Skip to main content Skip to search
ser smad blo bzang thugs rje
ID:
T273584
  • སེར་སྨད་བློ་བཟང་ཐུགས་རྗེ (Tibetan, Tibetan script, Original)
    • > ser smad blo bzang thugs rje (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sermé lozang tukjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་བཅས་ལ་བྱང་བར་མཛད་ཅིང་། སེར་སྨད་ཀྱི་ཆོས་གྲྭར་ཞུགས་ཏེ་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་[1786]ནས་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་བ་མཛད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་། མཁན་པོ་བསྐལ་བཟང་དངོས་གྲུབ། སྟོང་འཁོར་ངག་དབང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་(1753—1798) བཅས་ལ་བསྟེན་གཞུང་ཆེན་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་རྨད་དུ་བྱུང་བ་མཛད་ཅིང་མཁས་པའི་གྲགས་པ་ཐོབ་བོ། ཁོང་གི་གསུང་རྩོམ་ནི《བླ་མ་བསྟེན་ཚུལ་ལྔ་བཅུ་བར་ཚིག་བསྙེན་དང་མཆན་འགྲེལ》དང་། 《སྡོམ་པ་ཉི་ཤུ་བ་སོགས་ཀྱི་མཆན་འགྲེལ་དང་བཅས་པའི་བྱང་སེམས་ཀྱི་བསླབ་བྱ》། 《གསང་སྔགས་ཀྱི་བསླབ་བྱ་བཏུས་པ》། 《དགའ་ལྡན་ལྷ་བརྒྱ་མར་གྲགས་པའི་བླ་མའི་རྣལ་འབྱོར་གྱི་རྣལ་འབྱོར་གྱི་ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང》། 《དམིགས་བརྩེ་མའི་སྒོ་ནས་ཆར་འབེབས་དང་སད་བསྲུང་འཁོར་ལོ་སྒྲུབ་ཚུལ》། 《འོད་དཔག་མེད་ལ་བརྟེན་པའི་འཕོ་ཁྲིད་གསེར་གྱི་ཡང་ཞུན》། 《རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་ཞི་རྒྱས་ཀྱི་སྦྱིན་སྲེག་བྱ་ཚུལ》། 《རྟ་མགྲིན་གྱི་བསྙེན་སྒྲུབ་བྱ་བའི་ཚུལ་དང་རྗེས་གནང་བྱ་ཚུལ》། 《ལོ་གྱོན་མ་རིགས་གསུམ་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་གི་ཆོ་ག》། 《དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་གི་ཆོ་ག》། 《དཔལ་གཟི་ལྡན་གྱི་མགོན་པོའི་བུམ་སྒྲུབ་ཇི་ལྟར་བྱ་ཚུལ》། 《རབ་གནས་ཆེན་པོའི་སྐབས་ཀྱི་བཤད་པ་བྱ་ཚུལ》། 《ཁམས་གསུམ་རྣམ་རྒྱལ་གྱི་དྲིས་ལན་བཀའ་རྒྱ་མ》བཅས་ཆོས་ཚན་བཅོ་བརྒྱད་བཞུགས་སོ། །

language:
Tibetan