- ongpo
- ID:
- T273799
- ཨོང་པོ (Tibetan, Tibetan script, Original)
- > ongpo (Tibetan, Latin script, Transliteration-THL Extended Wylie Transliteration)
- > ong po (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་《བསྟན་འགྱུར》ལས《མན་ངག་སྐུའི་སྒྲོན་མ》དང་། 《ཐེག་པ་གསུང་གི་སྒྲོན་མ》། 《ཡང་དག་པའི་ལྟ་བའི་སྒྲོན་མ》། 《རིན་པོ་ཆེ》། 《མཉམ་ཉིད་གཞིའི་སྒྲོན་མ》། 《མཐར་ཐུག་འབྲས་བུའི་སྒྲོན་མ》། 《བྱང་ཆུབ་སྤྱོད་པའི་སྒྲོན་མ》། 《རྣལ་འབྱོར་ལམ་གྱི་སྒྲོན་མ》། 《གསང་བ་ཐུགས་ཀྱི་སྒྲོན་མ》། 《མཎྜལ་གྱི་ཆོ་ག》། 《དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་མན་ངག》། 《ཤེས་[1924]རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས》། 《རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས》། 《རྡོ་རྗེ་ཕག་མོའི་སྒྲུབ་ཐབས》། 《འཇམ་དཔལ་ཁྲོ་བོར་སྒྲུབ་པ》བཅས་བཞུགས་སོ། །
- language:
- Tibetan