- mang 'or byang chub shes rab
- ID:
- T272816
- མང་འོར་བྱང་ཆུབ་ཤེས་རབ (Tibetan, Tibetan script, Original)
- > mang 'or byang chub shes rab (Tibetan, Latin script, Transliteration-THL Extended Wylie Transliteration)
- > mangor jangchup sherap (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་ལེགས་པར་སྦྱངས་ནས་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི《བཀའ་འགྱུར》ལས《རིགས་དྲུག་པ་ཁྱབ་བདག་རྡོ་རྗེ་འཆང་གི་རྒྱུད་ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད》ལེའུ་ལྔ་བ་དང་། 《བསྟན་འགྱུར》ལས《དཔལ་དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས་ཀྱི་མན་ངག》 [1279] 《སྦྱིན་སྲེག་གི་ལས་ཀྱི་རིམ་པ》། 《དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་པ》། 《བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་བའི་དཀའ་འགྲེལ》། 《ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད》བམ་པོ་དྲུག་ཅུ་བཅས་བཞུགས་སོ། །
- language:
- Tibetan