- shAkya brtson 'grus
- ID:
- T273510
- ཤཱཀྱ་བརྩོན་འགྲུས (Tibetan, Tibetan script, Original)
- > shAkya brtson 'grus (Tibetan, Latin script, Transliteration-THL Extended Wylie Transliteration)
- > shakya tsöndrü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་《བཀའ་འགྱུར》ལས《རྡོ་རྗེ་མཁའ་འགྲོའི་རྒྱུད་ཕྱི་མ》ལེའུ་བཞི་པ་དང་། 《བསྟན་འགྱུར》ལས《རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀའ་འགྲེལ》། 《དགེས་པ་རྡོ་རྗེའི་སྒྲུབ་ཐབས》། 《ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག》། 《སྒྱུ་མ་ཆེན་མོའི་དཀའ་འགྲེལ》། 《སྒྱུ་མ་ཆེན་མོའི་སྒྲུབ་ཐབས》། 《སྒྲོན་མ་གསལ་བར་བྱེད་པའི་དཀའ་བསྡུས་ཀྱི་འགྲེལ་བ》། 《རིམ་པ་ལྔའི་དཀའ་འགྲེལ》། 《གང་ཟག་གསུམ་གྱི་སྒོམ་ཐབས་སྟོན་པ་ཐེག་པ་ཆེན་པོ་ཉི་ཤུ་བ》། 《དབང་གི་དོན་ངེས་པར་བརྗོད་པ》བཅས་བཞུགས་སོ། །[1720]
- language:
- Tibetan