Skip to main content Skip to search
glang chen 'gying ri/
ID:
T30622
  • གླང་ཆེན་འགྱིང་རི (Tibetan, Tibetan script, Original)
    • > glang chen 'gying ri/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > langchen gyingri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • གླང་ཆེན་འགྱིང་ mt [in si khron zhing chen, SW ao me rdzong el smi 3099, krung go'i nang pa'i dharma tradition kyi gnas mchog cig]

    language:
    Tibetan
  • གླང་ཆེན་འགྱིང་ mt

    language:
    Tibetan

2. bod rgya tshig mdzod chen mo

[420] སི་ཁྲོན་ཞིང་ཆེན་ཨོ་མེ་རྫོང་གི་ལྷོ་ནུབ་ན་ཡོད་ཅིང། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3099ཡོད་པ་དང། ཀྲུང་གོའི་ནང་པའི་ཆོས་ལུགས་ཀྱི་གནས་མཆོག་ཅིག་...

language:
English

3. dung dkar bod rig pa'i tshig mdzod chen mo

(峨眉山)དེ་ཡང་རྒྱ་ནག་གི་ནང་པའི་གནས་རི་རྩ་ཆེན་བཞིའི་ཡ་གྱལ་ཨོ་མེ་ཧྲན་ཏེ་གླང་ཆེན་འགྱིང་རི་ནི་ཟི་ཁྲོན་ཞིང་ཆེན་ལོ་ཧྲན(乐山)ས་ཁུལ་དུ་ཡོད་ཅིང༌། འཕགས་པ་ཀུན་ཏུ་བཟང་པོའི་གནས་ཡིན་ལ་ནང་པའི་ཆོས་གཞུང་དུ་བཤད་པའི་རི་བོ་འོད་ཟེར་ཅན་ཞེས་པ་དེ་ཡང་རི་འདི་ཡིན་ཞེས་རྒྱའི་ཡིག་ཆར་གསལ་ལ། ཡིག་ཆ་ཁ་ཤས་ནང་ཧན་རྒྱལ་རབས་ཀྱི་དུས་ནས་གནས་འདིར་ལྷ་ཁང་སོགས་ཡོད་ཚུལ་འཁོད་འདུག་ཀྱང་གླང་ཆེན་འགྱིང་རིའི་དཀར་ཆག་ལྟར་ན་ཆེས་སྔ་ཤོས་ནི་ཝེ་རྒྱལ་རབས་སྐབས་བཞེངས་པའི་ཆུ་ནག་དགོན་པ་སྟེ། ཅིན་རྒྱལ་རབས་སྐབས་གནས་འདིར་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་བརྙན་བཞེངས་ཤིང་ཕུ་ཤན་སི་ཞེས་མཚན་གསོལ། ཐང་རྒྱལ་རབས་ཀྱི་སྐབས་སུ་ཆུ་དཀར་དགོན་པ་ཞེས་མིང་བསྒྱུར། མིང་རྒྱལ་རབས་ཀྱི་དུས་སུ་སླར་ཡང་དབན་ཉན་སི་ཞེས་མཚན་བརྗེས། སྔར་དགོན་པ་འདིར་ལྷ་ཁང་བདུན་ཡོད་ཀྱང་ཕྱིས་སུ་མེ་བཞེས་ཏེ་སྲེག་ཟའི་ཁམས་སུ་ཐིམ། ༡༩༥༣ལོར་ཉམས་གསོ་བྱས་ནས་དགོན་པའི་དཀྱིལ་གྱི་དབུས་ཁང་དུ་གླང་ཆེན་མཆེ་བ་དྲུག་ལྡན་ལ་ཆིབས་པའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་བརྙན་ལྗིད་ཚད་ལ་ཏུན༦༢ཡོད་པ་ཞིག་བཞེངས་ཤིང༌། དགོན་པ་འདི་ནི་གླང་ཆེན་འགྱིང་རིའི་དགོན་པ་ཐམས་ཅད་ཀྱི་ནང་ནས་ཆེ་ཤོས་དང་སྔ་ཤོས་ཡིན། རི་བོ་འདིའི་རྩེ་མཐོ་ཤོས་ལ་རྒྱ་མཆོའི་ངོས་ལས་སྤྱི་ཁྲེ་སུམ་སྟོང་དགུ་བཅུ་གོ་དགུ་ཡོད་པ་དང་སངས་རྒྱས་ཁྲི་ཡི་རི་བོ་ཟེར།

language:
Tibetan

4. Thupten Phuntsok Dictionary

སི་ཁྲོན་ཞིང་ཆེན་ཨོ་མེ་རྫོང་གི་ལྷོ་ནུབ་ན་ཡོད་ཅིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི༣༠༩༩ཡོད་པ་དང་། ཀྲུང་གོའི་ནང་པའི་ཆོས་ལུགས་ཀྱི་གནས་མཆོག་ཅིག

language:
Tibetan

5. smon lam tshig mdzod chen mo

སི་ཁྲོན་ཞིང་ཆེན་ཨོ་མེ་རྫོང་གི་ལྷོ་ནུབ་ན་ཡོད་ཅིང༌། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3099 ཡོད་པ་དང༌། རྒྱ་ནག་གི་ནང་པའི་ཆོས་ལུགས་ཀྱི་གནས་མཆོག་ཅིག་ཡིན།

language:
Tibetan