Skip to main content Skip to search
gong dkar rdo rje gdan/
ID:
T27111
  • གོང་དཀར་རྡོ་རྗེ་གདན (Tibetan, Tibetan script, Original)
    • > gong dkar rdo rje gdan/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gongkar dojeden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

origin of Kyenri Art

language:
English

2. Ives Waldo Dictionary

origin of Kyenri art

language:
English

3. dung dkar bod rig pa'i tshig mdzod chen mo

ས་སྐྱའི་བླ་ཆེན་བྲག་ཐོག་པ་བསོད་ནམས་བཟང་པོའི་སློབ་མ་ཐུ་མི་ཀུན་དགའ་རྣམ་རྒྱལ་ལམ་ཡོངས་གྲགས་སུ་ཀོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་ཞུ་བ་དེས་སྐྱིད་སྨད་ཆུ་ཤུལ་དང་ཐག་ཉེ་བར་རབ་བྱུང་བརྒྱད་པའི་ཤིང་སྤྲེལ(༡༤༤༦)ལོར་ཕྱག་བཏབ་པའི་དགོན་པ་ཞིག་སྟེ་ཡོངས་གྲགས་སུ་གོང་དཀར་ཆོས་སྡེ་ཟེར་བ་དེ་ཡིན། ཀ་ཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོས་མཛད་པའི<<གནས་ཡིག>>ལས་དགོན་འདིའི་འདུ་ཁང་ལ་ཀ་བ་དྲུག་ཅུ་རེ་བཞི་དང་འདུ་ཁང་གི་གཡས་སུ་མགོན་ཁང་ཀ་བརྒྱད་མའི་ནང་མཁྱེན་བརྩེ་ཆེན་མོའི་ཕྱག་བཟོ་མགོན་པོ་གུར་ལྷ་བཅུ་གཉིས་པའི་འཇིམ་སྐུ་མཐོ་འདོམ་དོ་དང་ཕྱེད་ཀ་ཙམ་རེ། འདུ་ཁང་ནང་དུ་ལྡེབས་བྲིས་ལ་མཁྱེན་བརྩེ་ཆེན་མོའི་ཕྱག་བྲིས་སངས་རྒྱས་འཁྲུངས་རབས་དཔག་བསམ་འཁྲི་ཤིང་བྲིས་ཆ་འགྲན་ཟླ་བྲལ་བ། འདུ་ཁང་སྦུག་གི་མཆོད་ཁང་ཀ་བཞི་མའི་ནང་གྲུབ་ཆེན་ག་ཡ་ར་དྷ་རའི་དབུ་ཐོད་བཞུགས་པའི་ཐུབ་དབང་གི་སྐུ་ཐོག་སོ་གསུམ་ཙམ་དང༌། གཡས་གཡོན་དུ་སྐུ་ཚད་འདོམ་གསུམ་རེ་ཡོད་པའི་ཉེ་བའི་སྲས་བརྒྱད། ཉན་ཐོས་མཆོག་ཟུང་གཉིས་དང་མ་འགགས་པ། ཀུན་དགའ་བོ་བཅས། ཡབ་ཡུམ་གཉིས། ལྷ་ཚངས་པ་དང་བརྒྱ་བྱིན་བཅས་སྐུ་ཚད་འདོམ་དོ་རེ་ཙམ། གཞན་ཡང་འདུ་ཁང་གཡོན་དུ་ལྷ་ཁང་ཀ་གཉིས་མའི་ནང་འཇིགས་བྱེད་དང༌། རྡོ་རྗེ་ཕུར་པ། དཀར་བདུད་ལྕམ་དྲལ། ལས་གཤིན་དང༌། ཙ་མུནྜི་སོགས་ཡོད་པ། སྟེང་ཐོག་གི་ཀྱེེ་རྡོ་རྗེའི་ལྷ་ཁང་ཀ་བཞི་མའི་ནང་ཀྱི་རྡོ་རྗེ་སྤྲུལ་སྐུ་སླེའུ་ཆུང་གི་ཕྱག་བཟོ། གཞན་ཡང་ཀྱེ་རྡོར་དང༌། འཇིགས་བྱེད། བདེ་མཆོག དུས་འཁོར་བཅས་དང༌། ལེགས་བྲིས་ལ། རྒྱུད་སྡེའི་དཀྱིལ་འཁོར་ཆ་ཚང་བའི་ལྡེབས་བྲིས་མཁྱེན་བརྩེ་ཆེན་མོའི་ཕྱག་བྲིས་སྤུས་ལེགས་བཅས། གཡོན་ངོས་སུ་ལམ་འབྲས་ལྷ་ཁང་ཀ་བཞི་མ་དང་བཀའ་འགྱུར་ལྷ་ཁང༌། བར་ཁང་དུ་རྡོར་དབྱིངས་ལྷ་ཁང་ཀ་བརྒྱ་མ། དབུ་རྩེ་བླ་མ་ལྷ་ཁང་ཀ་བ་བཅུ་དྲུག་ཡོད་པའི་ནང་མཁྱེན་བརྩེ་ཆེན་མོའི་ཕྱག་བཟོ། ལམ་འབྲས་བླ་བརྒྱུད་ཀྱི་འདྲ་སྐུ་ཆ་ཚང་མི་ཚད་ལྷག་ཙམ། བཞུགས་ཁྲི་དང༌། ན་བཟའ་སོགས་བཀོད་པ་ལེགས་ཤིང༌། འདྲ་སྐུ་རྣམས་བླ་མ་དེ་དང་དེ་དངོས་ཡིན་པ་ལྟ་བུའི་གསོན་ཉམས་ལྡན་པའི་སྒྱུ་རྩལ་ཕུལ་དུ་ཕྱིན་པ་བཅས་ཡོད། དགོན་གནས་འདིར་གྲྭ་གྲངས་བརྒྱ་དང་དྲུག་ཅུ་ལྷག་ཙམ་དང་ཁང་ཚན་བཞི(༡་རིན་ཆེན་སྒང༌། ༢་ཀུན་བཟང་རྩེ། ༣་ཀུན་སྣང༌། ༤་འབྲས་སྤུངས)བཅས་ཡོད་ཅིང་སྔགས་སྡེ་ཡིན། དགོན་འདིར་གསང་སྔགས་ཀྱི་སྒྲུབ་མཆོད་ཡོད་པ་ནི། ༡་དུས་འཁོར། ༢རྡོར་དབྱིངས། ༣དཔལ་མཆོག ༤རྩེ་མོ། ༥་སམ་བུ་ཊ། ༦་རྣམ་སྣང་མངོན་བྱང༌། ༧་རྡོ་རྗེ་གདན་པའི་འོཇིགས་བྱེད། ༨་ས་ལུགས་རྡོ་རྗེ་ཕུར་པ་སོགས་ཡིན། དགོན་འདིའི་གར་འཆམ་རྣམས་ས་སྐྱའི་ཕྱག་བཞེས་ལྟར་ཡོད་པའི་ཐོག་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གར་འཆམ་ནི། གོང་དཀར་ཆོས་སྡེའི་རྔ་འཆམ་ཞེས་བོད་ཡོངས་སུ་སྙན་གྲགས་ལྡན་པ་ཞིག་ཡིན། གཞན་ཡང་དཔེ་མཛོད་ཁང་དུ་ས་སྐྱ་དང༌། རྙིང་ལུགས་ཀྱི་ཡིག་ཆ་བྲིས་མ་མང་པོ་དང་ཤིང་དཔར་སྣ་ཚོགས་ཡོད། ཞིབ་པར་ཀ་ཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོས་མཛད་པའི<<གནས་ཡིག>>སྡེ་དགེ་དཔར་མའི་གྲངས༧༧ནས༨༠བར་ཡོད་པ་དེར་གཟིགས།

language:
Tibetan

4. Thupten Phuntsok Dictionary

ས་སྐྱའི་བླ་ཆེན་བྲག་ཐོག་པ་བསོད་ནམས་བཟང་པོའི་སློབ་མ་ཐུ་མི་ཀུན་དགའ་རྣམ་རྒྱལ་ལམ་ཡོངས་གྲགས་སུ་གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་ཞུ་བ་དེས་སྐྱིད་སྨད་ཆུ་ཤུལ་དང་ཐག་ཉེ་བར་རབ་བྱུང་བརྒྱད་པའི་ཤིང་སྤྲེལ (༡༤༤༦) ལོར་ཕྱག་བཏབ་པའི་དགོན་པ་ཞིག་སྟེ་ཡོངས་གྲགས་སུ་གོང་དཀར་ཆོས་སྡེ་ཟེར་བ་དེ་ཡིན།

language:
Tibetan