Skip to main content Skip to search
mkha' 'gro bcu gcig
ID:
T271295
  • མཁའ་འགྲོ་བཅུ་གཅིག (Tibetan, Tibetan script, Original)
    • > mkha' 'gro bcu gcig (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khandro chuchik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མཁའ་འགྲོ་ཤུགས་འགྲོས་བཅུ། གསེབ་ལམ་མཁའ་འགྲོ་དང་བཅུ་གཅིག་གོ། མཁའ་འགྲོ་སྙིང་ཐིག གསང་སྔགས་སྔ་འགྱུར་རྫོགས་པ་ཆེན་པོ་མན་ངག་སྡེ་ལ་སྙིང་ཐིག་སྐོར་བཞི(༡བི་མ་སྙིང་ཐིག ༢་ཀརྨ་སྙིང་ཐིག ༣་ཀློང་ཆེན་སྙིང་ཐིག ༤མཁའ་འགྲོ་སྙིང་ཐིག་བཅས)ཡོད་པའི་ནང་མཁའ་འགྲོ་སྙིང་ཐིག་ནི་བརྒྱུད་པའི་ལོ་རྒྱུས་ལས་གསུངས་པ་ལྟར་ན། རྒྱལ་བ་རྡོ་རྗེ་འཆང་གིས་རིག་འཛིན་དགའ་རབ་རྡོ་རྗེ་ལ་གསུངས། དེས་རིག་འཛིན་ཤི་སིང་ཧ་ལ་གནང༌། དེའི་དྲུང་ནས་སློབ་དཔོན་ཆེན་པོ་པདྲ་འབྱུང་གནས་ཀྱིས་གསན་ཏེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གནང༌། དེས་ཕྱི་རབས་ཀྱི་དོན་དུ་གཏེར་དུ་སྦས་པ། ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེའམ་གསང་མཚན་པརྨོ་ལས་འབྲེལ་རྩལ་དུ་གྲགས་པ་དེས་དགུང་ལོ་ཉེར་གསུམ་བཞེས་པ་རབ་བྱུང་ལྔ་པའི་ཆུ་གླང་(༡༣༡༣)ལོར་དྭགས་པོ་དྭངས་ལུང་ཁྲ་མོ་བྲག་ནས་གཏེར་སྟོན་པར་མཛད། ཀརྨ་པ་རང་བྱུང་རྡོ་རྗེ་དང༌། རིན་ཆེན་གླིང་པ། ཤེའི་རྒྱལ་སྲས་ལེགས་ལྡན་པ་བཅས་གསུམ་ཙམ་ལ་གསུང་རྩོམ་ཆ་ཚང་བར་གནང༌། དེ་ནས་རིམ་པར་བརྒྱུད་པའི་རྣམ་གྲངས་མང་ཞིང༌། ཞིབ་པར་སྟག་དགེ་མཁན་ཆེན་ངག་དབང་བློ་གྲོས་སམ་མཚན་གཞན་གུ་རུ་བཀྲ་ཤིས་སུ་གྲགས་པས་མཛད་པ། ཡོངས་གྲགས་སུ<<གུ་བཀྲའི་ཆོས་འབྱུང>>དུ་འབོད་པ་ལྕགས་དཔར་མའི་ཤོག་གྲངས་༢༤༠ནས༢༤༢བར་གསལ།

language:
Tibetan