- rwa lo tswa ba'i gdung rten/
- ID:
- T271695
- རྭ་ལོ་ཙྭ་བའི་གདུང་རྟེན (Tibetan, Tibetan script, Original)
- > rwa lo tswa ba'i gdung rten/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > ra lotsawé dungten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྭ་ལོ་ཙྭ་བ་རྡོ་རྗེ་གྲགས་པ་སྐུ་ཚེའི་སྨད་དུ་ལྷ་སའི་ཤར་ཕྱོགས་ལྡན་ཟེར་བའི་ལུང་པའི་མདར་བཞུགས་ཤིང་དེར་དགོངས་པ་རྫོགས་པའི་སྐུ་གདུང་མཆོད་རྟེན་ཞིག་གཙང་པོའི་འགྲམ་དུ་ཡོད་པ་ལས་རབ་བྱུང་བཅུ་གཉིས་པའི་སྐབས་རྩ་བ་ནས་སྟོང་པའི་དགོན་ཤུལ་དེ་ཡིན། རྭ་ལོ་ཙྭ་བ་དགུང་ལོ་བརྒྱ་དང་བརྒྱད་ཀྱི་ཐོག་སྐུ་གཤེགས། དེའི་སྐུ་གདུང་ནི་སྐུ་གཤེགས་ཁའི་ཞལ་ཆེམས་ལྟར་གཙང་པོའི་འགྲམ་དུ་བཞེངས་པ་ལས་རྗེས་སུ་འབྲས་སྤུངས་སྔགས་པ་གྲྭ་ཚང་གི་གཙང་ཁང་ནང་རྡོ་རྗེ་འཇིགས་བྱེད་ཆེན་པོ་དེའི་གཟུངས་བཞུགས་སུ་རྭ་ལོའི་སྐུ་གདུང་ཧྲིལ་པོ་གདན་དྲངས་ནས་བཞུགས་ཡོད། རབ་བྱུང་བཅོ་ལྔ་པའི་མེ་ཁྱི(༡༨༨༦)ལོའི་བོད་ཟླ་བཅུ་པའི་ཚེས་བཞིའི་དགོང་མོ་སྔགས་ཁང་དུ་མེ་སྐྱོན་བྱུང་སྟེ་ནང་ཞུགས་ཡོད་ཚད་ཚིག་ནས་ཕྱག་གཡས་པ་གཅིག་པུར་ལུས་པ་དེ་བཞིན་ད་ལྟའི་འཇིགས་བྱེད་ཀྱི་སྐུ་བརྙན་གཟུངས་བཞུགས་སུ་མ་ཉམས་པར་བཞུགས་ཡོད་ཅེས་ཡོངས་འཛིན་གླིང་རིན་པོ་ཆེ་སྐུ་གོང་མའི་རྣམ་ཐར་ནང་གསལ།
- language:
- Tibetan
rwa lo tswa ba'i gdung rten/ has 1 other term directly related to it, which is presented here.