Skip to main content Skip to search
dkon mchog 'gro phan dbang po
ID:
T272446
  • དཀོན་མཆོག་འགྲོ་ཕན་དབང་པོ (Tibetan, Tibetan script, Original)
    • > dkon mchog 'gro phan dbang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > könchok dropen wangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ1631ལོར་དབུ་རུའི་མཚམས་གཞུ་སྟོད་དུ་སྐུ་འཁྲུངས། འདས་ལོ་[99]མི་གསལ། ཁོང་དགུང་ལོ་གཞོན་ནུའི་དུས་ནས་འབྲི་གུང་དགོན་དུ་ཆོས་ཞུགས་མཛད་ཅིང་མདོ་སྔགས་གཉིས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་གྱུར། ཁྱད་པར་དུ་མགོན་པོ་འབྲི་གུང་པ་རིག་འཛིན་ཆོས་གྲགས་ཀྱི་ཞབས་ལ་གཏུགས་ནས་གསོ་བ་རིག་པའི་གཞུང་ལུགས་རྣམས་ལ་ཐོས་བསམ་རྨད་དུ་བྱུང་བ་མཛད་པས་མཁས་པའི་སྙན་གྲགས་ཕྱོགས་བཅུར་ཁྱབ། དགུང་ལོ་སུམ་ཅུ་སོ་གཅིག་པར་གཅེས་བསྡུས་ཕན་བདེའི་སྙིང་པོའམ་འབྲི་གུང་གཅེས་བསྡུསཞེས་པའི་སྨན་གཞུང་བརྩམས། དེ་ནས་གསོ་བ་རིག་པའི་བསྟན་པ་གོང་ནས་གོང་དུ་འཕེལ་བའི་ཕྱིར་འཆད་ཉན་དང་རྩོམ་འབྲི་སོགས་ཀྱིས་དུས་འདའ་བར་མཛད། དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1692 ལོརརྒྱུ་རྒན་གྱི་བཅོས་ཐབས་འཕྲུལ་གྱི་ཐེམས་ཚངཞེས་པའི་སྨན་དཔེ་བརྩམས། ཁོང་གི་མཚན་གཞན་ལ་འབྲི་གུང་ཚེ་དབང་བརྟན་པ་ཞེས་ཞུའོ། ཁོང་གི་སློབ་མའི་ཚོགས་ལས་གྲགས་ཆེ་བ་ནི་དཔོན་ཚང་ཡེ་ཤེས་ཡིན། ཁོང་གི་གསུང་རྩོམ་ནིབླ་མའི་ཞལ་རྒྱུན་གྱི་ཟིན་བྲིསདང་།གཉན་རིམས་མཁྲིས་པ་རྩར་རྒྱུགས་ཀྱི་བཅོས་ཚུལ་མདོར་བསྡུས་ཞལ་ལུང་བདུད་རྩིའི་ཆུ་རྒྱུནརླུང་ནད་ལྕེ་སྤྱང་མགོའི་བཅོས་ཐབསའབམ་བཅོས་མན་ངག་ཁྱད་པར་ཅནགཅོང་ཆེན་དམུ་ཆུ་གསོ་བའི་གདམས་ངགབཅས་པོད་གཉིས་བཞུགས་སོ།

language:
Tibetan