Skip to main content Skip to search
gla phogs/
ID:
T30493
  • གླ་ཕོགས (Tibetan, Tibetan script, Original)
    • > gla phogs/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lapok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

2. Jim Valby Dictionary

salary, wage, pay, income, pay

language:
English

3. bod rgya tshig mdzod chen mo

[418] ལས་གླ་དངུལ་དང་བཟའ་རྟེན་འབྲུ་སོགས། ...

language:
English

4. dung dkar bod rig pa'i tshig mdzod chen mo

ལས་ཡུལ་དངོས་སུ་བརྐོད་འདོམས་བྱེད་མཁན་འགོ་པ་དང༌། བཟོ་རིགས་ཁག་གི་ལག་རྩལ་མི་སྣ་བཅས་ལ་ཟླ་བ་རེར་གླ་ཕོགས་སྤྲོད་པའི་ལམ་ལུགས་ལ་ཟེར། ད་ཡོད་ཀྱི་དཔྱད་གའིའི་ཡིག་ཆ་ཁག་གཞིར་བཟུང་ན་དེ་སྔོན་བོད་དུ་བསམ་ཡས་གཙུག་ལག་ཁང་ཐོག་མར་བཞེངས་སྐབས་ནས་བཟོ་པ་ལག་རྩལ་པ་རྣམས་ལ་གླ་ཕོགས་སྤྲོད་པའི་ལུགས་ཆགས་ཟིན་པ་དང་གླ་ཕོགས་མཐོ་ན་བཟོ་རིགས་པ་རྣམས་ཀྱིས་སོ་སོའི་ལག་རྩལ་ཁྱད་ཆོས་གང་ཡོད་འདོན་ཐུབ་པའི་སྐོར་སྐབས་དེར་བྲིས་པའི་བསམ་ཡས་གཙུག་ལག་ཁང་གི་ལོ་རྒྱུས<<རྦ་བཞེད>>ཀྱི་ནང་གསལ་པོར་བཀོད་ཡོད་པ་དང༌། བོད་སིལ་བུའི་རིང་དགོན་པ་ཁག་གསར་བཞེངས་དང་ཉམས་གསོའི་སྐབས་བཟོ་པ་ལག་རྩལ་པའི་རིགས་ཚང་མར་གླ་ཕོགས་ཡོད་པའི་གནས་ཚུལ་ལོ་རྒྱུས་ཁག་ཏུ་གསལ་ཡང་གླ་ཕོགས་ཀྱི་བསྡོམས་གྲངས་མ་གཏོགས་ཞིབ་ཆའི་གནས་ཚུལ་མི་གསལ་ཞིང༌། དེ་དང་འདྲ་བར་ས་སྐྱ་བ་དང༌། སྡེ་སྲིད་ཕག་མོ་གྲུ་པ། སྡེ་སྲིད་གཙང་པ་བཅས་ཀྱི་དུས་སྐབས་ཉིན་རེ་འབྲུ་བྲེ་གསུམ་གྱི་ཚད་དུ་བརྩིས་པའི་ཟླ་རེར་གླ་ཕོགས་འབྲུ་ཁལ་གསུམ་ཡིན་པ་དང༌། པོ་ཏ་ལའི་ཕོ་བྲང་དམར་པོ་བཞེངས་སྐབས་སྲིད་གཞུང་སྔོན་མ་ཚོའི་སྐབས་ལས་མཐོ་རུ་བཏང་སྟེ་འགོ་པ་དང་བཟོ་རིགས་ལག་རྩལ་མི་སྣ་ཚོའི་གླ་ཕོགས་མཐོ་དམན་རིམ་པ་དྲུག་ཏུ་ཕྱེ་ནས་གླ་ཕོགས་མཐོ་ཤོས་ལ་ཟླ་བ་རེར་ཉིན་གླ་འབྲུ་བྲེ་དྲུག་ཕུལ་བཞི་རྩིས(དེང་སང་ལྟར་ན་རྒྱ་མ་བརྒྱད་དང་སྲང་བདུན་ཡིན)ཟ་འབྲུ་ཆང་རྒྱུ་བསྡོམས་ནས་ཁལ་བཅུ(དེང་སང་གི་ཐང་གཞིར་བརྩིས་ན་ཁལ་རེར་རྒྱ་མ་ཉི་ཤུ་རྩ་བརྒྱད་ཡིན་པས་ཉིན་རེ་རྒྱ་མ་བརྒྱད་དང་སྲང་བདུན་ཡིན་ཅིང་ཁལ་བཅུ་ལ་རྒྱ་མ་ཉིས་བརྒྱ་བརྒྱད་ཅུ་ཐམ་པ་ཡོད)ནས་གླ་ཕོགས་དམའ་ཤོས་ལ་ཉིན་གླ་འབྲུ(དེང་སང་གི་རིན་བབ་ལྟར་ནས་སྒོར༦༡ཡིན)བྲེ་གསུམ་ཕུལ་དོ(དེང་སང་ལྟར་ན་ཉིན་རེ་རྒྱ་མ་བཞི་དང་སྲང་གསུམ་ལྷག་ཙམ་ཡིན)བརྩིས་པའི་ཟླ་བ་རེར་ཟ་འབྲུ་ཆང་རྒྱུ་བསྡོམས་ནས་ཁལ་ལྔ(དེང་སང་གི་ཐང་གཞི་ལྟར་ན་འབྲུ་རྒྱ་མ་བརྒྱ་དང་བཞི་བཅུ་ཐམ་པ)ཡོད། གླ་ཕོགས་མཐོ་ཤོས་ལ་མར་ཁལ་གང་རེ་ཡོད་པ(དེང་སང་གི་ཐང་གཞི་ལྟར་ན་རྒྱ་མ་བརྒྱད་ཡིན)དེང་སང་གི་རིན་གོང་ལྟར་ན་སྒོར་བཅུ་གཉིས་ཡིན། དམའ་ཤོས་ལ་མར་ཉག་གང་དང་སྤོར་གང(དེང་སང་གི་ཐང་གཞི་ལྟར་ན་རྒྱ་མ་གང་དང་སྲང་བཞི་ཡིན)བར་དང༌། བཟའ་ཤ་ལུག་ཁོག་གཅིག་ནས་ཕྱེད་ཀ་བར། ཐུག་པའི་རྡོར་ལུག་མགོ་གཉིས་ནས་ཡོད་མེད་སྣ་ཚོགས། ཇ་སྤུས་ལེགས་ཉག་གསུམ་ནས་ཇ་དཀྱུས་མ་སྤོར་དོ་བར། ཚ་དང་སྣུམ་བྲེ་གང་རེ་རིམ་པ་མཐོ་དམན་མེད་པར་འདྲ་མཉམ། ཕྱུར་བ་བྲེ་གང་ནས་ཡོད་མེད་སྣ་ཚོགས་བཅས་གཏན་འབེབས་བཟོས་ཡོད།

language:
Tibetan

5. Thupten Phuntsok Dictionary

ལས་གླ་དངུལ་དང་བཟའ་རྟེན་འབྲུ་སོགས།

language:
Tibetan

6. smon lam tshig mdzod chen mo

ལས་གླ་དངུལ་དང་བཟའ་རྟེན་འབྲུ་སོགས།

language:
Tibetan