- gyer sgom tshul khrims seng ge/
- ID:
- T28276
- གྱེར་སྒོམ་ཚུལ་ཁྲིམས་སེང་གེ (Tibetan, Tibetan script, Original)
- > gyer sgom tshul khrims seng ge/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyergom tsültrim sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
གྱེར་སྒོམ་ཚུལ་ཁྲིམས་སེང་གེ་ [b 2nd wood mouse yr yar klungs su khra 'brug pa, rje rgyud, student of phag gru rdo rje rgyal po, in the 3rd iron ox founded snye phur shug gseb monastery called shug gseb bka' brgyud, then rim par brgyud pa dag gis zhi byed pa'i rjes su 'brangs pas in the Blue Annals this zhi byed par 'jog d in the wood mouse yr]
- language:
- Tibetan
-
གྱེར་སྒོམ་ཚུལ་ཁྲིམས་སེང་གེ་
- language:
- Tibetan
2. bod rgya tshig mdzod chen mo
[385] རབ་བྱུང་གཉིས་པའི་ཤིང་བྱི་ལོར་ཡར་ཀླུངས་སུ་ཁྲ་འབྲུག་པའི་རྗེ་རྒྱུད་དུ་འཁྲུངས། ཕག་གྲུ་རྡོ་རྗེ་རྒྱལ་པོའི་སློབ་མ་ཡིན། རབ་བྱུང་གསུམ་པའི་ལྕགས་གླང་ལོར་སྙེ་ཕུར་ཤུག་གསེབ་དགོན་པ་བཏབ་པས་ཤུག་གསེབ་བཀའ་བརྒྱུད་ཅེས་པ་བྱུང། དེ་ནས་རིམ་པར་བརྒྱུད་པ་དག་གིས་ཞི་བྱེད་པའི་རྗེས་སུ་འབྲངས་པས་དེབ་སྔོན་དུ་འདི་ཉིད་ཞི་བྱེད་པར་འཇོག་ཤིང་བྱི་ལོ་ལ་འདས། ...
- language:
- English
3. Thupten Phuntsok Dictionary
རབ་བྱུང་གཉིས་པའི་ཤིང་བྱི་ལོར་ཡར་ཀླུངས་སུ་ཁྲ་འབྲུག་པའི་རྗེ་རྒྱུད་དུ་འཁྲུངས། ཕག་གྲུ་རྡོ་རྗེ་རྒྱལ་པོའི་སློབ་མ་ཡིན། རབ་བྱུང་གསུམ་པའི་ས་གླང་ལོར་སྙེ་ཕུར་ཤུག་གསེབ་དགོན་པ་བཏབ་པས་ཤུག་གསེབ་བཀའ་བརྒྱུད་ཅེས་པ་བྱུང་། དེ་ནས་རིམ་པར་བརྒྱུད་པ་དག་གིས་ཞི་བྱེད་པའི་རྗེས་སུ་འབྲངས་པས་དེབ་སྔོན་དུ་འདི་ཉིད་ཞི་བྱེད་པར་འཇོག ཤིང་བྱི་ལོ་ལ་འདས།
- language:
- Tibetan
4. smon lam tshig mdzod chen mo
རབ་བྱུང་གཉིས་པའི་ཤིང་བྱི་ལོར་ཡར་ཀླུངས་སུ་ཁྲ་འབྲུག་པའི་རྗེ་རྒྱུད་དུ་འཁྲུངས། ཕག་གྲུ་རྡོ་རྗེ་རྒྱལ་པོའི་སློབ་མ་ཡིན། རབ་བྱུང་གསུམ་པའི་ལྕགས་གླང་ལོར་སྙེ་ཕུར་ཤུག་གསེབ་དགོན་པ་བཏབ་པས་ཤུག་གསེབ་བཀའ་བརྒྱུད་ཅེས་པ་བྱུང༌། དེ་ནས་རིམ་པར་བརྒྱུད་པ་དག་གིས་ཞི་བྱེད་པའི་རྗེས་སུ་འབྲངས་པས་དེབ་སྔོན་དུ་འདི་ཉིད་ཞི་བྱེད་པར་འཇོག་ཤིང་བྱི་ལོ་ལ་འདས།
- language:
- Tibetan
5. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་གཉིས་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ 1144 ལོར་ཡར་ཀླུངས་སུ་ཁྲ་འབྲུག་པའི་རྗེ་རྒྱུད་དུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ 1204 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཅིག་པར་རབ་བྱུང་བསྒྲུབས། དགེ་བཤེས་ཧོར་ལས་གསང་འདུས་ཀྱི་རྩ་འགྲེལ་དང་དབང་ལུང་མན་ངག་མང་དུ་གསན། དགུང་ལོ་བཅུ་དགུ་པར་འཐབ་རྩར་བྱོན། ཕག་མོ་གྲུ་པ་སར་ཆོས་མང་དུ་གསན་ནས་བླ་མ་སངས་རྒྱས་སུ་མཐོང་། དེ་ནས་རྣལ་འབྱོར་ཆོས་གསུང་དང་མཇལ་ཏེ་རྗེ་བཙུན་མའི་བྱིན་རླབས་དང་ཆོས་དྲུག་གི་ཁྲིད་སོགས་ནས་ཆོས་བརྒྱད་ཀྱི་འཆིང་བ་རྣམས་གྲོལ་ཏེ་གནས་ངེས་མེད་དུ་བྱོན། མལ་གྲོ་གཟི་ཅན་དང་སྙེའི་ཁ་ནག་སོགས་གདུག་པ་ཅན་རྣམས་བཏུལ། དེ་ནས་སྟོད་ལུང་གི་ཕྲེང་ཁ་དབྲག་ཏུ་ཕེབས་ཏེ་ལོ་ངོ་ལྔ་ཙམ་བཞུགས། དགུང་ལོ་སོ་བརྒྱད་པར་རབ་བྱུང་གསུམ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ 1181 ལོར་ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་ཆུ་ཤུལ་རྫོང་ཁོངས་སུ་སྙེ་ཕུར་ཤུག་གསེབ་དགོན་པ་གསར་འདེབས་མཛད། ལོ་ངོ་ཉེར་བཞིའི་རིང་དུ་གདན་སར་བཞུགས་ཏེ་གཞན་དོན་རྒྱ་ཆེན་བསྒྲུབས། སློབ་མ་སྟོད་ནས་རྒྱ་དམར་མཛོད་གསུམ་དང་། སྨད་ནས་སྟོབས་ལྡན་མི་གསུམ་སོགས་མང་དུ་བྱོན། འདི་ལ་ཤུག་གསེབ་བཀའ་བརྒྱུད་ཅེས་གྲགས། དེ་ནས་རིམ་པར་བརྒྱུད་པ་དག་གིས་ཕ་དམ་པའི་ཞི་བྱེད་ཀྱི་ཆོས་དང་གཅིག་མཚུངས་སུ་[269]གྱུར་པས་འགོས་ལོ་གཞོན་ནུ་དཔལ་གྱིས་འདི་ཉིད་ཞི་བྱེད་པར་བརྩིས་སོ།།
- language:
- Tibetan