- dba' blon mdo btsan/
- ID:
- T272488
- དབའ་བློན་མདོ་བཙན (Tibetan, Tibetan script, Original)
- > dba' blon mdo btsan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > walön dotsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་དཔང་པོ་དང་། དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པ་ཞིག་ཡིན་ཏེ། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི《བཀའ་གཙིགས》ལས་གསལ་བ་དང་། 《བཀའ་གཙིགས》ཀྱི་མ་ཡིག་ཆ་ཚང་ནི《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་འཁོད་འདུག་གོ།
- language:
- Tibetan