Skip to main content Skip to search
pan chen nang sgang /
ID:
T271069
  • པན་ཆེན་ནང་སྒང (Tibetan, Tibetan script, Original)
    • > pan chen nang sgang / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > penchen nanggang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་ཡང་ནང་སྒང་ཨུ་ཡོན་ལྷན་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་གནང་བ་བརྒྱུད་རབ་བྱུང་བཅུ་དྲུག་པའི་ཤིང་རྟ(༡༩༥༤)ལོར་སྔར་ཡོད་ས་སྨད་བཞུགས་སྒར་པཎ་ཆེན་ནང་མ་སྒང་གི་རྨང་གཞིའི་ཐོག་བསྐྱར་སྒྲིག་བྱས་ནས་བཙུགས་པ་ཞིག་ཡིན་པ་དང་། དེ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་རིན་པོ་ཆེའི་དབུ་ཁྲིད་འོག དེ་སྔའི་ཕྱག་མཛོད་སྐབས་དབྱིངས་ཛ་སག་བླ་མའི་འགན་དབང་སྤྱོད་པའི་བླ་བྲང་རྒྱལ་མཚན་མཐོན་པོའི་སྲིད་འཛིན་སྤྱི་ཁྱབ་མཐོ་ཤོས་ཡིན་ཅིང་། སྐབས་དེར་རིམ་པ་གཉིས་པའི་ཛ་སག་བཀྲས་མཐོང་འཇིགས་མེད་གྲགས་པ(ཅིའི་འཇིགས་མེད་ཀྱང་ཟེར)དང་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་གཉིས་ནས་ཀྲུའུ་རེན་རྒན་པ་གནང་བའི་ཁྱོན་ཀྲུའུ་རེན་རྒན་གཞོན་དང་ཨུ་ཡོན་བསྡོམས་མི་གྲངས་བཅུ་བདུན་ཡོད། ཚན་པ་དེའི་འགན་དབང་ནི་ནང་སྒང་ཁོངས་ཀྱི་སེར་སྐྱ་ཞབས་འབྲིང་གསར་བསྐོ་དང་། གནས་སྤར་རམ་གནས་དབྱུང་། ལས་ཁུངས་ཁག་དང་རྫོང་གཞིས་ཁག་གི་མི་འགྲོ་བསྐོ་འཐེན་གྱི་སྙན་ཞུ་ཕུལ་ཏེ་ཕྱག་རྟགས་ཞུ་རྒྱུ། རྩེ་སྐོར་ལས་ཁུངས་ཕུད་དེ་མིན་ལས་ཁུངས་སམ་རྫོང་གཞིས་ཁག་ལ་སྤྱི་འདོམས་འགོ་ཁྲིད་བྱ་རྒྱུ། གཤམ་འོག་གི་ལས་དོན་སྙན་སེང་འབྱོར་རིགས་ཐག་བཅོད་བྱ་རྒྱུ་སོགས་དང་། ཕྱི་ཕྱོགས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་ལ་སྐབས་བསྟུན་སྙན་སེང་དགོངས་བསྐོར་ཞུ་འོས་རིགས་ཞུ་རྒྱུ་དང་། གཞིས་རྩེ་ཡན་ལག་ལས་དོན་ཨུ་ལྷན་དང་འབྲེལ་ཡོད་ལས་དོན་གང་ཅི་གྲོས་བསྡུར་གཉམ་ལས་བྱ་རྒྱུ། བོད་ས་གནས་སྲིད་གཞུང་དང་འབྲེལ་གཏུགས་གྲོས་མོལ་བྱ་རྒྱུ་སོགས་ཡིན། ནང་སྒང་གི་རྒྱུན་གཏན་ལས་དོན་ཆེ་ཕྲ་ཚང་མའི་གཙོ་སྐྱོང་ཐག་གཅོད་ཀྲུའུ་རེན་ཛ་སག་གཉིས་རང་ནས་གནང་བ་མ་གཏོགས་ ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་རྣམས་རྒྱུན་ཕེབས་དགོས་ཀྱི་མེད། མཐར་རབ་བྱུང་བཅུ་དྲུག་པའི་ལྕགས་གླང(༡༩༦༡)ལོའི་སྤྱི་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་ལྷ་སར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུད་རྒྱ་ཆེའི་གྲོས་ཚོགས་ཐེངས་བཞི་བཅུ་ཞེ་གཅིག་པའི་ཐོག་དེ་སྔའི་པཎ་ཆེན་ནང་སྒང་ཨུ་ཡོན་ལྷན་ཁང་གི་ལས་ཐམ་རྩིས་འབུལ་ཞུས་ཏེ་དེའི་ལོ་རྒྱུས་ལས་འགན་མཇུག་བསྒྲིལ་བའི་ཁྱབ་བསྒྲགས་བྱས་པ་དང་། ནང་སྒང་གི་ལས་ཐམ་ཨ་མ་ནི་ལི་མར་བརྐོས་པའིབླ་གྲང་རྒྱལ་མཚན་མཐོན་པོའི་སྲིད་འཛིན་ནང་སྒང་ཨུ་ཡོན་ལྷན་ཁང་གི་ཐམ་ཀཞེས་བོད་རྒྱ་ཡི་གེ་གཉིས་ལྡན་གྲུ་བཞི་ཆེན་པོ་གཅིག་དང་། རྒྱུན་སྤྱོད་ཐམ་ཀ་ཙནྡན་དམར་པོར་བརྐོས་པའིཔཎ་ཆེན་ནང་སྒང་ཨུ་ཡོན་ལྷན་ཁངཞེས་གྲུ་བཞི་ཆུང་བ་གཅིག་ཡོད།

language:
Tibetan