- glud 'gong /
- ID:
- T31008
- གླུད་འགོང (Tibetan, Tibetan script, Original)
- > glud 'gong / (Tibetan, Latin script, Transliteration-THL Extended Wylie Transliteration)
- > lüngong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[426] ལྷ་སའི་ཚོགས་མཆོད་གཏོར་རྒྱག་སྐབས་རྫོང་བའི་གླུད་འགོང། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
(གླུད་མ)སྲོག་ཚབ་ཏུ་གཏོང་བ་སྟེ། བོན་གྱི་ཆོས་ལུགས། མི་གསོན་པོའི་སྲོག་ཚབ་ཏུ་ནོར་ཕྱུགས་སོགས་སེམས་ཅན་ངོ་མ་གསོད་མ་དགོས་པར་ཟན་དང་མར་སོགས་ལས་སེམས་ཅན་དེའི་འདྲ་གཟུགས་བཅོས་ནས་སྔགས་དང་སྨོན་ལམ་བཏབ་ཏེ་གཏོང་སྲོལ་ཡོད་པ་དེ་འདྲ་ཞིག་ཡིན། ཡུལ་མི་དང་གྲོང་མི་མང་པོའི་དོན་དུ་མི་གསོན་པོ་གླུད་དུ་བརྫངས་པའི་སྲོལ་ནི་སྔར་བོད་ས་གནས་སྲིད་གཞུང་གིས་སྲིད་དབང་བཟུང་བའི་སྐབས་སུ་ཡང་བོན་ཆོས་ཀྱི་གོམས་གཤིས་དང་འདྲ་བར་ཚོགས་མཆོད་གཏོར་རྒྱག་སྐབས་བོད་ལྗོངས་མི་དམངས་སྤྱིའི་ཚབ་བྱེད་པའི་གླུད་འགོང་རྒྱལ་པོ་ཟེར་བ་མི་གཉིས་གླས་ཏེ་གཅིག་བསམ་ཡས་པེ་ཧར་ལྕོག་དང་གཅིག་འཕན་པོ་རྒྱལ་ཁང་དུ་གཏོང་སྲོལ་ཡོད་པ་སྟེ། ལོ་ལྟར་བོད་ཟླ་གཉིས་པའི་ཚེས་ཉི་ཤུ་དགུར་གསང་སྔགས་རྙིང་མ་བྱང་ཆུབ་གླིང་པའི་ཚོགས་ཡོངས་ནས་རྙིང་ལུགས་གཏོར་སྒྲུབ་དང་འབྲེལ་བའི་སྐུ་གླུད་དུ་མི་གཉིས་འགྲོ་དགོས་པ་འཁྲི་ཁུངས་ཞོལ་ལས་ཁུངས་ནས་ཕོ་ཡན་མི་གཅིག་དང་འཕན་པོ་གླུད་འགོང་སྒང་ནས་མི་གཅིག་བཅས་ལ་ཆས་གོས་ནི་འགོ་སྣམ་སྔོན་པོའི་ཚལ་ཕྱུ་མ་དང༌། དེའི་སྟེང་རྭ་པགས་དཀར་པོ་ཕྱིར་ནང་བསློག་པའི་མགོ་ཤུབ། སྐེད་པར་ཤོག་བུས་བཟོས་པའི་འབོ་དང༌། བྲེ། ཉག་ག ཤོ་བཅས་བཏགས། ལག་ཏུ་གཡག་གི་རྔ་ནག་ཐོགས་པ། རས་དཀར་གྱི་ཞྭ་ཙོག་རྩེ་རིང་ལ་རྔ་ནག་གི་ཏོག་དང༌། རས་ནག་གི་ལྕོག་དར་ཅན། འགྲམ་གཡས་ནག་པོ། གཡོན་དཀར་པོ་བཟོས་པ་གླུད་འགོང་རྒྱལ་པོའི༌། གཟུགས་སུ་བྱ་བ་གཉིས་ཡོད། དེའི་སྐབས་བླ་སྟེང(བླ་བྲང༌། སྟེང་སྟེ་ལྷ་ས་གཙུག་ལག་ཁང་གི་འཁྱམས་རའི་ཡང་སྟེང)ཟུར་འཕྱོང་རབ་གསལ་དུ་ཏཱ་ལའི་བླ་མ་ཆིབས་བསྒྱུར་ཡོད་ན་དང་མེད་ཚེ་མགྲོན་གཟིམ་ནས་ན་བཟའ་གདན་ཞུ་བྱེད་པ་དང༌། ཁམས་གསུམ་རབ་གསལ་དུ་བཀའ་བློན་རྣམ་པ། རྡོ་གཅལ་གྱི་བྱང་ངོས་སུ་འབྲས་སྤུངས་ཚོགས་ཆེན་དགེ་བསྐོས། ཆབ་བདག་མ། སྐུ་ཚབ་རྣམ་གྲའི་སྐུ་ཞབས་དབུ་པཎ་དང༌། སྐུ་བེར། སྟོང་ཆབ་ཀྱི་དོམ་ར་བསྐྱོན་པ་ཞིག་དང༌། བྱང་ཆུབ་གླིང་པའི་སློབ་དཔོན་བཅས་གདན་ཐོག་འཁོད། ལྷ་ས་ཚོ་པར་འཁྲི་བའི་དཔའ་བོ་དང༌། དཔའ་མོ་ཞེས་གཞོན་ནུ་གཉིས་ལ་རྒྱན་གོས་རྒྱས་སྤྲོས་ཀྱིས་གཡོག་བཞི་བཅས་ལངས་ནས་སྡོད་པ། བྱང་ཆུབ་གླིང་པས་དཀྱིལ་འཁོར་མཐིལ་དུ་རྒྱལ་པོ་བཙན་མདོས་སྒྲུབ་གཞག་སྔོན་ཟིན་ལྟར་རྡོར་སློབ་ཀྱིས་དབུས་ཞྭ་ནག་བདུན་སྒོ་འཕྱོར་འོག་གསུང་ཆོག་དང་འབྲེལ་བས་འཆམས་དང༌། གསེར་སྐྱེམས་ཟིན་མཚམས་གླུད་འགོང་ནས་ཀྱང་རང་ལུགས་འཆམས་དང་འབྲེལ་སོ་སོ་ནས་བྱང་ཆུབ་གླིང་པའི་རྡོར་སློབ་དང་མཉམ་དུ་ཤོ་ཐེངས་གསུམ་རེ་རྒྱག་ཀྱང༌། རྡོར་སློབ་ཀྱི་ཤོ་གྲུ་བཞི་དཀར་པོ་མིག་གཅིག་ནས་དྲུག་བར་ཡོད་པ་དང༌། གླུད་འགོང་གི་ཤོ་ནག་པོ་མིག་གཉིས་རྐྱང་རྐྱང་ཡིན་ཡང་མངོན་ཆུང་ཨང་ཀི་ཆུང་ཆུང་གཅིག་ནས་དྲུག་བར་བཀོད་ཡོད། དེ་ནི་མཐའ་བསྐོར་ལྟད་མོ་བ་མི་མང་བའི་རྐྱེན་གྱིས་ཕྱི་གྱར་གསང་ཐབས་ཀྱི་དགོས་པ་ཞིག ཡིན་འདུག་པ་ལས་ནང་དོན་ཤོ་འཕང་སྐབས་ཤོད་དྲུང་གཅིག་ནས་སུ་རྒྱལ་བལྟས་ཏེ་སམ་ཊ་བྲིས་ནས་སྙན་ཞུར་འབུལ་དགོས། ཤོ་རྒྱག་ཚར་འཕྲལ་གླུད་འགོང་གཉིས་ཁྲོ་བོའི་ཞལ་འབག་གྱོན་པའི་ཧ་ལ་རྣམས་ཀྱིས་འདེད་དེ་གཅིག་ར་སྒང་བརྒྱུད་བསམ་ཡས་དང༌། གཅིག་འཕན་པོ་རྒོད་ལ་བརྒྱུད་གླུད་འགོང་སྒང་དུ་བརྫངས་པ་ལྟར་རྒྱང་ཐག་གང་ཙམ་ཞིག་མ་ཆོད་བར་ཕྱིར་བལྟས་ཙམ་སློག་མི་ཆོག་པར་བསྐྱོད་དགོས། དེ་རྒྱབ་རྒྱུད་སྨད་ཚོགས་ཡོངས་ནས་བླ་སྟེང་ཨེ་ཝོ་ནང་ཆོས་རྒྱལ་སྒོ་ནས་གཏོར་སྒྲུབ་ཟོར་འཕེན་ལ་སྔོན་དུ་འཕྱར་དར་མང་པོ་བསྒྲེངས་ཤིང༌། ཞལ་ངོ་འཁོར་བཅས་དང༌། ཞབས་བརྟན་དོ་དམ་རྩེ་དྲུང༌། འབྲས་སྤུངས་སྤྱི་སོ། གནས་ཆུང་སྡེ་པ་བཅས་གཟབ་འཆོར་གྱིས་སྤོས་སྣེ་ཁྲིད་ཐོག་གཏོར་རྒྱབ་ཏུ་དགའ་ལྡན་ཁྲི་རིན་པོ་ཆེ་དང༌། ཚོགས་རམས་དགེ་བཤེས་བརྒྱད། གནས་ཆུང་ཆོས་རྒྱལ་མིའི་ཁོག་རློམ་བཅས་ཀླུ་སྒུག་གཏོར་རར་ཕེབས་པ་དང༌། རྒྱུད་སྟོད་པ། བྱང་ཆུབ་གླིང་པ། གོང་དཀར་ཆོས་སྡེ་སོ་སོས་དེ་ཉིན་རང་ལ་གཏོར་རྒྱག་ཀྱང་རྒྱག་སྲོལ་འདུག
- language:
- Tibetan
4. Thupten Phuntsok Dictionary
ལྷ་སའི་ཚོགས་མཆོད་གཏོར་རྒྱག་སྐབས་རྫོང་བའི་གླུད་འགོང་།
- language:
- Tibetan
5. smon lam tshig mdzod chen mo
ལྷ་སའི་ཚོགས་མཆོད་གཏོར་རྒྱག་སྐབས་རྫོང་བའི་གླུད་འགོང༌།
- language:
- Tibetan