Skip to main content Skip to search
grub chen u rgyan pa/
ID:
T29410
  • གྲུབ་ཆེན་ཨུ་རྒྱན་པ (Tibetan, Tibetan script, Original)
    • > grub chen u rgyan pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drupchen ugyenpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Great master also known as རིན་ཆེན་དཔལ་ who brought dakini teachings from Uddiyana to Tibet. Contemporary of the 2nd and 3rd Karmapa

language:
English

2. Ives Waldo Dictionary

  • {rin chen dpal [master who brought dakini teachings from Uddiyana to tibet. Contemporary of the 2nd and 3rd karmapa]

    language:
    English
  • {rin chen dpal

    language:
    English

3. bod rgya tshig mdzod chen mo

[403] མཚན་དངོས་རིན་ཆེན་དཔལ་ཞེས་གྲགས། རབ་བྱུང་བཞི་པའི་ལྕགས་སྟག་ལོ་ལ་འཁྲུངས་ཤིང་རབ་བྱུང་ལྔ་པའི་ས་བྱི་ལོ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ཀརྨ་པ་པཀྵིའི་སྐྱེ་སྲིད་དུ་ངོས་འཛིན་པ་པོ་ཡིན། ...

language:
English

4. dung dkar bod rig pa'i tshig mdzod chen mo

འདི་ནི་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བ་ཞིག་ཡིན། བོད་ཀྱི་རབ་བྱུང་བཞི་པའི་ལྕགས་སྟག(༡༢༣༠)ལོ་ནས་རབ་བྱུང་ལྔ་པའི་ས་བྱ(༡༣༦༩)ལོ་བར་རུས་ནི་རྒྱུས་རིགས་མདོ་སྨད་ནས་བོད་དབུས་གཙང་དུ་འཁྱར་བ་ཞིག ཡབ་རྒྱུས་དབོན་ཇོ་འཕན་དང་ཡུམ་ཕྱུག་མོ་དུག་གེ་མར་བུ་བཞི་དང་བུ་མོ་གསུམ་བཅས་བྱུང་བའི་ཆུང་ཤོས་དེ་ཡིན། དགུང་ལོ་ནར་སོན་ནས་ཡབ་ཀྱིས་ཆུང་མ་ལེན་རྩིས་བྱས་ཀྱང་མ་བཞེས་པར་རང་གི་ཡབ་ཀྱི་དྲུང་དུ་གསང་སྔགས་ཀྱི་ཆོས་མང་པོ་གསན་ནས་མཁས་པར་སྦྱངས། དགུང་ལོ་བཅུ་དྲུག་ལ་བོ་དོང་ཨེ་དགོན་པར་བྱོན་ནས། ཆོས་རྗེ་རིན་ཆེན་རྩེ་མོའི་དྲུང་དུ་མངོན་པ་གོང་འོག་དང་ཚད་མ། དབུ་མ་བཅས་གསན། ཆོས་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་ལོན་པ་དང༌། བོ་དོང་ཆོས་རྗེ་རིན་ཆེན་རྩེ་མོས་མཁན་པོ་དང༌། ཞང་བསམ་གླིང་པས་སློབ་དཔོན། སློབ་དཔོན་བསོད་ནམས་འོད་ཟེར་གྱིས་གསང་སྟོན་མཛད་ནས་རབ་བྱུང་བསྙེན་རྫོགས་ཅིག་ཅར་དུ་བསྒྲུབས་པར་མཚན་རིན་ཆེན་དཔལ་དུ་གསོལ། དེ་ནས་ལོ་བཅུ་གཉིས་རིང་སྟན་གཅིག་པའི་བརྟུལ་ཞུགས་བཟུང་ནས་ཤ་མི་གསོལ། ཆོས་རྗེ་རིན་ཆེན་རྩེ་མོ་དང༌། གོ་ལུང་པ་ནམ་མཁའ་རྒྱལ་མཚན། དུས་འཁོར་བ་སངས་རྒྱས་རྡོ་རྗེ་བཅས་བསྟེན་ནས་དུས་འཁོར་འབྲོ་ལུགས་དང༌། ཆག་ལུགས། རྩ་མི་ལུགས་བཅས་སློབ་སྦྱོང་གནང་སྟེ་དུས་འཁོར་དང་སྐར་རྩིས་ལ་ཤིན་ཏུ་མཁས་པར་གྱུར། ཆོས་རྗེ་རྒོད་ཚང་པ་བླ་མར་བསྟེན་ནས་བཀའ་བརྒྱུད་ཀྱི་ཆོས་སྐོར་མཐའ་དག་གསན། དེ་ནས་མང་ཡུལ་སྐྱིད་གྲོང་ལ་ལམ་བྱས་ཁ་ཆེའི་ཡུལ་དུ་བྱོན། དེ་ནས་ཨོ་རྒྱན་གྱི་ཡུལ་དུ་གསང་སྔགས་ཀྱི་ཆོས་མང་པོ་གསན། དགུང་ལོ་སོ་གཉིས་པ་ལྕགས་བྱ(༡༢༦༡)ལོར་སླར་ཡང་རྒྱ་གར་རྡོ་རྗེ་གདན་དུ་བྱོན་ནས་མཆོད་རྟེན་ལ་ཞིག་གསོས་གནང༌། དགུང་ལོ་རེ་གསུམ་པ་རབ་བྱུང་ལྔ་པའི་ཆུ་འབྲུག(༡༢༩༢)ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱིས་གདན་དྲངས་ཏེ་རྒྱལ་པོ་དང་བློན་པོ་འབངས་བཅས་ལ་ཆོས་མང་པོ་གསུངས། རྒྱུ་ནོར་གྱི་འབུལ་བ་ཚད་ལས་འདས་པ་བྱུང་ཡང་སྣ་གཅིག་ཀྱང་མ་བཞེས་པར་བོད་དུ་ཕྱིར་ཕེབས། དགུང་ལོ་བརྒྱད་ཅུ་པ་རབ་བྱུང་ལྔ་པའི་ས་བྱ(༡༣༠༩)ལོར་སྐུ་འདས། འདིའི་ལོ་རྒྱུས་ཅུང་ཟད་ཞིབ་པ་འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས་པའི<<དེབ་ཐེར་སྔོན་པོ>>ལེ་ཚན[]པའི་ཤོག་གྲངས༡༢༩ནས༡༣༢བར་དང༌། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི<<ཆོས་འབྱུང་མཁས་པའི་དགའ་སྟོན>>གྱི་ལེ་ཚན[]པའི་ཤོག་གྲངས༣༠ནས༣༢བར་གསལ་བ་དེར་གཟིགས།

language:
Tibetan

5. Thupten Phuntsok Dictionary

མཚན་དངོས་རིན་ཆེན་དཔལ་ཞེས་གྲགས། རབ་བྱུང་བཞི་པའི་ལྕགས་སྟག་ལོ་ལ་འཁྲུངས་ཤིང་རབ་བྱུང་ལྔ་པའི་ས་བྱི་ལོ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ཀརྨ་པ་པཀྵྀའི་སྐྱེ་སྲིད་དུ་ངོས་འཛིན་པ་པོ་ཡིན། འདི་ནི་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བ་ཞིག་ཡིན་བོད་རབ་བྱུང་བཅུ་བཞི་པའི་ལྕགས་སྟག (༡༢༣༠) ལོ་ན་རབ་བྱུང་ལྔ་པའི་ས་བྱ་ (༡༣༦༩) ལོར་འཁྲུངས། ནར་སོན་རྗེས་མདོ་སྨད་ནས་དབུས་གཙང་དུ་ཕེབས། མཁས་པ་མང་པོ་བསྟེན། ཕྱིས་གཙང་སྐྱིད་གྲོང་ནས་ཁ་ཆེའི་ཡུལ་དང་། རྡོ་རྗེ་གདན་སོགས་ལ་བྱོན། དགུང་ལོ་བརྒྱད་ཅུ་པ་རབ་བྱུང་ལྔ་པའི་ས་བྱ་(༡༣༠༩)ལོར་གཤེགས།

language:
Tibetan

6. smon lam tshig mdzod chen mo

མཚན་དངོས་རིན་ཆེན་དཔལ་ཞེས་གྲགས། རབ་བྱུང་བཞི་པའི་ལྕགས་སྟག་ལོ་ལ་འཁྲུངས་ཤིང་རབ་བྱུང་ལྔ་པའི་ས་བྱི་ལོ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ཀརྨ་པ་པཀྵའི་སྐྱེ་སྲིད་དུ་ངོས་འཛིན་པ་པོ་ཡིན།

language:
Tibetan

7. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཞི་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ 1230 [280]ལོར་ཡབ་རྒྱུས་དབོན་ཇོ་འཕན་དང་། ཡུམ་ཕྱུག་མོ་དུག་གེ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ 1309 ལོར་སྐུ་གཤེགས། དགུང་ལོ་ཆུང་དུས་ཡབ་ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་དང་། གསང་སྔགས་ཀྱི་ཆོས་མང་པོ་གསན་ཏེ་མཁས་པར་གྱུར། དགུང་ལོ་བཅུ་དྲུག་པར་བོ་དོང་ཨེ་དགོན་དུ་བྱོན་ནས་ཆོས་རྗེ་རིན་ཆེན་རྩེ་མོ་ལས་མངོན་པ་གོང་འོག་དང་། ཚད་མ། དབུ་མ་བཅས་གསན། ཆོས་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། དགུང་ལོ་ཉི་ཤུ་པར་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ་མཚན་ལ་རིན་ཆེན་དཔལ་གསོལ། དེ་ནས་ལོ་ངོ་བཅུ་གཉིས་རིང་དུ་ཆོས་རྗེ་རིན་ཆེན་རྩེ་མོ་དང་། གོང་ལུང་པ་ནམ་མཁའ་རྒྱལ་མཚན། དུས་འཁོར་བ་སངས་རྒྱས་རྡོ་རྗེ་བཅས་ལ་བསྟེན་ནས་དུས་འཁོར་འགྲོ་ལུགས་དང་། ཆགས་ལུགས། རྩ་མི་ལུགས་བཅས་སློབ་སྦྱངས་མཛད་དེ་དུས་འཁོར་དང་། སྐར་རྩིས་ལ་ཤིན་ཏུ་མཁས་པར་གྱུར། ཆོས་རྗེ་རྒོད་ཚང་པ་དང་ཀརྨ་པཀྵི་གཉིས་ལ་བསྟེན་ནས་བཀའ་བརྒྱུད་པའི་ཆོས་སྐོར་མཐའ་དག་གསན། དེ་ནས་མང་ཡུལ་སྐྱིད་གྲོང་ལ་ལམ་བྱས་ནས་ཁ་ཆེའི་ཡུལ་དུ་བྱོན། དེ་ནས་ཨོ་རྒྱན་གྱི་ཡུལ་དུ་ཕེབས་ཏེ་གསང་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་སོ་གཉིས་པར་རྒྱ་གར་རྡོ་རྗེ་གདན་དུ་བྱོན་ནས་མཆོད་རྟེན་ལ་ཞིག་གསོས་གནང་། རབ་བྱུང་ལྔ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ 1288 ལོར་ཀརྨ་པཀྵིའི་ཞལ་ཆེམས་ལྟར་ཁོང་གིས་རང་བྱུང་རྡོ་རྗེ་ཀརྨ་པཀྵིའི་ཡང་སྲིད་དུ་ངོས་འཛིན་མཛད། དེ་ནས་བཟུང་བོད་གངས་ཅན་གྱི་ལྗོངས་འདིར་སྤྲུལ་སྐུ་ངོས་འཛིན་བྱེད་པའི་[281]ལམ་ལུགས་གསར་དུ་ཚུགས་པ་རེད། དགུང་ལོ་རེ་གསུམ་པ་རབ་བྱུང་ལྔ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1292 ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱིས་གདན་དྲངས་ཏེ་རྒྱལ་པོ་དང་བློན་འབངས་བཅས་ལ་ཆོས་མང་པོ་གསུངས། རྒྱལ་བུའི་ཕྱག་བསྙུན་བར་སུས་ཀྱང་བཅོས་མ་ཐུབ་པ་འཆོས་པར་མཛད། རྒྱལ་པོ་དགྱེས་ནས་འབུལ་བ་ཚད་མེད་ཕུལ་ཡང་སྣ་གཅིག་ཀྱང་མ་བཞེས་པར་བོད་དུ་ཕེབས་སོ།།

language:
Tibetan