- sku zhang kun dga' don grub/
- ID:
- T271827
- སྐུ་ཞང་ཀུན་དགའ་དོན་གྲུབ (Tibetan, Tibetan script, Original)
- > sku zhang kun dga' don grub/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kuzhang künga döndrup (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཨ་མེས་སངས་རྒྱས་ཡེ་ཤེས་ཀྱི་སྲས་བགྲེས་པ་སྐུ་ཞང་རྔ་སྒྲ་ལ་སྲས་གཅིག་ལས་མ་བྱུང་བ་དེར་གྲགས་པ་རྒྱལ་མཚན་ཟེར་ཞིང་། དེ་ལ་སྲས་ཀུན་དགའ་དོན་གྲུབ། རིན་ཆེན་རྒྱལ་མཚན། ཡེ་ཤེས་ཀུན་དགའ་གསུམ་བྱུང་བའི་བགྲེས་པ་དེར་ཧོར་ཙ་ཀུན་དགའ་དོན་གྲུབ་ཀྱང་ཟེར། ཁོང་གིས་རབ་བྱུང་དྲུག་པའི་ཤིང་ཁྱི(༡༣༣༤)ལོར་ཞྭ་ལུའི་བསྟན་འགྱུར་བྲིས་མ་བཞེངས་ཤིང་ཞྭ་ལུའི་གཙུག་ལག་ཁང་གི་ཕྱོགས་བཞིར་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ལྡེབས་བྲིས་སོགས་བཞེངས། ཡོན་རྒྱལ་རབས་ཀྱི་གོང་མ་ཐོ་ཀན་ཐེའི་མུར་གྱི་ཁྲི་ལོ་དང་པོ་རབ་བྱུང་དྲུག་པའི་ཆུ་བྱ(༡༣༣༣)ལོར་ཐོང་ཇིང་ཏུའུ་ཡོན་ཧྲོའི་འཇའ་ས་དངུལ་དམ་རྟ་མགོ་ནོར་བུ་འབར་བ་བཅས་གནང་ནས་ཞྭ་ལུའི་ཁྲི་སྐོར་གྱི་དཔོན་དུ་བསྐོས་པ་བཅས《མྱང་ཆོས་འབྱུང》དུ་མདོར་བསྡུས་ཙམ་གསལ།
- language:
- Tibetan