Skip to main content Skip to search
kyai rdo rje/
ID:
T3647
  • ཀྱཻ་རྡོ་རྗེ (Tibetan, Tibetan script, Original)
    • > kyai rdo rje/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyai dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Syn ཀྱེ་རྡོ་རྗེ་

language:
English

2. Ives Waldo Dictionary

Hevajra ཀྱེ་རྡོ་རྗེ་

language:
English

3. bod rgya tshig mdzod chen mo

[37] ཀྱེ་རྡོ་རྗེ་དང་འདྲ། 

language:
English

4. dung dkar bod rig pa'i tshig mdzod chen mo

ནང་པ་སངས་རྒྱས་པའི་གསང་སྔགས་བླ་ན་མེད་པའི་རྒྱུད་ཀྱི་ནང་ཚན་མ་རྒྱུད་ལ་རྒྱུད་སྡེ་མི་འདྲ་བ་མང་དུ་ཡོད་པའི་ནང་ནས་ཀྱེེའི་རྡོ་རྗེའམདགྱེས་པ་རྡོ་རྗེའི་རྒྱུདནས་གསུངས་པའི་ཡི་དམ་གྱི་ལྷ་ཞིག་ཡིན། དེ་ཡང་ཀྱེེའི་རྡོ་རྗེ་ལ་རིགས་བསྡུས་དང་རིགས་ལྔ་སོ་སོའི་ལྷ་ཀཉིས་ཡོད་པ་ལས། རིགས་བསྡུས་ལྷ་ཞེ་ལྔ་མ་དང་། རིགས་བསྡུས་ལྷ་ཉེར་ལྔ་མ། དེ་ལ་སྒོ་མ་བཞི་བསྣན་པའི་ལྷ་ཉེར་དགུ་མ་བཅས་ཀྱེེ་རྡོར་གྱི་ཐུན་མོང་མ་ཡིན་པའི་བཤད་རྒྱུདརྡོ་རྗེ་གུརལས་གསུངས། རིགས་སོ་སོ་བ་ལ་རིགས་ལྔ་ཡོད་པའི་རྡོ་རྗེའི་རིགས་ལ། ༡་སྐུ་ཀྱེེའི་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། ༢གསུང་ཀྱེེའི་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ། ༣་ཐུགས་ཀྱེེའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། ༤་སྙིང་པོ་ཀྱེེའི་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་བཅས་རིགས་བཞིའི་དཀྱིལ་འཁོརརྩ་རྒྱུདལས་གསུངས་ཤིང་། དེ་རྣམས་ཡབ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ཡིན། ཡུམ་གཙོ་བོར་གྱུར་པའི་ལྷ་མོ་བཅོ་ལྔས་བསྐོར་བ་ནི།རྩ་རྒྱུད་བརྟག་གཉིསདང་། ཀྱེེ་རྡོར་གྱི་ཐུན་མོང་མ་ཡིན་པའི་བཤད་རྒྱུདརྡོ་རྗེ་གུརལས་གསུངས། ཕྱག་བཅུ་དྲུག་པ་རིགས་གཞན་བཞི་ནིབཤད་རྒྱུད་རྡོ་རྗེ་གུརལས་གསུངས། ཀྱེེ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ཡུམ་མེད་པ་དང་། ཞལ་གསུམ་ཕྱག་དྲུག་པ་ལྷ་མོ་དྲུག་གིས་བསྐོར་བ་ནི། བདེ་མཆོག་དང་ཀྱེེ་རྡོར་ཐུན་མོང་གི་བཤད་རྒྱུདསམ་བྷུ་ཊཡི་བརྟག་པ་དང་པོའི་རབ་བྱེད་བདུན་པར་གསུངས།ཀྱེེའི་རྡོ་རྗེ་དྲག་པོ་མཚོན་ཆ་ཅན་ལྷ་བཅུ་བདུན་ནིབཤད་རྒྱུད་སམ་བྷུ་ཊཡི་རབ་བྱེད་དགུ་པ་དང་ཉེར་བརྒྱད་པ་གཉིས་ལས་གསུངས་པ་བཅས་ཞིབ་པར་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་པོས་མཛད་པའིབརྟག་གཉིས་རྣམ་བཤད་རྡོ་རྗེའི་མཁའ་འགྲོ་མ་རྣམས་ཀྱི་གསང་མཛོདདང་། གཞན་ཡང་ཀརྨ་པ་རང་བྱུང་རྡོ་རྗེ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། བོ་དོང་པཎ་ཆེན་འཇིགས་མེད་གྲགས་པ། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་བཅས་ཀྱིས་མཛད་པའིཀྱེེ་རྡོར་རྩ་རྒྱུད་བརྟག་གཉིསཀྱི་འགྲེལ་པ་རྣམས་ལ་གཟིགས། ཀྱེ་རྡོར་འདི་ལ་ལུགས་མི་འདྲ་བ་བཅུ་ཡོད་པ་སྟེ། ༡་འགྲེལ་པ་ལུགས་སམ་མཚོ་སྐྱེས་ལུགས། ༢རྔོག་ལུགས་སམ་མར་ལུགས། ༣་ཌོམ་བྷི་ལུགས། ༤ནཱ་རོ་ལུགས། ༥་ནག་པོ་ལུགས། ༦་མན་ངག་ལུགས་སམ་ཐོད་པ་ཅན། ༧ཞི་བ་སྦས་པའི་ལུགས། ༨་ཛྙ་ན་ལུགས། ༩ལུས་དཀྱིལ། ༡༠མཚོན་ཆ་ཅན་བཅས་ཡོད་པ་དང་། དེ་དག་གི་དབང་མང་ཆེ་བ་ནི་ཐོ་ཡོན་བླ་མ་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་ཀྱིས་ཕྱོགས་བསྒྲིགས་གནང་བའིདཀྱིལ་ཆོག་ནོར་བུའི་ཕྲེང་བནང་ཡོད་ཅིང་། འགའ་ཞིག་ས་སྐྱ་བློ་གཏེར་དབང་པོས་ཕྱོགས་བསྒྲིགས་གནང་བའིསྒྲུབ་དཀྱིལ་ཀུན་བཏུསནང་དུ་ཡོད་པས་དེ་དག་ལ་གཟིགས་པར་ཞུ།

language:
Tibetan

5. Thupten Phuntsok Dictionary

ཀྱེ་རྡོ་རྗེ་དང་འདྲ།

language:
Tibetan

6. smon lam tshig mdzod chen mo

ཀྱེ་རྡོ་རྗེ་དང་འདྲ།

language:
Tibetan

8. Negi Tibetan-Sanskrit Dictionary

= ཀྱེ་རྡོ་རྗེ།

language:
Sanskrit
Sanskrit:
hevajra