Skip to main content Skip to search
grangs med bskal pa/
ID:
T28834
  • གྲངས་མེད་བསྐལ་པ (Tibetan, Tibetan script, Original)
    • > grangs med bskal pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drangmé kelpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

an asamkhya kalpa, 'numberless aeon'

language:
English

2. Ives Waldo Dictionary

asamkhya kalpa, #less aeon

language:
English

3. dung dkar bod rig pa'i tshig mdzod chen mo

སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། འཇིག་རྟེན་ཁམས་ལ་གྲངས་མེད་པ་དང་མཐའ་མེད་ཅིང༌། འཇིག་རྟེན་སྔ་མ་འཇིག་ནས་འཇིག་རྟེན་ཕྱི་མ་མ་ཆགས་བར་གྱི་བར་སྟོང་དེ་ནི་སྟོངས་པའི་བསྐལ་པ་དང༌། འཇིག་རྟེན་གསར་པ་ཆགས་ནས་འཇིག་རྟེན་ཐོག་འགྲོ་བ་མིའི་རིགས་ཐོག་མར་བྱུང་བར་ནི་ཆགས་པའི་བསྐལ་པ་དང༌། འཇིག་རྟེན་ཐོག་འགྲོ་བ་མི་ཡི་རིགས་ཐོག་མར་བྱུང་བ་ནས་ ལྔར་ངེས་པར་འདོད་པས་ན་གྲངས་ཅན་པ་ཞེས་བརྗོད། །མིང་གི་རྣམ་གྲངས་ལས། རང་བཞིན་རྒྱུར་སྨྲ་བས་རང་བཞིན་རྒྱུར་སྨྲ་བ་དང༌། ཐུབ་པ་སེར་སྐྱའི་རྗེས་སུ་འཇུག་པས་སེར་སྐྱ་པ། གཙོ་བོ་རྒྱུར་སྨྲ་བས་གཙོ་བོ་པ་ཞེས་ཟེར་རོ། དབྱེ་ན་གྲངས་ཅན་ལྷ་མེད་པ་དང་གྲངས་ཅན་ལྷར་བཅས་པ་གཉིས་ཡོད་དོ།

language:
Tibetan

4. Thupten Phuntsok Dictionary

འཇིག་རྟེན་ཁམས་ལ་གྲངས་མེད་པ་དང་མཐའ་མེད་ཅིང་། འཇིག་རྟེན་སྔ་མ་འཇིག་ནས་འཇིག་རྟེན་ཕྱི་མ་མ་ཆགས་བར་གྱི་བར་སྟོང་དེ་ནི་སྟོངས་པའི་བསྐལ་པ་དང་། འཇིག་རྟེན་གསར་པ་ཆགས་ནས་འཇིག་རྟེན་ཐོག་འགྲོ་བ་མིའི་རིགས་ཐོག་མར་བྱུང་བར་ཆགས་པའི་བསྐལ་པ་དང་། འཇིག་རྟེན་ཐོག་འགྲོ་བ་མི་ཡི་རིགས་ཐོག་མ་བྱུང་བ་ནས་འཇིགས་མེད་པར་ཆགས་པའི་འགོ་མ་ཚུགས་བར་ནི་གནས་པའི་བསྐལ་པ་ཡིན། འཇིག་རྟེན་ཁམས་འདི་ཐོག་མར་ཆགས་པའི་ཚུགས་པ་ནས་འཇིག་རྟེན་རྗེས་མ་མ་ཆགས་ཀྱི་བར་ལ་མི་ལོ་དཀྲིགས་ཆེན་པོ་གསུམ། དཀྲིགས་ཆུང་བ་གསུམ་། གཏམ་ཆེན་པོ་དགུ གཏམ་ཆུང་བ་བདུན། རབ་བཀྲམ་ཆེན་པོ་བདུན། རབ་བཀྲམ་མེད། ཁྲག་ཁྲིག་ཆེན་པོ་དྲུག ཁྲག་ཁྲིག་གཉིས། ཐེར་འབུམ་ཆེན་པོ་བཞི་བཅས་ཡོད་པ་རྣམས་ཨང་རྟགས་སུ་བཀོད་ན་༣༣༩༧༧༠༦༢༤༠༠༠༠༠༠༠༠༠༠ཡོད་པ་དེ་དེང་སང་གི་དུང་ཕྱུར་རྩི་གཞིར་བྱས་པ་ལྟར་ན་མི་ལོ་དུང་ཕྱུར་སུམ་བརྒྱ་སུམ་ཅུ་སོ་དགུ་དང་། བྱེ་བ་བདུན། ས་ཡ་བདུན། འབུམ་མེད་དྲུག་ཁྲི། ཉིས་སྟོང་བཞི་བརྒྱ་ཐམ་པ་ཡིན། དེ་ཉིད་དུམ་བུ་བཞིར་བྱས་པའི་དུམ་བུ་དང་པོ་འཇིག་རྟེན་ཆགས་པ་དང་། གཉིས་པ་འཇིག་རྟེན་གནས་པ། གསུམ་པ་འཇིག་པ། བཞི་པ་སྟོང་པ་བཅས་པའི་དུས་སྐབས་རེ་རེ་ལ་བར་བསྐལ་ཉི་ཤུ་རེ་ཡོད། བར་བསྐལ་རེ་རེ་ལ་མི་ལོ་བྱེ་བ་བརྒྱ་དང་། ས་ཡ་དྲུག འབུམ་བཞི་ཡོད་པ་དེ་ཉི་ཤུས་བསྒྱུར་ན་མི་ལོ་དུང་ཕྱུར་བཅུ་བདུན་དང་། བྱེ་བ་གཉིས། ས་ཡ་བརྒྱད (༡༧༢༨༠༠༠༠༠༠) ཡོད། འཇིག་རྟེན་ཆགས་འཇིག་གནས་སྟོང་བཅས་ཀྱི་བསྐལ་པ་ཡོངས་རྫོགས་བསྡོམས་ན་བར་བསྐལ་བརྒྱད་ཅུ་ཡིན་པས་དེ་ལ་མི་ལོ་ཐེར་འབྱམ་ཆེན་པོ་དྲུག་དང་། ཐེར་འབུམ་དགུ། དུང་ཕྱུར་བཞི། བྱེ་བ་བརྒྱད། ས་ཡ་གཉིས་ཡོད་པ་དེ་ཨང་རྟགས་སུ་བཀོད་ན (༦༩༤༨༢༠༠༠༠༠༠) ཡིན། དེ་འདྲའི་བར་བསྐལ་པ་བརྒྱད་ཅུ་ཐམ་པའི་མིང་དེ་ལ་བསྐལ་ཆེན་གཅིག་ཏུ་བརྩིས་པའི་གྲངས་འབོར་དེར་བསྐལ་པ་གྲངས་མེད་གཅིག་ཟེར་བ་ཡིན།

language:
Tibetan