Skip to main content Skip to search
lce dga' ba'i dpal ba
ID:
T273420
  • ལྕེ་དགའ་བའི་དཔལ་བ (Tibetan, Tibetan script, Original)
    • > lce dga' ba'i dpal ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ché gawé pelwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་[536]སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནིཚེ་དཔག་མེད་ལ་བསྟོད་པ་འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབསདང་།ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོ་གབཞུགས་སོ།།

language:
Tibetan