- 'das ma 'ongs zhig pa rnams dngos por 'dod pa/
- ID:
- T271486
- འདས་མ་འོངས་ཞིག་པ་རྣམས་དངོས་པོར་འདོད་པ (Tibetan, Tibetan script, Original)
- > 'das ma 'ongs zhig pa rnams dngos por 'dod pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dé maong zhikpanam ngöpor döpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དབུ་མ་ཐལ་འགྱུར་བའི་ཐུན་མོང་མིན་པའི་ཁྱད་ཆོས་ཆེན་པོ་བརྒྱད་ཀྱི་ནང་གསེས་ཤིག་སྟེ་བྱེ་བྲག་སྨྲ་བས་ཞིག་པ་དངོས་པོར་འདོད་ཅིང།ང་། མདོ་སྡེ་པ་ཡན་གྱི་རང་སྡེ་རྣམས་ཀྱིས་དུས་གསུམ་གྱི་མཚན་ཉིད་འཇོག་ཚུལ་འདྲ་ཡང་རང་རྒྱུད་མན་ཆད་ཀྱིས་འདས་མ་འོངས་ཞིག་པ་རྣམས་དངོས་མེད་དུ་འདོད་ལ། ཐལ་འགྱུར་པའི་ལུགས་ལ་འདས་མ་འོངས་ཞིག་པ་རྣམས་དངོས་པོ་ཡིན་པར་བཞེད་དོ།དོ།། དེ་ཡང་དུས་གསུམ་གྱི་རྒྱུ་ཡོད་པས་དུས་གསུམ་དངོས་པོར་གྲུབ་པ་ཡིན་ཏེ། འདས་པའམ་ཞིག་པ་དངོས་པོ་ཡིན་ཚུལ་ནི། ས་བཅུ་པ་ལས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་སེམས་ཅན་ཤི་བའི་རྐྱེན་གྱིས་སྐྱེས་པའི་ཕྱིར་ཤི་བ་ནི་གང་ཤི་བའི་སེམས་ཅན་དེ་ཞིག་པ་ལས་བཞག་དགོས་སོ།སོ།། ཡང་མར་དང་སྡོང་བུ་ཟད་པ་མར་མེ་ཤི་བའི་རྒྱུར་གསུངས་པས་གང་རྒྱུ་དང་བཅས་པ་ནི་དངོས་པོ་ཡིན་པས་འདས་པའམ་ཞིག་པ་ལའང་རྒྱུ་ཡོད་པས་དངོས་པོ་ཡིན་པར་འདོད་དོ།དོ།། མ་འོངས་པ་དངོས་པོ་ཡིན་ཚུལ་ནི་དེ་ཉིད་ལས། རྐྱེན་མ་ཚང་བ་མ་འོངས་པ་མི་སྐྱེ་བའི་རྒྱུར་གནས་ཏེ་གལ་ཏེ་རྐྱེན་མ་ཚང་བར་མ་གྱུར་ན་ནི་ །དེ་ངེས་པར་སྐྱེ་བར་འགྱུར་རོ།རོ།། ཞེས་གསུངས་པ་ལྟར། མ་འོངས་པ་ལའང་རྒྱུ་ཡོད་ཀྱང།ང་། སྐབས་དེར་རྒྱུ་རྐྱེན་མ་ཚང་བ་དང་མ་ཚོགས་པའི་དབང་གིས་རེ་ཞིག་མ་སྐྱེས་པ་ཡིན་པས་དངོས་པོར་འདོད་དོ།དོ།།
- language:
- Tibetan