- de wi ko Ti/
- ID:
- T270999
- དེ་ཝི་ཀོ་ཊི (Tibetan, Tibetan script, Original)
- > de wi ko Ti/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dewi koti (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་བོད་སྐད་དུ་བསྒྱུར་ན་ལྷ་མོའི་མཁར་ཟེར་ཞིང།ང་། ཡུལ་འདི་ངོས་འཛིན་ཚུལ་མི་འདྲ་བ་ཡོད་པ་སྟེ། ༡འགའ་ཞིག་གིས་ཀོང་པོ་དང།ང་། དགས་པོ། ཀློ་ཡུལ་བཅས་གསུམ་འདུས་མཚམས་སུ་ཡོད་པའི་ཙཱ་རི་ལ་ངོས་འཛིན། ༢འགའ་ཞིག་གིས་ཙཱ་མརི་ནི་ཡུལ་ཉེར་བཞིའི་ནང་ཚན་དེ་ཝི་ཀོ་ཊིའི་གནས་ཚབ་ཡིན་པ་ལས་གནས་ངོ་མ་མ་ཡིན་པར། ངོ་མ་དེ་ནི་རྒྱ་གར་ཨ་སམ་གྱི་ཤར་ཕྱོགས་ཝརེནྡྲ་ལ་ཡོད་པའི་རི་བོ་ཏི་ར་ཕུལ་ཞེས་པ་དེ་ཡིན་གསུངས། ས་སྐྱ་པཎ་ཆེན་དང།ང་། ངོར་མཁན་ཆེན་བསོད་ནམས་ལྷུན་གྲུབ་སོགས་ས་སྐྱའི་མཁས་པ་རྣམས་ཀྱིས་བཀའ་བསྟན་འགྱུར་ནང་བཤད་པའི་ཙཱ་རི་ཏྲ་ནི་རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ཡོད་པའི་ཁུངས་རྒྱུ་མཚན་མང་པོ་དྲངས་ཏེ་གསུངས་ཡོད། ཞིབ་པར་ངོར་མཁན་ཆེན་གྱི་གསུང་རྩོམ《ཙཱ་རི་ཏྲ་དང་དེ་ཝི་ཀོ་ཊིའི་ཡུལ་གྱི་དགག་སྒྲུབ》ཞེས་པར་གསལ།
- language:
- Tibetan