its capital
- language:
- English
2. Ives Waldo Dictionary
pillar in Lhasa Ja khang temple, 'phrul snang gtsug lag khang, under which king srong btsan Gampo concealed a nor gter
- language:
- English
3. Jim Valby Dictionary
pillar which had designs of leaves of trees round its capital
- language:
- English
4. bod rgya tshig mdzod chen mo
[5] ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཀ་བ་ཞིག་དེའི་འོག་བོད་རྒྱལ་སྲོང་བཙན་གྱིས་ནོར་གཏེར་སྦས་ཡོད་ཟེར། ...
- language:
- English
5. dung dkar bod rig pa'i tshig mdzod chen mo
ས་གཙུག་ལག་ཁང་གི་ཁྱམས་ར་ནང་མའི་མཐའ་བསྐོར་གྱི་ཀ་ཐུང་གྲས་སུ་ཀ་བ་རྟགས་ཅན་བཞི་ཡོད་པའི་ནང་གསེས་ཞིག་སྟེ། ལོ་རྒྱུས་འགའ་ཞིག་ཏུ། འོད་དཔག་མེད་ཀྱི་ལྷ་ཁང་གི་སྒོའི་གཡས་གཡོན་མདུནགསུམ་གང་རིགས་ཤིག་ཏུ་ཡོད་པར་བཤད། ཀ་བ་འདིདང་ཉེ་བའི་སར་གཏེར་གང་ཞིག་སྦས་པའི་སྐོར་ལ་གསུང་ཚུལ་མི་མཐུན་པ་ཡོད། 《རྒྱལ་རབས་གསལ་བའི་མེ་ལོང》དང《མཁས་པའི་དགའ་སྟོན》སོགས་ལས་ཀ་བ་འདི་དང་ཉེ་བའི་སར་རིན་པོ་ཆེའི་གཏེར་སྦས་པར་གསུངས། 《བཀའ་ཐང་སྡེ་ལྔའི་རྒྱལ་པོ་བཀའ་ཐང》ལས་ཀ་བ་འདིདང་ཉེ་བའི་སར་ཆོས་གཏེར་སྦས་པར་གསུངས་པ་དང་། 《བཀའ་ཆེམས་ཀ་ཁོལ་མ》དང་། 《ཆོས་འབྱུང་མེ་ཏོགསྙིང་པོ》《མཁས་པ་ལྡེའུའི་ཆོས་འབྱུང》《རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》རྒྱས་བསྡུས་བཅས་མཐུན་པར་སྣང་། 《བཀའ་ཆེམས་ཀ་ཁོལ་མ》ཡི་གཏེར་བྱང་དུམ་བུའི་ནང་། ཀ་བ་འདི་དང་ཉེ་བའི་སར་གསོ་རིག་སྨན་དཔྱད་ཀྱི་གཞུང་ཁག་གཅིག་ཀྱང་གཏེར་དུ་སྦས་ཞེས་གསལ། །
- language:
- Tibetan
6. Thupten Phuntsok Dictionary
ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཀ་བ་ཞིག དེའི་འོག་བོད་རྒྱལ་སྲོང་བཙན་གྱིས་སྒོ་ཕྱུགས་དར་བའི་སྨོན་ཚིག་གི་གཏེར་སྦས་ཡོད་ཟེར།
- language:
- Tibetan
7. smon lam tshig mdzod chen mo
ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཀ་བ་ཞིག དེའི་འོག་བོད་རྒྱལ་སྲོང་བཙན་གྱིས་ནོར་གཏེར་སྦས་ཡོད་ཟེར།
- language:
- Tibetan