Skip to main content Skip to search
zhang mchims rgyal stag bzher rgyal slebs
ID:
T272968
  • ཞང་མཆིམས་རྒྱལ་སྟག་བཞེར་རྒྱལ་སླེབས (Tibetan, Tibetan script, Original)
    • > zhang mchims rgyal stag bzher rgyal slebs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zhang chimgyel takzher gyellep (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་དཔང་པོ་དང་། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་[1443]བསྒྲགས་ཤིང་མནའ་བོར་དུ་བཅུག་པའི《བཀའ་གཙིགས》 ལས་གསལ་བ་དང་། 《བཀའ་གཙིགས》ཀྱི་མ་ཡིག་ཆ་ཚང་ནི《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་འཁོད་འདུག་གོ །

language:
Tibetan