Skip to main content Skip to search
zhang stong btsan
ID:
T272996
  • ཞང་སྟོང་བཙན (Tibetan, Tibetan script, Original)
    • > zhang stong btsan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zhang tongtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དམག་དོན་བློན་ཆེན་ཡིན་ཏེ། བོད་ལུགས་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ 762 ལོར་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ལ་དམག་དྲངས་ཏེ་ཐང་གོང་མ་ཏའེ་ཙུང་རེ་ཞིག་ཤེན་ཅུར་བྲོས་བྱོལ་ཕེབས་ཤིང་། བོད་དམག་གིས་ཁྲང་ཨན་ཉིན་བཅོ་ལྔའི་རིང་དུ་བཟུང་ནས་ཕྱིར་འཐེན་བྱས། བོད་ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ 763 ལོར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་གཡུ་ཡི་ཡི་གེ་ཆུང་ངུ་ནམ་ཡང་མི་འགྱུར་བའི་བྱ་དགར་གནང་ངོ་། །

language:
Tibetan