- gong sman dkon cog bde legs/
- ID:
- T27317
- གོང་སྨན་དཀོན་ཅོག་བདེ་ལེགས (Tibetan, Tibetan script, Original)
- > gong sman dkon cog bde legs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gongmen könchok delek (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
གོང་སྨན་དཀོན་ཅོག་བདེ་ལེགས་ [in the 8th rabjung b gtzang sa skyar, eg brang ti chos rgyal bkra shis attended many masters &, Tibetan famous medicine yig cha phal mo che la closely studied; indian and Tibet many learned ones' snyan brgyud gab pa rnams khol du bton nas khrigs su bsdebs pa'i instructions po ti dmar po &, pod nag pod khra, later rgyud kyi dka' 'grel gnas thams cad gsal ba'i sgron me, brgyud pa'i rnam thar, sman ming brda sprod, rgyud kyi dka' 'phrang 'grol ba'i shog ser bcas pod 7, rtsa chu'i gnad 'grol zhal gyi gdams pa dmar 'byin, sngo'i 'khrungs dpe don bsdus, especially དཔལ་ལྡན་རྒྱུད་བཞི་ la very extensive annotation and commentary 'debs pa'i rgyud chen khra mo be bum seng lding mar grags pa without depending on a teacher, explaining it so that it ws understandable just from reading it de medicine teachings dgung
- language:
- Tibetan
-
གོང་སྨན་དཀོན་ཅོག་བདེ་ལེགས་
- language:
- Tibetan
2. bod rgya tshig mdzod chen mo
[372] རབ་བྱུང་བརྒྱད་པའི་ནང་གཙང་ས་སྐྱར་སྐུ་འཁྲུངས། བྲང་ཏི་ཆོས་རྒྱལ་བཀྲ་ཤིས་སོགས་སློབ་དཔོན་མང་པོ་བསྟེན་པ་དང། གངས་རིའི་ལྗོངས་ན་གྲགས་པའི་གསོ་བ་རིག་པའི་ཡིག་ཆ་ཕལ་མོ་ཆེ་ལ་ཞིབ་ཏུ་གཟིགས་ཏེ། རྒྱ་བོད་ཀྱི་མཁས་པ་དུ་མའི་སྙན་བརྒྱུད་གབ་པ་རྣམས་ཁོལ་དུ་བཏོན་ནས་ཁྲིགས་སུ་བསྡེབས་པའི་མན་ངག་པོ་ཏི་དམར་པོ་དང། པོད་ནག་པོད་ཁྲ། ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་གནས་ཐམས་ཅད་གསལ་བའི་སྒྲོན་མེ། བརྒྱུད་པའི་རྣམ་ཐར། སྨན་མིང་བརྡ་སྤྲོད། རྒྱུད་ཀྱི་དཀའ་འཕྲང་འགྲོལ་བའི་ཤོག་སེར་བཅས་པོད་བདུན། རྩ་ཆུའི་གནད་འགྲོལ་ཞལ་གྱི་གདམས་པ་དམར་འབྱིན། སྔོའི་འཁྲུངས་དཔེ་དོན་བསྡུས། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་ལ་མཆན་འགྲེལ་ཤིན་ཏུ་རྒྱས་པར་འདེབས་པའི་རྒྱུད་ཆེན་ཁྲ་མོ་བེ་བུམ་སེང་ལྡིང་མར་གྲགས་པ་སློབ་དཔོན་བསྟེན་མི་དགོས་པར་བལྟས་པ་ཙམ་གྱིས་གྲོལ་བར་བཞེད་པ་རྣམས་མཛད་དེ་གསོ་བ་རིག་པའི་བསྟན་པ་དགུང་དུ་བཏེགས། ...
- language:
- Tibetan
3. dung dkar bod rig pa'i tshig mdzod chen mo
རབ་བྱུང་བརྒྱད་པའི་མེ་ཡོས(༡༤༤༧)ལོར་གཙང་ས་སྐྱར་སྐུ་འཁྲུངས། བྲང་ཏི་ཆོས་རྒྱལ་བཀྲ་ཤིས་སོགས་སློབ་དཔོན་མང་པོ་བསྟེན་པ་དང༌། གངས་རིའི་ལྗོངས་ན་གྲགས་པའི་གསོ་བ་རིག་པའི་ཡིག་ཆ་ཕལ་མོ་ཆེ་ལ་ཞིབ་ཏུ་གཟིགས་ཏེ་མཁས་པ་དུ་མའི་སྙན་བརྒྱུད་གབ་པ་རྣམས་ཁོལ་དུ་བཏོན་ནས་ཁྲིགས་སུ་བསྡེབས་པའི་མན་ངག་པོ་ཏི་དམར་པོ་དང༌། པོད་ནག པོད་ཁྲ། <<ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་གནས་ཐམས་ཅད་གསལ་བའི་སྒྲོན་མེ>><<བརྒྱུད་པའི་རྣམ་ཐར>><<སྨན་མིང་བརྡ་སྤྲོད>><<རྒྱུད་ཀྱི་དཀའ་འཕྲང་འགྲོལ་བའི་ཤོག་སེར>>བཅས་པོད་བདུན། <<རྩ་ཆུའི་གནད་འགྲོལ་ཞལ་གྱི་གདམས་པ་དམར་འབྱིན>><<སྔོའི་འཁྲུངས་དཔེ་དོན་བསྡུས>><<ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་ལ་མཆན་འགྲེལ་ཤིན་ཏུ་རྒྱས་པར་འདེབས་པའི་རྒྱུད་ཆེན>><<ཕྲ་མོ་བེའུ་བུམ་སེང་ལྡིང་མར>>གྲགས་པ་སློབ་དཔོན་བསྟེན་མི་དགོས་པར་བལྟས་པ་ཙམ་གྱི་གྲོལ་བར་བཞེད་པ>>རྣམས་མཛད་དེ་གསོ་བ་རིག་པའི་བསྟན་པ་དགུང་དུ་བཏེགས། གོང་སྨན་དཀོན་ཅོག་ཕན་དར་སོགས་སློབ་མ་མང་དུ་བསྐྱངས། རབ་བྱུང་བརྒྱད་པའི་མེ་སྟག(༡༥༠༦)ལོར་གཤེགས་པར་གྲགས།
- language:
- Tibetan
4. Thupten Phuntsok Dictionary
རབ་བྱུང་བརྒྱད་པའི་ནང་གཙང་ས་སྐྱར་སྐུ་འཁྲུངས། བྲང་ཏི་ཆོས་རྒྱལ་བཀྲ་ཤིས་སོགས་སློབ་དཔོན་མང་པོ་བསྟེན་པ་དང་། གངས་རིའི་ལྗོངས་ན་གྲགས་པའི་གསོ་བ་རིག་པའི་ཡིག་ཆ་ཕལ་མོ་ཆེ་ལ་ཞིབ་ཏུ་གཟིགས་ཏེ། རྒྱ་བོད་ཀྱི་མཁས་པ་དུ་མའི་སྙན་བརྒྱུད་གབ་པ་རྣམས་ཁོལ་དུ་བཏོན་ནས་ཁྲིགས་སུ་བསྡེབས་པའི་མན་ངག་པོ་ཏི་དམར་པོ་དང་། པོད་ནག པོད་ཁྲ། ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་གནས་ཐམས་ཅད་གསལ་བའི་སྒྲོན་མེ། བརྒྱུད་པའི་རྣམ་ཐར། སྨན་མིང་བརྡ་སྤྲོད། རྒྱུད་ཀྱི་དཀའ་འཕྲང་འགྲོལ་བའི་ཤོག་སེར་བཅས་པོད་བདུན། རྩ་ཆུའི་གནད་འགྲོལ་ཞལ་གྱི་གདམས་པ་དམར་འབྱིན། སྔོའི་འཁྲུངས་དཔེ་དོན་བསྡུས། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་ལ་མཆན་འགྲེལ་ཤིན་ཏུ་རྒྱས་པར་འདེབས་པའི་རྒྱུད་ཆེན་ཁྲ་མོ་བེ་བུམ་སེང་ལྡིང་མར་གྲགས་པ་སློབ་དཔོན་བསྟེན་མི་དགོས་པར་བལྟས་པ་ཙམ་གྱིས་གྲོལ་བར་བཞེད་པ་རྣམས་མཛད་དེ་གསོ་བ་རིག་པའི་བསྟན་པ་དགུང་དུ་བཏེགས། གོང་སྨན་ཀུན་ཅོག་ཕན་དར་སོགས་སློབ་མ་མང་དུ་བསྐྱངས། རབ་བྱུང་བརྒྱད་པའི་མེ་སྟག་ (༡༥༠༦) ལོར་གཤེགས་པར་གྲགས།
- language:
- Tibetan
5. smon lam tshig mdzod chen mo
རབ་བྱུང་བརྒྱད་པའི་ནང་གཙང་ས་སྐྱར་སྐུ་འཁྲུངས། བྲང་ཏི་ཆོས་རྒྱལ་བཀྲ་ཤིས་སོགས་སློབ་དཔོན་མང་པོ་བསྟེན་པ་དང༌། གངས་རིའི་ལྗོངས་ན་གྲགས་པའི་གསོ་བ་རིག་པའི་ཡིག་ཆ་ཕལ་མོ་ཆེ་ལ་ཞིབ་ཏུ་གཟིགས་ཏེ། རྒྱ་བོད་ཀྱི་མཁས་པ་དུ་མའི་སྙན་བརྒྱུད་གབ་པ་རྣམས་ཁོལ་དུ་བཏོན་ནས་ཁྲིགས་སུ་བསྡེབས་པའི་མན་ངག་པོ་ཏི་དམར་པོ་དང༌། པོད་ནག་པོད་ཁྲ། ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་གནས་ཐམས་ཅད་གསལ་བའི་སྒྲོན་མེ། བརྒྱུད་པའི་རྣམ་ཐར། སྨན་མིང་བརྡ་སྤྲོད། རྒྱུད་ཀྱི་དཀའ་འཕྲང་འགྲོལ་བའི་ཤོག་སེར་བཅས་པོད་བདུན། རྩ་ཆུའི་གནད་འགྲོལ་ཞལ་གྱི་གདམས་པ་དམར་འབྱིན། སྔོའི་འཁྲུངས་དཔེ་དོན་བསྡུས། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་ལ་མཆན་འགྲེལ་ཤིན་ཏུ་རྒྱས་པར་འདེབས་པའི་རྒྱུད་ཆེན་ཁྲ་མོ་བེ་བུམ་སེང་ལྡིང་མར་གྲགས་པ་སློབ་དཔོན་བསྟེན་མི་དགོས་པར་བལྟས་པ་ཙམ་གྱིས་གྲོལ་བར་བཞེད་པ་རྣམས་མཛད་དེ་གསོ་བ་རིག་པའི་བསྟན་པ་དགུང་དུ་བཏེགས།
- language:
- Tibetan
6. gangs can mkhas grub rim byon ming mdzod
ཁོང་ནི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་དུ་གཙང་ས་སྐྱར་སྐུ་འཁྲུངས་པའི་མི་ཞིག་ཡིན། ཁོང་གི་བྲང་ཏི་ཆོས་རྒྱལ་བཀྲ་ཤིས་སོགས་སློབ་དཔོན་དུ་བསྟེན་ནས་གསོ་བ་རིག་པའི་མན་ངག་ཐམས་ཅད་ཐུགས་སུ་ཆུད་པ་མཛད། གངས་རིའི་ལྗོངས་ན་གྲགས་པའི་གསོ་བ་རིག་པའི་གཞུང་ཕལ་མོ་ཆེ་ལ་ཞིབ་ཏུ་གཟིགས་ནས་རྒྱ་བོད་ཀྱི་གསོ་རིག་མཁས་ཆེན་དུ་མའི་སྙན་བརྒྱུད་གབ་པ་རྣམས་ཁོལ་དུ་བཏོན་ནས་ཁྲིགས་སུ་བསྡེབས་པའི་མན་ངག་གི་གཞུང་མང་པོ་མཛད། ཁོང་གི་གསུང་རྩོམ་ནི《པོ་ཏི་དམར་པོ》དང་། 《པོད་ནག》། 《པོད་ཁྲ》། 《ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་གནས་ཐམས་ཅད་གསལ་བའི་སྒྲོན་མེ》། 《བརྒྱུད་པའི་རྣམ་ཐར》། 《སྨན་མིང་བརྡ་སྤྲོད》། 《རྒྱུད་ཀྱི་དཀའ་འགྲེལ་འཕྲང་འགྲོལ་བའི་ཤོག་སེར》། 《རྩ་ཆུའི་གནད་འགྲོལ་ཞལ་གྱི་གདམས་པ་དམར་འབྱིན》། 《སྔོའི་འཁྲུངས་དཔེ་དོན་བསྡུས》། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་ལ་མཆན་འགྲེལ་ཤིན་ཏུ་རྒྱས་པར་འདེབས་པའི《རྒྱུད་ཆེན་ཁྲ་མོ་བེ་བུམ་སེང་ལྡིང་མ》དེ་སློབ་དཔོན་བསྟེན་མི་དགོས་པར་བལྟས་པ་ཙམ་གྱིས་གྲོལ་བར་བཞེད་པ་རྣམས་མཛད་དེ་གསོ་བ་རིག་པའི་བསྟན་པ་གོང་ནས་གོང་དུ་སྤེལད་ཏོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་གོང་སྨན་དཀོན་ཅོག་ཕན་དར་ཡིན།། [264]
- language:
- Tibetan