- zur mkhar ba mnyam nyid rdo rje/
- ID:
- T271451
- ཟུར་མཁར་བ་མཉམ་ཉིད་རྡོ་རྗེ (Tibetan, Tibetan script, Original)
- > zur mkhar ba mnyam nyid rdo rje/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > zurkharwa nyamnyi dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མཚན་གཞན་དྷརྨ་སྭ་སྟི་ཞུ་བ་འདི་ཉིད་རབ་བྱུང་བདུན་པའི་ས་ལུག(༡༤༣༩)ལོར་ཡབ་རིག་འཛིན་ཕུན་ཚོགས་དང་ཡུམ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གཉིས་ཀྱི་སྲས་སུ་ཤར་དྭགས་པོའི་ས་ཆ་ལ་ཐོག་ཟུར་མཁར་དུ་སྐུ་འཁྲུངས། ཡབ་རིག་འཛིན་ཕུན་ཚོགས་དང་། ཤ་ར་རབ་འབྱམས་པ། སྨན་སྟོན་དབང་ཕྱུག་བཟང་པོ་སོགས་མཁས་དབང་དུ་མ་བསྟེན་ནས་ཡི་གེ་འབྲི་ཀློག་གིས་མཚོན་ཐུན་མིན་དང་ཐུན་མོང་གི་རིག་གནས་སྤྱི་དང་། ཁྱད་པར་དུ་གསོ་བ་རིག་པ་རྩལ་དུ་ཐོན་པར་སྦྱངས། དགུང་ལོ་བཅུ་དྲུག་སྐོར་ནས་གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ལ་ཁ་སྐོང་དང་། གསུང་རྩོམ《དཔལ་ལྡན་རྒྱུད་བཞིའི་འགྲེལ་ཆེན་པོད་ཤལ་ཕྲ་མོ》《རྒྱུད་ཀྱི་དཀའ་གནད་རྣམས་ལ་དྲི་ཚིག་དངུལ་དཀར་མེ་ལོང་བྱེ་བ་རིང་བསྲེལ》《ལེགས་བཤད་ཉི་ཟེར》《ཕྱོགས་ཀྱི་སྨན་པ་རྣམས་ལ་སྤྲིང་ཡིག》སོགས་མང་དུ་མཛད། ཤར་ཕྱོགས་མངོན་དགའ་ཞེས་བྱ་བར་ལྷོ་ཁ་གཉལ་དང་། སྦྱོར་ར། བྱ་ཡུལ་བཅས་གཉལ་ལོར་བྱར་གསུམ་དང་། ལྷོ་ཁ་ཨེ་ལྷ་རྒྱ་རི། ཉང་པོ་ཀོང་སྟོད། ཀོང་པོ་ཉིང་ཁྲི་བཅས་ཨེ་ཉང་ཀོང་གསུམ་གྱི་སྨན་པ་ཐམས་ཅད་བསྡུས་ཏེ《རིན་ཆེན་འཁྲུངས་དཔེའམ་སྨན་ངོ་གསལ་བྱེད》《རོ་སྐོར་ལྕགས་ཀྱི་ཕྲེང་བ》《བདུད་རྩིའི་གཏེར་མཛོད》《བདུད་རྩིའི་རྫིང་བུ》《ཕྱི་རྒྱུད་སྨན་ངོ་གསལ་བྱེད་བདུད་རྩིའི་སྒྲོན་མེ》《སྨན་གྱི་བྱིངས》སོགས་སྨན་གྱི་རོ་དང་། ནུས་པ། ཞུ་རྗེས། ངོ་བོ། ངེས་ཚིག་བྱེད་ལས་གཏན་ལ་འབེབས་པའི་བསྟན་བཅོས་བརྩམས་ཏེ་གསོ་རིག་གྱི་བསྟན་པ་ལ་ཕྱག་རྗེས་རླབས་པོ་ཆེ་འཇོག་པར་གནང་། དགུང་ལོ་སོ་བདུན་པ་རབ་བྱུང་བརྒྱད་པའི་ཤིང་ལུག(༡༤༧༥)ལོར་འདས།
- language:
- Tibetan