Skip to main content Skip to search
jo mo dbang phyug lcam
ID:
T272369
  • ཇོ་མོ་དབང་ཕྱུག་ལྕམ (Tibetan, Tibetan script, Original)
    • > jo mo dbang phyug lcam (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jomo wangchuk cham (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. gangs can mkhas grub rim byon ming mdzod

ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྟོད་ལུང་སྟོད་ཁུང་དུ་སྐུ་འཁྲུངས། ཁོང་མོ་དགུང་ལོ་གཞོན་ནུའི་དུས་ནས་བལ་ཡུལ་ལ་སོགས་པའི་གནས་ཆེན་རྣམས་ལ་མཇལ་བསྐོར་ཕེབས། ཕ་ཡུལ་དུ་ལོག་ཕེབས་མཛད་པའི་ལམ་ཁ་ནས་ཕ་དམ་པ་སངས་རྒྱས་ཡབ་སྲས་ཀྱི་སྙན་གྲགས་ཐོས་ཏེ་ལ་སྟོད་དིང་རིའི་ཕྱོགས་སུ་ཕེབས། དེ་ནས་ཕ་དམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་དགའ (1062—1124) གཉིས་ཀྱི་ཞབས་པད་ལ་གཏུགས་[618]ཏེ་ཞི་བྱེད་པའི་ཆོས་ཀྱི་གདམས་ངག་དང་གྲུབ་མཐའི་ལྟ་བ་དང་བཅས་པར་སློབ་གཉེར་མཛད། གདམས་པའི་གནད་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ་ནས་ལོ་བཅུ་གཅིག་གི་རིང་དུ་སྒྲུབ་པ་ཉམས་ལེན་མཛད་ཅིང་གླང་འཁོར་དུ་བཞུགས་ནས་སྐུ་གཤེགས། ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་བཅུ་བཞི་པ་ཡིན་ནོ།།

language:
Tibetan