Skip to main content Skip to search
zhwa lu ba legs pa rgyal mtshan
ID:
T273030
  • ཞྭ་ལུ་བ་ལེགས་པ་རྒྱལ་མཚན (Tibetan, Tibetan script, Original)
    • > zhwa lu ba legs pa rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zhaluwa lekpa gyeltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དྲུག་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ 1375 ལོར་གཙང་ཞྭ་ལུར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ 1450 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཞྭ་ལུ་དགོན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་བསྒྲུབས་ཤིང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་མི་དམན་པས་དབུ་མཛད་ཡུན་རིང་དུ་མཛད། དེ་ནས་རྗེ་ཙོ་ང་ཁ་ཆེན་པོའི་ཞབས་ལ་བསྟེན་ཏེ་དགའ་ལྡན་དགོན་ཕྱག་འདེབས་མཛད་པ་ནས་བཟུང་དབུ་མཛད་གནང་། སྐབས་ཤིག་ལ་འཕྱོངས་རྒྱས་པ་ཧོར་དཀོན་མཆོག་རིན་ཆེན་པས་གདན་དྲངས་ཏེ་རྒྱ་ཁབ་རྩར་པ་དམག་དཔུང་དུ་མཐོང་བའི་སྤྲུལ་བསྒྱུར་དང་། དབྱངས་འཆར་གྱི་སྒོ་ནས་ལུམ་འདོན་པ་སོགས་མཛད་པ་ངོ་མཚར་བ་དུ་མ་བསྟན། རིགས་སྲས་བསྐྲུན་པའི་ཆོ་ག་གནང་བས་ཧོར་རྡོ་རྗེ་ཚེ་བརྟན་འཁྲུངས་ཏེ་རི་བོ་བདེ་ཆེན་འདེབས་པ་སོགས་དགེ་ལུགས་པའི་ཡོན་བདག་ཏུ་གྱུར། དགུང་ལོ་རེ་གཉིས་པ་རབ་[1503]བྱུང་བདུན་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ 1438 ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་བཅུ་གསུམ་གྱི་རིང་དུ་གསེར་ཁྲི་བསྐྱངས། རིག་སྔགས་འཆང་བའི་རྣལ་འབྱོར་གྱི་དབང་ཕྱུག་ཏུ་ངེས་པས་མི་སྲུན་དགྲ་བགེགས་ལོག་པར་འཁུ་བ་རྣམས་ཚར་བཅད་དེ་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བཞིན་དགུང་ལོ་དོན་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་བཞི་བ་ཡིན་ནོ། །

language:
Tibetan