- ltung byed bcu tshan dgu po'am ltung byed dgu bcu/
- ID:
- T271728
- ལྟུང་བྱེད་བཅུ་ཚན་དགུ་པོའམ་ལྟུང་བྱེད་དགུ་བཅུ (Tibetan, Tibetan script, Original)
- > ltung byed bcu tshan dgu po'am ltung byed dgu bcu/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tungjé chutsen gupoam tungjé gupchu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བཅུ་ཚན་དང་པོ་ནི། རྫུན་སྨྲ་བའི་ལྟུང་བྱེད། སྐྱོན་བརྗོད་པའི་ལྟུང་བྱེད། བུད་མེད་ལ་ཆོས་སྟོན་པའི་ལྟུང་བྱེད། ཕྲ་མ་བྱེད་པའི་ལྟུང་བྱེད། སྐྱོ་སྔོགས་བྱེད་པའི་ལྟུང་བྱེད། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་འདོད་པའི་ལྟུང་བྱེད། གནས་ངན་ལེན་བརྗོད་པའི་ལྟུང་བྱེད། མི་ཆོས་བླ་མ་བདེན་པར་སྨྲ་བའི་ལྟུང་བྱེད། ཁྱད་གསོད་ཀྱི་ལྟུང་བྱེད། བཤེས་ངོར་བྱེད་ཅེས་སྐུར་བ་འདེབས་པའི་ལྟུང་བྱེད། བཅུ་ཚན་གཉིས་པ་ནི། ས་བོན་དང་སྐྱེ་བ་འཇིག་པའི་་ལྟུང་བྱེད། འཕྱ་བའི་ལྟུང་བྱེད།བསྒོ་བ་རྣར་གཟོན་པའི་ལྟུང་བྱེད། གནས་མལ་ལས་གྱུར་པའི་ལྟུང་བྱེད། གདིང་བ་ལས་གྱུར་པའི་ལྟུང་བྱེད། སྐྲོད་པའི་ལྟུང་བྱེད། ཕྱིས་གནོན་བྱེད་པའི་ལྟུང་བྱེད། རྩ་བ་འབྱུང་བའམ་དབུག་པའི་ལྟུང་བྱེད། སྲོག་ཆགས་དང་བཅས་པས་འདེབས་པའི་ལྟུང་བྱེད། རིམ་པ་ལྷག་པ་བརྩིགས་པའི་ལྟུང་བྱེད། བཅུ་ཚན་གསུམ་པ་ནི། དགེ་སློང་མ་ལ་ཆོས་སྟོན་པའི་ལྟུང་བྱེད། ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པའི་ལྟུང་བྱེད། ཟས་ཅུང་ཙམ་གྱི་ཕྱིར་དུ་ཆོས་སྟོན་ནོ་ཟེར་བའི་ལྟུང་བྱེད། ཆོས་གོས་གཉིས་ལས་གོས་བྱིན་པའི་ལྟུང་བྱེད། ལམ་དུ་འགྲོ་བའི་ལྟུང་བྱེད། དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད། ཉེ་དུ་མ་ཡིན་པའི་དགེ་སློང་མའི་གོས་འཚེམ་པའི་ལྟུང་བྱེད། དབེན་པ་སྐྱབས་ཡོད་དུ་འདུག་པའི་ལྟུང་བྱེད། འགྲེང་བའི་ལྟུང་བྱེད། ཟས་སྦྱོར་དུ་འཇུག་པའི་ལྟུང་བྱེད། བཅུ་ཚན་བཞི་པ་ནི། ཡང་ཡང་ཟ་བའི་ལྟུང་བྱེད། ཟས་ཟ་བའི་ལྟུང་བྱེད། ལྷག་པ་ལེན་པའི་ལྟུང་བྱེད། སྤངས་པ་སྟོབ་པའི་སྟུང་བྱེད། འདུས་ཤིང་ཟ་བའི་ལྟུང་བྱེད། དུས་མ་ཡིན་པར་ཟ་བའི་ལྟུང་བྱེད། གསོག་འཇོག་བྱས་པ་ཟ་བའི་ལྟུང་བྱེད། བྱིན་ལེན་མ་བྱས་པ་ཟ་བའི་ལྟུང་བྱེད། ཟས་བསོད་པ་སློང་བའི་ལྟུང་བྱེད། བཅུ་ཚན་ལྔ་པ་ནི། ཆུ་ལ་སྤྱོད་པའི་ལྟུང་བྱེད། ཉལ་པོ་བྱེད་པའི་ཁྱིམ་དུ་འགྲེང་པའི་ལྟུང་བྱེད། གཅེར་བུ་ལ་ཟས་སྦྱིན་པའི་ལྟུང་བྱེད། དམག་ལ་ལྟ་བའི་ལྟུང་བྱེད། དམག་གི་ནང་དུ་གནས་པའི་ལྟུང་བྱེད། བཤགས་པ་དཀྲུགས་པའི་ལྟུང་བྱེད། རྡེག་པའི་ལྟུང་བྱེད། བརྡེག་པར་གཟས་པའི་ལྟུང་བྱེད། གནས་ངན་ལེན་འཆབ་པའི་ལྟུང་བྱེད། བཅུ་ཚན་དྲུག་པ་ནི། ཟན་གཅོད་དུ་འཇུག་པའི་ལྟུང་བྱེད། མེ་ལ་རེག་པའི་ལྟུང་བྱེད། འདུན་པ་ཕྱིར་བསྒྱུར་པའི་ལྟུང་བྱེད། ནུབ་ལྷག་པོར་ཉལ་བའི་ལྟུང་བྱེད། སྡིག་ལྟ་མི་གཏོང་བའི་ལྟུང་བྱེད། སྤངས་པ་རྗེས་སུ་ཕྱོགས་པའི་ལྟུང་བྱེད། དགེ་ཚུལ་བསྙིལ་བ་སྡུད་པའི་ལྟུང་བྱེད། གོས་ཁ་མ་བསྒྱུར་པ་གྱོན་པའི་ལྟུང་བྱེད། ལོངས་པ་སྟེ་རྒྱགས་པའི་གཞིར་གཏོགས་རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད། ཁྲུས་བྱེད་པའི་ལྟུང་བྱེད། བཅུ་ཚན་བདུན་པ་ནི། དུད་འགྲོ་གསོད་པའི་ལྟུང་བྱེད། འགྱོད་པ་སྐྱེད་པའི་ལྟུང་བྱེད། གག་ཚིག་བྱེད་པའི་ལྟུང་བྱེད། ཆུ་ལ་རྩེ་བའི་ལྟུང་བྱེད། བུད་མེད་དང་ལྷན་ཅིག་ཏུ་ཉལ་བའི་ལྟུང་བྱེད། དངངས་པར་བྱེད་པའི་ལྟུང་བྱེད། སྦེད་པའི་ལྟུང་བྱེད། མ་བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད། སྐུར་བ་འདེབས་པའི་ལྟུང་བྱེད། བུད་མེད་དང་ལྷན་ཅིག་ཏུ་འགྲོ་བའི་ལྟུང་བྱེད། བཅུ་ཚན་བརྒྱད་པ་ནི། རྐུན་པོ་དང་ལྷནན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད། ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད། ས་རྐོ་བའི་ལྟུང་བྱེད། འགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད། བསླབ་པ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད། ཉན་རྣ་བྱེད་པའི་ལྟུང་བྱེད། མི་སྨྲ་བའི་འགྲོ་བའི་ལྟུང་བྱེད། མ་གུས་པའི་ལྟུང་བྱེད། ཆང་འཐུང་པའི་ལྟུང་བྱེད། དུས་མིན་ཕྱི་དྲོ་གྲོང་དུ་འཇུག་པའི་ལྟུང་བྱེད། བཅུ་ཚན་དགུ་པ་ནི། གྲོང་དུ་རྒྱུ་བའི་ལྟུང་བྱེད། རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད། ཁྱད་དུ་གསོད་པའི་ལྟུང་བྱེད། ཁབ་རལ་བྱེད་པའི་ལྟུང་བྱེད། ཁྲི་རྐང་འཆོས་པའི་ལྟུང་བྱེད། ཤིང་བལ་གྱིས་གོས་པར་བྱེད་པའི་ལྟུང་བྱེད། འདིང་བ་ཚད་ལྷག་བྱེད་པའི་ལྟུང་བྱེད། གཡན་པ་དགབ་པ་ཚད་ལས་ལྷག་པའི་ལྟུང་བྱེད། དབྱར་གྱི་གོས་རས་ཆེན་ཚད་ལས་ལྷག་པའི་ལྟུང་བྱེད་པ་བཅས་སོ།
- language:
- Tibetan