Skip to main content Skip to search
ding ri chos grags
ID:
T272531
  • དིང་རི་ཆོས་གྲགས (Tibetan, Tibetan script, Original)
    • > ding ri chos grags (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dingri chödrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སློབ་གཉེར་ལེགས་པར་མཛད་ནས་བསྟན་བཅོས་འགའ་[823]ཡང་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནིབསྟན་འགྱུརལས་ལྷ་མོ་ནག་མོ་ལ་བསྟོད་པ་བརྒྱད་པདང་།དཔལ་ནག་པོ་ཆེན་པོའི་བསྟོད་པརྐང་པ་བརྒྱད་པ། ཡང་དཔལ་ནག་པོ་ཆེན་པོ་ལ་བསྟོད་པརྐང་པ་བརྒྱད་པ་བཅས་བཞུགས་སོ།

language:
Tibetan